ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

ཟླ5པའི་ཚེས15ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས67པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་གྲྭའི་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་བྱེད་པ་དེ་ཏང་གིས་སློབ་གསོའི་བྱ་བར་མགོ་ཁྲིད་བྱེད་པའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ“མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་མི་ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ”བཅས་ཀྱི་རྩ་བའི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་དུས་རབས་གསར་པའི་བསམ་བློ་ཆབ་སྲིད་སློབ་གསོའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས། བསམ་བློ་ཆབ་སྲིད་སློབ་ཚན་ཆུང་བ་དང་སྤྱི་ཚོགས་ཀྱི་སློབ་ཚན་ཆེན་པོ་ཟུང་འབྲེལ་བྱས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་གཏོང་རྒྱུ་དེ་རང་འགན་དུ་བརྩིས་ནས་མཚོ་བྱང་གི་ཐུན་མོང་མ་ཡིན་པའི་གསར་བརྗེའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ་མཚོ་བྱང་གི་ཁྱད་ཆོས་ལྡན་པའི་སློབ་གྲྭ་ཆུང་འབྲིང་གི“གསར་བརྗེའི་ཉམས་ཞིབ”ཀྱི་སློབ་ཚན་ཆེན་པོ་གཏོད་དགོས། དགེ་རྒན་གྱི་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་འཐབ་ཕྱོགས་དང་པོའི་དགེ་རྒན་དང་ལས་བཟོ་བ། ཆེད་ལས་དཔུང་ཁག སློབ་དཔྱོད་མི་སྣ། སྤྱི་ཚོགས་མི་སྣ། སློབ་མའི་ཁྱིམ་བདག་བཅས་ཀྱི“སྟོབས་ཤུགས་ལྔ”གཅིག་གྱུར་འཆར་འགོད་བྱས་ཏེ་ལས་མི་ཡོངས་ཀྱིས་མི་གསོ་སྐྱོང་བྱེད་པའི་བསམ་བློ་ཆབ་སྲིད་བྱ་བའི་རྣམ་པ་བསྐྲུན་ནས་བསམ་བློ་ཆབ་སྲིད་སློབ་ཚན་འཛུགས་སྐྱོང་བྱེད་པའི་སྟོབས་ཤུགས་ཆེན་པོ་ཆགས་པར་སྐུལ་འདེད་གཏོང་དགོས་ཟེར།        

ཚོགས་འདུའི་ཐོག་བསྟན་དོན། ཞི་ཅིན་ཕིང་གིས་ཀོང་ཏུང་མེ་ཀྲོའུ་གྲོང་ཁྱེར་མེ་ཏ་མྱུར་བགྲོད་གཞུང་ལམ་གྱི་ཁྲ་དབྱང་ལམ་དུམ་རྡིབ་པའི་གནོད་འཚེའི་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཆང་གིས་བཏོན་པའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ཏེ“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲི་འཁུར་སེམས་རྒྱུན་འཁྱོངས་བྱས་ནས་ཉེན་ཁ་སྔོན་འགོག་དང་བདེ་འཇགས་འགན་ལེན། བརྟན་ལྷིང་སྲུང་སྐྱོང་བཅས་ཀྱི་བྱ་བ་སོ་སོར་དམ་འཛིན་ཞིབ་ཚགས་བྱས་ཏེ་འགོག་སྲུང་འཛིང་རགས་བརྟན་པོ་དང་མ་མཐའི་མཚམས་ཐིག་རྒྱུན་འཁྱོངས་བྱེད་དགོས། མྱུར་བགྲོད་གཞུང་ལམ་དང་རྒྱལ་ལམ315། ལྕགས་ལམ་ལམ་རྒྱུད། གྲོང་གསེབ་བགྲོད་ལམ་སོགས་ཀྱི་གཙོ་གནད་ལ་དམིགས་ནས“མི་བྱེད་པ་བཞི་དང་ཐད་སྐྱོད་གཉིས”སོགས་ཀྱི་བྱ་ཐབས་སྤྱད་དེ་དྲ་བའི་རྣམ་པའི་བརྟག་དཔྱད་གཏིང་ཟབ་དང་ཞིབ་ཚགས་བྱས་ནས་ཞན་ཆ་དང་ཉེན་ཁ་ཆེ་བའི་གནས་བཙལ་ཏེ་མཐའ་གཅིག་ཏུ་དག་ཐེར་ལེགས་པོ་བྱེད་དགོས།  མི་ཚོགས་འདུས་པའི་གནས་ཡུལ་གཙོ་བོ་དང་དུས་མཚམས་གཙོ་བོ། ཁྱབ་ཁོངས་གཙོ་བ། བདེ་འཇགས་ལྟ་སྐུལ་དོ་དམ་སྒྲིག་སྲོལ་འཐུས་ཚང་དུ་བཏང་ནས་བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་རིམ་པ་རེ་རེ་བཞིན་སྲ་བརྟན་དུ་བཏང་སྟེ་ཉེན་ཁ་སྔོན་འགོག་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་སྟེ་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་གང་ཐུབ་བྱེད་དགོས། གནམ་གཤིས་འགྱུར་ལྡོག་ལ་བརྟག་དཔྱད་ཞིབ་མོ་བྱས་ཏེ་གནམ་གཤིས་ཀྱི་འགྱུར་བ་ལྟར་གནོད་འཚེ་སྣ་ཚོགས་སྔོན་འགོག་སོགས་ཀྱི་བྱ་བ་སོ་སོ་ཕྱོགས་ཡོངས་ནས་ཡག་པོར་བསྒྲུབ་དགོས་ཟེར། 

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཟླ4པའི་ཚེས30ཉིན་ཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གིས་མིག་སྔའི་དཔལ་འབྱོར་དུས་བབ་ལ་ཚན་རིག་དང་མཐུན་པའི་བརྡར་ཤ་བཅད་པ་དང་གོམ་སྟབས་རྗེས་མའི་དཔལ་འབྱོར་བྱ་བའི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཏན་ཏིག་ཡོང་པར་བྱས་ནས། ཡིད་ཆེས་བརྟན་གཏོང་དང་། ཁུལ་རིམ་པའི་མགོ་ཁྲིད་ཀྱིས་འགན་གཙང་ལེན་གྱི་ལས་གཞི་གལ་ཆེན་གྱི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་པ། ཁྱབ་ཁོངས་གལ་ཆེན་དང་ལས་གཞི་གལ་ཆེན་ལ་དམིགས་པ། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་དང་སྙན་ཞུ་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་པ། ལས་གཞི་སྔར་ལས་མང་པ་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གང་མགྱོགས་གཏོང་པ། དཔལ་འབྱོར་བསྐྱར་འཕར་དང་ལེགས་ཕྱོགས་སུ་འཕེལ་ཚུལ་རྒྱུན་མཐུད་ངང་སྲ་བརྟན་དང་ཇེ་ཆེར་གཏོང་པ་བཅས་བྱེད་དགོས། ཁུལ་ཡོངས་ཀྱི་ས་གནས་བུན་འཁྲིའི་ཉེན་ཁ་སྔོན་འགོག་དང་སེལ་བའི་བྱ་བའི་བརྙན་ལམ་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ"བསྐྱིས་པ་དང་སྤྱོད་པ། དོ་དམ། ཕྱིར་སྤྲོད"བཅས་ཀྱི་འགག་རྩའི་ལྷུ་ཚིགས་བཞི་ལ་དམ་པོར་དམིགས་ནས་ཕུགས་ཕན་ལྟ་སྐུལ་དོ་དམ་ལམ་སྲོལ་འཐུས་ཚང་དུ་གཏོང་པ་དང་ཐབས་ལམ་མང་པོའི་ཐོག་ནས་མ་དངུལ་གྲབས་གསོག་བྱས་ཏེ། བསགས་འབོར་བུན་འཁྲི་སེལ་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་ཆེད་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་ཟེར།

ཚོགས་འདུའི་ཐོག་ཞིང་ཆེན་ཡོངས་ཀྱི་སྐོར་གཟིགས་སྐོར་ཞིབ་བྱ་བའི་ཚོགས་འདུ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་རེས་སྐོར་ལྔ་པའི་སྐོར་གཟིགས་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དང་ཟུང་འབྲེལ་གྱིས་ཆབ་སྲིད་སྐོར་ཞིབ་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་ཕྱོགས་ཡོངས་སུ་ཏང་ནན་གྱིས་སྐྱོང་རྒྱུ་གཏིང་ཟབ་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། "དམིགས་པ་བཞི"ཡི་ལྟ་སྐུལ་གཙོ་གནད་དམ་འཛིན་བྱས་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རེས་སྐོར་ལྔ་པ་དང་དྲུག་པའི་སྐོར་ཞིབ་བྱ་བ་སྒྲིག་འཛུགས་དང་ལག་བསྟར་ཡག་པོ་བྱས་ཏེ་སྤུས་ཚད་མཐོ་ལ་ལས་ཕྱོད་ཆེ་བའི་སྒོ་ནས་ལེགས་གྲུབ་ཡོང་བར་འགན་ལེན་བྱེད་དགོས། བཅོས་སྒྲིག་གི་ལྟ་སྐུལ་འགན་འཁྲི་ལག་བསྟར་ནན་ཏན་བྱས་ཏེ་རྒྱུན་ལྡན་གྱི་ལྟ་སྐུལ་ལ་ཤུགས་སྣོན་པ་དང་གཅིག་བསྡུས་ཀྱིས་ཞིབ་བཤེར་སྤེལ་ཏེ། བཅོས་སྒྲིག་གི"རྩོམ་ཡིག་ཕྱི་མ"ལེགས་པར་སྒྲུབ་པར་སྐུལ་འདེད་གཏོང་དགོས་པ་དང་། སྐོར་གཟིགས་སྐོར་ཞིབ་ཀྱི་ཚུར་ལན་གནད་དོན"མཐིལ་རྟོགས"དང"གཙང་བཟོ"ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན། 

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཞིང་ཆེན་སྒྲིག་ཨུའི་ཧྲུའུ་ཅི་ལིག་མེ་ཕིན་གྱིས་མཚོ་བྱང་དུ་བརྟག་ཞིབ་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་དགོས་པ་དང་། དགོངས་དོན་གྱི་ངོ་བོ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ་དོན་ཚན་རེ་རེ་དང་རྣམ་གྲངས་རེ་རེ་བཞིན་བྱ་བའི་བླང་བྱ་བཏོན་ནས་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ལག་བསྟར་དོན་འཁྱོལ་གྱི་བྱ་ཐབས་བཟོས་ཏེ་དོན་འཁྱོལ་ལ་དམ་འཛིན་ནན་ཏན་བྱེད་དགོས། བྱ་བའི་ཁྲོད་ཀྱི་ཧེ་བག་དང་མི་འདང་ས་རང་འགུལ་ངང་འཚོལ་ཞིབ་བྱས་ཏེ་གཅིག་ཤེས་ཀུན་གྲོལ་དང་འགན་འཁྲི་འཁུར་ཤུགས་ཆེ་རུ་བཏང་ནས་བྱ་བ་སོ་སོར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ཀྱི་ཉེ་འགྲམ་དུ་ཐོན་པའི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཏེ་སྤྱོད་གཙང་རིག་གནས་འཛུགས་སྐྱོང་གི"གདོང་ལེན་གཡུལ་ས"9འཛུགས་སྐྲུན་དང་བེད་སྤྱོད། དོ་དམ་ཡག་པོ་བྱས་ནས་མཚོ་བྱང་གི"སྐྱེ་ཁམས་གཉིས"སྲུང་སྐྱོང་ཡག་པོ་བྱེད་དགོས་ཟེར།

ཚོགས་འདུའི་ཐོག《མཚོ་བྱང་ཁུལ་གྱི་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གཏོད་པའི་བྱ་བའི་ལག་བསྟར་ཇུས་གཞི》དང《མཚོ་བྱང་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཕན་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བའི་ལོ་གསུམ་གྱི་འགུལ་སྐྱོད་ལག་བསྟར་ཇུས་གཞི(2024ལོ་ནས2026ལོ་བར)》སོགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས།    

ཚོགས་འདུའི་ཐོག་འབྲེལ་ཡོད་དོན་དག་གཞན་ལ་ཞིབ་འཇུག་བྱས། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号