རྐང་ཚ་རྫོང་གིས་དམངས་འཚོའི་བྱ་གཞག་ཐད་ཤུགས་བསྣན་པ།
མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལ་ཕན་པ་དང་དམངས་ལ་དྲོད་འཁོལ་སྦྱིན་པ། དམངས་ཀྱི་འདོད་བློ་དང་མཐུན་པ་བཅས་ཀྱི་ལས་དོན་བསྒྲུབས་པ་སོགས་མང་ཚོགས་ཀྱི་སེམས་ཁམས་དང་བསྟུན་ཅི་ཐད་བྱས་པ་དང་། “རྒན་པ་གཅིག་དང་བྱིས་པ་གཅིག”དང་སྤྱི་ཚོགས་རོགས་སྐྱོབ། པུར་འཇུག་བཅོས་སྒྱུར་སོགས་ཕྱོགས་མང་པོའི་ཐད་མུ་མཐུད་དུ་ནུས་ཤུགས་བཏོན་ནས་དམངས་འཚོའི་བྱ་གཞག་ཐད་ཤུགས་སྣོན་བྱས།
“རྒན་པ་གཅིག་དང་བྱིས་པ་གཅིག”ལ་དམིགས་ཏེ་རིམ་པ་མང་བའི་ཞབས་ཞུའི་མ་ལག་འཛུགས།“རྒན་པ་གཅིག་དང་བྱིས་པ་གཅིག”གི་ཞབས་ཞུའི་མ་ལག་ལམ་ལུགས་འཐུས་ཚང་དུ་བཏང་ནས། རྐང་ཚ་རྫོང་གིས་ནར་མ་སོན་པའི་བྱིས་པའི་སྲུང་སྐྱོང་ལས་དོན་མགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། ད་ལོ་ནས་བཟུང་དྭ་ཕྲུག་དང་དོན་དངོས་ནས་གསོ་སྐྱོང་བྱེད་མཁན་མེད་པའི་བྱིས་པར་འགན་ལེན་མ་དངུལ་སྒོར་ཁྲི8.94འགྲེམ་གཏོང་བྱས་པ་དང་། ལོ70ཡན་གྱི་རྒན་པར་ལོ་ན་མཐོ་བའི་ཁ་གསབ་སྒོར་ཁྲི84.73འགྲེམ་གཏོང་བྱས། “1+8+N”ཞེས་པའི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་ཧུར་ཐག་སྒོས་བྱས་ཏེ་སྲིད་གཞུང་གིས་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་སྟངས་ལ་བརྟེན་ནས་དཀའ་ངལ་ཡོད་པའི་རྒན་པར་ཟ་མ་རོགས་རམ་དང་། སྨན་བཅོས་རོགས་རམ་ཚབ་སྒྲུབ་བྱེད་རྒྱུ། ཁྱིམ་ཚང་གཙང་སྦྱོར། ལུས་པོ་ཁྲུས་རོགས་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱས་མཐར། དོན་དོངས་སྟེང་དཀའ་ངལ་ཡོད་པའི་རྒན་པའི་རྒན་གསོའི་དགོས་མཁོ་སྐོང་ཐུབ་པར་བྱས་པ་དང་། “བློ་གྲོས་རྒན་གསོའི་”སྟེགས་བུའི་རྒན་གསོའི་ཞབས་ཞུའི་ནུས་པ་སྤྱད་དེ“དྲ་སྦྲེལ+”ཡི་རྒན་གསོའི་ཞབས་ཞུའི་རྣམ་པ་འཚོལ་ཞིབ་བྱས་ཏེ་དྲ་ཐོག་གི་ཆ་འཕྲིན་དོ་དམ་དང་ཡུལ་དངོས་ཀྱི་ཞབས་ཞུའི་བགྲོད་ལམ་ཁྱོན་ཡོངས་ནས་བསྐྲུན།
དཀའ་ངལ་ཆེ་བའི་མང་ཚོགས་ལ་དམིགས་ཏེ་སྟུག་ཚད་ཆེ་བའི་འགན་སྲུང་དྲ་རྒྱ་བརྟན་པོ་འཛུགས་དགོས་པ་དང་། མིག་སྔའི་བར་རྫོང་ཡོངས་ཀྱིས་རོགས་སྐྱོབ་མ་དངུལ་ཁྱོན་སྒོར་ཁྲི905.11དང་། དབང་པོ་སྐྱོན་ཅན་གྱི“ཁ་གསབ་གཉིས”སྒོར་ཁྲི་38.18འགྲེམ་གཏོང་བྱས། ཤང་དང་གྲོང་རྡལ་ཁག་ཏུ་སོང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ལ་གྲལ་བཤེར་ཆེན་པོ་བྱེད་པའི་ལས་དོན་ཧུར་ཐག་སྒོས་རྩ་འཛུགས་བྱས་ཏེ། འགན་སྲུང་བྱས་མེད་པ་དང་རོགས་སྐྱོབ་ལུས་འདུག་པ་སོགས་ཀྱི་གནས་ཚུལ་འབྱུང་བར་སྔོན་འགོག་བྱས་ཐོག གཞི་རིམ་དུ་སོང་ནས་ཚོགས་སྤྱི་མི་འདྲ་བའི་ཁེ་ཕན་གྱི་རེ་འདུན་དང་། དོ་ཁུར་བྱ་ཡུལ་དང་ཟུང་འབྲེལ་བྱས་ཏེ་རྣམ་པ་མང་བ་དང་ཐབས་ལམ་མང་པོ། ཟུར་ཚད་མང་བ་བཅས་ཀྱི་དྲིལ་བསྒྲགས་གནད་འཁེལ་སྤེལ་བ་མ་ཟད། མང་ཚོགས་ཀྱིས་གོ་ཐུབ་པའི“ཡུལ་སྐད”སྤྱད་དེ་དམངས་སྲིད་ཀྱི་དམངས་ཕན་སྲིད་ཇུས་ཀྱི་ཕན་བདེ་གསལ་པོ་གསལ་འགྲེལ་བྱས་ནས་མང་ཚོགས་ཀྱི་ཤེས་རྟོགས་བྱེད་ཚད་མཐོ་རུ་བཏང་།
པུར་འཇུག་བཅོས་སྒྱུར་ལ་དམིགས་ཏེ་སྤུས་ཚད་མཐོ་བའི་པུར་འཇུག་ལས་རིགས་འཕེལ་རྒྱས་གཏོང་དགོས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་ཁྱབ་པའི་རིམ་པ་མང་བའི་པུར་འཇུག་རོགས་སྐྱོབ་འགན་སྲུང་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། དཀའ་ངལ་ཡོད་པའི་མང་ཚོགས་རིགས5ལ་གཞི་རྩའི་པུར་འཇུག་ཞབས་ཞུའི་འགྲོ་གྲོན་མི་ལེན་པ་དང་། མང་ཚོགས་ཀྱི་པུར་འཇུག་གི་ཁུར་པོ་སྔར་ལས་ཇེ་ཡང་དུ་བཏང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注