མཚོ་བྱང་ཁུལ་རྐང་ཚ་རྫོང་ཐོན་ལས་གསར་པའི་ཕྱོགས་སུ་སྐྱོད་དེ་འཕེལ་རྒྱས་ཀྱི་སྤུས་ཚད་ཇེ་མཐོར་བཏང་།
ཉེ་བའི་ལོ་ཤས་རིང་ལ། མཚོ་བྱང་ཁུལ་རྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བས་ཁུལ་ཨུའི“243”གྱི་འཕེལ་རྒྱས་བཀོད་སྒྲིག་དང་རྫོང་ཨུའི“1136”གི་བྱ་བའི་བསམ་ཕྱོགས་དང“གདོང་ལེན་གསུམ་བརྩོན་ལེན་བྱས་ནས་ལམ་བུ་གསུམ་གསར་དུ་གཏོད་པ”ཡི་སྡེ་བ་རིམ་པའི་འཕེལ་རྒྱས་དམིགས་ཚད་ལ་གཞིགས་ནས། ཚན་རིག་དང་མཐུན་པའི་འཕེལ་རྒྱས་ཀྱི་འཆར་གཞི་འགོད་པ་དང་ཁྱད་ལྡན་ཐོན་ཁུངས་གཏིང་ཟབ་སྔོག་འདོན་བྱེད་པ། ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཆེན་པོ་གཏོང་བ་བཅས་བྱས་ཏེ། དཀོན་ལོ་གོང་མ་སྡེ་བའི་མི་རིགས་གྲོང་སྡེ་དང་མི་རིགས་ཚོང་ལས་སྲང་ལམ། སྦྲ་གུར་སྒར་འདེབས། ཤིང་ཁང་ཆུང་ཆུང་། ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དངོས་སྦྱོང་རྟེན་གཞི། དེང་རབས་ཚན་རྩལ་འདེབས་འཛུགས་གསོ་སྤེལ་རྟེན་གཞི་སོགས་གཞི་གཅིག་ཏུ་འདུས་པའི་གྲོང་གསེབ་ཀྱི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ལས་བསྐྲུན་ཞིང་། གསར་བརྗེའི་ཉམས་ཞིབ་དང་ཁྱད་ལྡན་ཡུལ་སྐོར། ཕན་ནུས་ཆེ་བའི་ཕྱུགས་ལས་གསོ་སྤེལ། སྦི་རག་བསྙལ་བའི་ལས་སྣོན། ས་མེད་འདེབས་གསོའི་འབྲས་བུ་འཐུ་བ། ཕྱུགས་ཞོར་ཐོན་རྫས་ལས་སྣོན་སོགས་ཁྱབ་ཁོངས་མང་པོ་དཔུང་གཤིབ་ཀྱིས་འཕེལ་རྒྱས་གཏོང་སྟངས་ཤིག་ཆགས་ནས་མཛེས་སྡུག་ལྡན་པའི་གྲོང་གསེབ་ཀྱི“རྣམ་པ”དེ་ལྗང་མདོག་དཔལ་འབྱོར་གྱི“རིན་ཐང”དུ་བསྒྱུར།
ཕུགས་རྒྱང་རིང་བའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་དཀའ་གནད་ལས་གྲོལ་བར་སྐུལ་འདེད་བཏང་། གཙོ་གནད་ལས་གཞི་བྱ་བའི་ཆེད་གཉེར་འཛིན་གྲྭ་བཙུགས་པའི་གོ་སྐབས་དང་ཟུང་འབྲེལ་བྱས་ནས《རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བའི་འཛུགས་སྐྲུན་འཆར་འགོད》དང་། 《དཀོན་ལོ་གོང་མ་སྡེ་བའི་འཛུགས་སྐྲུན་འཆར་འགོད〈ལས་གཞི་གལ་ཆེན་ཇུས་འགོད〉 》དང་། 《རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བའི་གྲོང་ཚོ་འཆར་འགོད》བཅས་གཞིར་བཟུང་སྟེ། ཁོངས་མི་ཚན་པའི་ལས་འགན་དང་དམིགས་འབེན་གྱི་མྱུར་ཚད། འགན་སྲུང་བྱེད་ཐབས་བཅས་སྔར་བས་ཁ་གསལ་བཟོས་པར་མ་ཟད། དུས་བཅད་བཀོད་གཏོང་དང་ཡུལ་དངོས་སུ་གཞུང་དོན་སྒྲུབ་པ། རྗེས་འདེད་ལྟ་སྐུལ་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་སྔོན་གྱི་འགྲོ་ལུགས་སྒྲུབ་པའི་དཀའ་གནད་དང་མ་དངུལ་དོན་ཐོག་ཏུ་འཁྱོལ་བའི་དཀའ་གནད། ལས་གཞི་སྐུལ་འདེད་དོ་དམ་གྱི་དཀའ་གནད་སོགས་ཞིབ་འཇུག་དང་ཐག་གཅོད་བྱས་ཏེ་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཕན་འབྲས་ལ་སྐུལ་འདེད་གཏོང་བ་དང་། ཚད་གཞི་དང་སྤུས་ཚད་མཐོ་བའི་ལས་གཞི་འཛུགས་སྐྲུན་གྱི་དུས་མགོའི་འཆར་འགོད་ལ་སྐུལ་འདེད་བཏང་།
འཐབ་ཇུས་རང་བཞིན་གྱི་བཀོད་སྒྲིག་རྒྱུན་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་། མིག་སྔར་དཀོན་ལོ་གོང་མ་སྡེ་བའི་འཛུགས་སྐྲུན་ལས་གཞི་ལས་བཟོ་སྐྲུན་ཁག7གྲུབ་ནས་ཞིབ་བཤེར་རྩིས་ལེན་བྱས་པ་དང་བཟོ་སྐྲུན་ཁག3ལས་མགོ་ཚུགས། ལས་གཞི་ཁག6གྲ་སྒྲིག་བྱས་ནས་ལག་ལེན་དུ་བསྟར། ཇུས་གཞི་ཁག5བཟོས་ཤིང་ལས་གཞི1བརྩོན་ལེན་བྱས། དེའི་ནང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་དངོས་སྦྱོང་རྟེན་གཞི་འཛུགས་སྐྲུན་ལས་གཞི་དང་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་དེང་རབས་ཚན་རྩལ་འདེབས་འཛུགས་གསོ་སྤེལ་འཛུགས་སྐྲུན་ལས་གཞི། འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་སྤུས་དག་སྦི་རག་ཐོན་ལས་གྲོང་གསེབ་དར་སྤེལ་དཔེ་སྟོན་ས་ཚིགས་འཛུགས་སྐྲུན་ལས་གཞི་སོགས་བེད་སྤྱོད་བཏང་བས་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་ངང་སྟོབས་ཆེར་གཏོང་བ་དང་སྡེ་མི་ཐུན་མོང་གི་ཡོང་འབབ་འཕར་བར་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་མི་རིགས་གྲོང་སྡེ(དཔེ་སྟོན་སྡེ་བ)འཕེལ་རྒྱས་ལས་གཞི། འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་རིག་ནུས་ཅན་གྱི་རླངས་འཁོར་འཇོག་གནས་འཛུགས་སྐྲུན་ལས་གཞི། དཀོན་ལོ་གོང་མ་སྡེ་དམངས་ཕྱོགས་བསྡུས་ལྟེ་གནས་འཛུགས་སྐྲུན་ལས་གཞི། འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བའི་དམངས་སྲོལ་སྤྲོ་གསེང་དང་མང་ཚོགས་ཀྱི་གར་སྟེགས་ཆེན་པོ་འཛུགས་སྐྲུན་ལས་གཞི་སོགས་གཞི་རྩའི་ཆ་ནས་མཇུག་སྒྲིལ་བའི་དུས་མཚམས་སུ་སླེབས་ཏེ། དཀོན་ལོ་གོང་མ་སྡེ་བའི་རྨང་གཞིའི་སྒྲིག་བཀོད་ཀྱི་ཆ་རྐྱེན་སྔར་ལས་འཐུས་ཚང་དུ་བཏང་བ་དང་སྡེ་བ་ཡོངས་ཀྱི་བསམ་པའི་རིག་གནས་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་བར་གཅིག་གྱུར་འཆར་འགོད་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། ནུས་ཤུགས་ཡོད་རྒུས2024ལོའི་ཡུལ་སྐོར་གྱི་དུས་ཚིགས་ཡག་ཤོས་ལ་གྲ་སྒྲིག་བྱ་ཆེད། དཀོན་ལོ་གོང་མ་སྡེ་བར་སྤྲོ་གསེང་གྲོང་སྡེ་དང་སྦྲ་གུར་སྒར་འདེབས། དམངས་སྲོལ་ཉམས་ལེན་རྟེན་གཞི། དེ་བཞིན་རང་འཁོར་སྒར་འདེབས་བཅས་སྒྱུར་བཀོད་རིམ་སྤོར་བྱེད་བཞིན་ཡོད་པ་དང་ཁྱིམ་ཚང་རྣམ་པའི་ཚོང་ལས་དཔེ་རྣམ་གསར་པ32ལ་ལས་རྣམ་ཇུས་འགོད་དང་གསར་གཏོད་བྱེད་མཁན་བསྡུ་བཞིན་ཡོད་པས། ཡུལ་སྐོར་བ་སྣེ་ལེན་བྱེད་པའི་ནུས་པ་རྒྱུན་ཆད་མེད་པར་ཇེ་ཆེར་འགྲོ་བ་དང་དེ་བཞིན་ལས་རྣམ་གསར་པའི་ཁྱབ་འགྱེད་སྐུལ་ཁྲིད་ནུས་པར་བརྟེན་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི“འཕེལ་རྒྱས་སྤུས་ཚད”དང“ཁྲག་བསྐྱེད་ནུས་པ”སྔར་བས་ཇེ་ཆེར་བཏང་སྟེ། སྡེ་དམངས་ལས་ཞུགས་ཐུབ་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁེ་སྤོགས་རྒྱུན་མཐུད་ངང་ལོངས་སྤྱོད་ཐུབ་པར་གསར་གཏོད་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད།
ཁྱོན་ཡོངས་རང་བཞིན་གྱི་འཆར་འགོད་རྒྱུན་འཁྱོངས་བྱས་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཕྱུག་འགྱུར་གྱི་དམིགས་འབེན་མངོན་འགྱུར་བྱས། “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་གཞིར་བཟུང་ཞིང་། “བཟོ་སྐྲུན་ཁྲི་སྟོང”གི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་བྱ་རྒྱུ་སྣེ་ཁྲིད་དུ་བྱས་ཏེ་འོམ་ཆུ་གྲོང་རྡལ་ཏང་ཨུ་དང་གྲོང་རྡལ་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོས་རང་གིས་དངོས་སུ་གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བྱ་རྒྱུ་རྒྱུུན་འཁྱོངས་ཀྱིས་ལྟ་སྦྱོང་སློབ་སྦྱོང་དང་ཡུལ་དངོས་སུ་བརྗེ་རེས། ཉམས་མྱོང་སྤྱི་བསྡོམས་སོགས་ཀྱི་བྱེད་སྟངས་བརྒྱུད་དེ་ཕྱོགས་ཡོངས་ནས་དཀོན་ལོ་གོང་མ་སྡེ་བའི་དུས་འཁོར་ཧྲིལ་པོའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་ཇུས་འགོད་བྱས་ཏེ། ཞིང་ཕྱུགས་ཐོན་རྫས་མཁོ་སྤྲོད་འགན་སྲུང་ནུས་པ་ཆེས་ཆེར་ཕྱིན་པ་དང་ཐོན་ལས་གསར་པའི་སྤུས་ཚད་ཕན་འབྲས་དང་འགྲན་རྩོད་ནུས་པ་བརྟན་པོའི་ངང་ཇེ་ཆེར་ཕྱིན་པ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྤྱི་པའི་ཞབས་ཞུའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། དེང་རབས་ཀྱི་གྲོང་གསེབ་བཅོས་སྐྱོང་མ་ལག་ཐོག་མར་འཛུགས་པ་བཅས་བྱས་ནས། གནས་གཅིག་གིས་ཁྱོན་ཡོངས་ཁྲིད་པ་དང་གྲོང་རྡལ་ཡོངས་ལ་ཁྱབ་པར་བྱས། ཟི་ལིང་གྲོང་ཁྱེར་མཁར་ཤར་ས་ཁུལ་དང་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་དུ་བསྐྱོད་དེ་སྦུ་རག་ཐོན་ལས་འཁོར་བསྐྱོད་རྣམ་པར་ལྟ་སྦྱོང་བྱས་པ་དང་། རྐང་ཚ་རྫོང་གི་ཏང་སྲིད་རྟོག་ཞིབ་ཚོགས་པར་འགྲོགས་ནས་ཀྲེ་ཅང་དང་ཅང་ཞི། ཀོང་ཏུང་། ཧུའུ་ནན་སོགས་སུ་བསྐྱོད་དེ་ཐོན་ལས་དང་གྲོང་གསེབ་ཡུལ་སྐོར་གྱི་སྔོན་ཐོན་བྱ་བའི་ཉམས་མྱོང་སློབ་སྦྱོང་བྱས་པ་དང་། ཞིང་ཆེན་ཚོང་ལས་ཐིང་གློག་རྡུལ་ཚོང་དོན་ཁྲུའུ་རུ་བསྐྱོད་དེ་སྡེ་བ་རིམ་པའི་གློག་རྡུལ་ཚོང་དོན་ཐད་གཏོང་གསོ་སྐྱོང་རྟེན་གཞི་འཛུགས་སྐྲུན་མཐུན་སྦྱོར་དོན་ཐོག་ཏུ་འཁྱོལ་བ་དང་། པེ་ཅིན་གྲོང་ཁྱེར་དུ་བསྐྱོད་དེ་རྒྱལ་ཡོངས་མཁོ་འཚོང་སྤྱི་ཁྱབ་ཁང་དང་ཐོན་ལས་འབྲེལ་ཐག་ཡོངས་ཀྱི་ལས་དོན་ཨུ་ལྷན་སྤྱི་ཁྱབ་པུའུ་ལ་འཚམས་འདྲི་བྱས་ནས་གློག་རྡུལ་ཚོང་དོན་དཔེ་རྣམ་ལ་སྐུལ་འདེད་གཏོང་བ་དང་ནགས་འོག་དཔལ་འབྱོར་ནང་འདྲེན་བྱེད་པ། སྐྱེ་ལྡན་ལུད་རྫས་ལས་སྣོན་བྱེད་པ་སོགས་ཀྱི་ཐད་ལ་རོགས་འདེགས་སྒོས་ཐོག་མའི་གཅིག་མཐུན་ལྟ་བ་བྱུང་ཞིང་། དེ་དང་ཆབས་ཅིག་ཏུ་པེ་ཅིན་ཏ་ཞིན་གནམ་གྲུ་ཐང་དུ་རྐང་ཚའི་ཞིང་ཕྱུགས་ཐོན་རྫས་འགྲེམ་སྟོན་ཚོང་ཁང་འཛུགས་པའི་བྱ་བ་དེ་པེ་ཅིན་རུའེ་ཐུང་ཚོང་དོན་འཁོར་རྒྱུག་ཚད་ཡོད་སྤྱི་གཉེར་ཁང་དང་ཐོག་མའི་མོས་མཐུན་བྱུང་། རྟོག་ཞིབ་སློབ་སྦྱོང་དང་འཚམས་འདྲིའི་གྲུབ་འབྲས་ཟུང་འབྲེལ་བྱས་ཏེ《འོམ་ཆུ་གྲོང་རྡལ་གྱི་དཀོན་ལོ་གོང་མ་སྡེ་བའི་གྲོང་གསེབ་དར་སྤེལ་ཆེད་དམིགས་བྱ་བར་སྐུལ་འདེད་གཏོང་བའི་འགུལ་སྐྱོད་ཇུས་གཞི》དང《འོམ་ཆུ་གྲོང་རྡལ་གྱི“མངགས་བཅོལ་ཡིད་ལ་བརྟན་པོར་བཅངས་ནས་ནུས་ཤུགས་མཉམ་འདོན་དང་འབད་འབུངས་ཡར་བརྩོན་གྱིས་ལེའུ་གསར་བ་རྩོམ་པའི”མུ་འབྲེལ་བྱེད་སྒོའི་ལག་བསྟར་ཇུས་གཞི》དུས་ཐོག་ཏུ་གྲུབ་པ། 《འོམ་ཆུའི་ཞིང་ཕྱུགས་དང་གཟུགས་འདས་ཤུལ་བཞག་རིག་གནས་ཐོན་རྫས་ངོ་སྤྲོད་ཚོགས་འདུ་སྐབས་གཉིས་པའི་ལག་བསྟར་ཇུས་གཞི》དང 《དཀོན་ལོ་གོང་མ་སྡེ་བའི་གྲོང་གསེབ་ཡུལ་སྐོར་གྱི་ཟི་ལིང་གི་ངོ་སྤྲོད་ཚོགས་འདུའི་ལག་བསྟར་ཇུས་གཞི》སོགས་དུས་གཅིག་ཏུ་ཞིབ་ཚགས་སུ་བཏང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注