རྐང་ཚ་རྫོང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་།

ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི”ཡིན་པའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོབ་ལམ་སྲོལ་འཐུས་ཚང་དུ་བཏང་ལ། སྐྱེ་ཁམས་སྲུང་སྐྱོབ་ལམ་སྲོལ་འཛུགས་སྐྲུན་དང་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་། སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་བཅས་ཀྱི་ཐད་ཤུགས་བསྣན་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་འཐབ་ཇུས་དང་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་བསྐྲུན་རྒྱུར་སྐུལ་འདེད་བཏང་།

“སྐྱེ་ཁམས”ཀྱི་དགེ་མཚན་སྲ་བརྟན་དུ་བཏང་པ། མུ་རི་གཏེར་ཁུལ་སྤྱང་ཚང་དོང་ཁ་དང་པོ་དང་དེ་བཞིན་མདོ་ལ་རི་བོའི་ལྷོ་ངོས་མཚོ་བྱང་ཡུག་ཁུལ་རྐང་ཚ་དུམ་བུའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་བཏང་སྟེ། རྩྭ་ཐང་ཉམས་གསོ་དང་རྒྱལ་ཁོངས་ལྗང་སྒྱུར། ནད་འབུའི་གནོད་འཚེ་འགོག་བཅོས། ལོ་རྒྱུས་ཀྱི་ཤུལ་ལྷག་གཏེར་རི་བཅོས་སྐྱོང་། ཆུ་བོའི་བཞུར་རྒྱུན་བཅོས་སྐྱོང་སོགས་ཀྱི་ལས་གཞི་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཞིང་། ཆུ་མཚེའུ་ཡི“གང་བྱུང་བཞི་གཙང་སེལ”བྱེད་པའི་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་སྟེ། རོང་འབྲོག་པས་བྱི་བའི་གནོད་འཚེ་འགོག་སྲུང་དང་མེ་སྐྱོན་སྔོན་འགོག་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་པར་དྲིལ་སྒྲོག་དང་ཁྲིད་སྟོན་བྱས། ཆུ(མཚེའུ)དཔོན་ལམ་ལུགས་དང་ནགས(རྩྭ)དཔོན་ལམ་ལུགས་གཏིང་ཇེ་ཟབ་ཏུ་བཏང་སྟེ་སྐྱེ་ཁམས་མ་ལག་གཙང་སྒྱུར་དང་སྲུང་སྐྱོབ་བྱ་རྒྱུར་ཤུགས་བསྣན་ཞིང་། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱེད་པར་སྐུལ་འདེད་བཏང་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་བྱས།

“སྦགས་བཙོག་འགོག་པ”གཙོ་གནད་དུ་བཟུང་སྟེ་སྐུལ་འདེད་བཏང་པ། “སྦགས་བཙོག་ཆེན་པོ་གསུམ”འགོག་བཅོས་དང་འགག་སྒྲོལ་བྱེད་པ་དམ་འཛིན་བྱས་ཏེ། ས་རྡུལ་འཚུབ་པ་དང་ཕྱི་ནས་དངོས་རྫས་བསྲེགས་པ། བཟའ་སྣུམ་གྱི་དུ་བ་སོགས་ཀྱི་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ། མཁར་གྲོང་གི་གད་སྙིགས་རིགས་དབྱེ་དང་འགྱིག་བཟོ་བཀག་འགོག གསང་སྤྱོད་ཁང་སོགས་ཀྱི་ཆེད་དོན་འགུལ་སྐྱོད་ལ་སྐུལ་འདེད་བཏང་། བཏུང་བྱའི་ཆུ་ཁུངས་ལ་སྲུང་སྐྱོབ་བྱ་རྒྱུར་ཤུགས་ཆེ་རུ་བཏང་སྟེ་ལྟ་སྐུལ་དོ་དམ་བྱ་ཡུལ་གྱི་གཙོ་གནད་མཐའ་འཁོར་གྱི་ས་རྒྱུའི་ཁོར་ཡུག་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱས་ལ། བཙོག་ཆུ་དང་གནོད་ལྡན་གད་སྙིགས་ཀྱིས་ས་རྒྱུར་སྦགས་བཙོག་བཟོ་བ་སྔོན་འགོག་བྱས་པར་མ་ཟད། འབྲེལ་ཡོད་སྨན་བཅོས་སྙིགས་རྫས་དང་། རིམས་ནད་དང་འབྲེལ་བའི་གད་སྙིགས་ལ་གནོད་མེད་ཅན་གྱི་ཐག་གཅོད་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་གི་ས་རྒྱུར་འགན་ལེན་བྱས།

“སྐྱེ་ཁམས”འཛུགས་སྐྲུན་ལམ་སྲོལ་འཐུས་ཚང་དུ་བཏང་པ། དྲ་མིག་ཅན་གྱི་ཁོར་ཡུག་ལྟ་སྐུལ་དོ་དམ་ལག་བསྟར་ཇུས་གཞི་ཞིབ་ཚགས་བཟོས་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་འགན་ཁུར་ལམ་སྲོལ་དང་རོང་འབྲོག་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་ནུས་ལམ་སྲོལ་ཆ་ཚང་འཐུས་ཚང་དུ་བཏང་ཞིང་། སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་ཁུར་མཁན་དང་པོ་བྱེད་པ་དོན་འཁྱོལ་ནན་མོ་བྱས་ཏེ། “རྫོང་དུ་མགོ་ཁྲིད་ཚན་ཆུང་ཡོད་པ་དང་ཡུལ་ཚོ་རུ་གཞུང་ལས་ཁང་ཡོད་པ། སྡེ་བ་རུ་ལས་སྒྲུབ་རུ་ཁག་ཡོད་པ”བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ལམ་སྲོལ་བཙུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号