མཚོ་སྔོན་མདའ་བཞིས་བོད་ལུག་ཚབ་འཚོ་བྱེད་པའི་འཚོ་སྐྱོང་ཐོན་ལས་ཀྱི་རྣམ་པ་གསར་བ་སྤེལ།

ཉེ་ཆར། ཝ་མགྱོགས་ཡུལ་ཚོ་ཆུ་ཁོལ་སྡེ་བའི་བོད་ལུག་ལྟེ་བའི་ཚོགས་པ་གསོ་སྤེལ་ཁྱིམ་ཚང་གི་ལུ་གུ947མདའ་བཞི་རྫོང་གི་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་རྟེན་གཞིའི་ནང་གསོ་སྤེལ་ཚབ་འཚོ་བྱས་ཏེ་མདའ་བཞི་རྫོང་གི་བོད་ལུག་ཐོན་ལས་ཀྱི“ཁྱིམ་ཚང་གསོ་སྤེལ”རྣམ་པར་ལེའུ་གསར་པ་ཞིག་གི་སྒོ་ཕྱེ་ནས་ལུ་གུ་ཚབ་འཚོ་བྱེད་མགོ་བརྩམས།

ཉེ་བའི་ལོ་ཤས་རིང་། ལུག་ཤའི་ཁྲོམ་ར་མི་བཟང་བ་དང་རྒྱ་ཆེའི་སྒེར་གསོ་ཁྱིམ་ཚང་གི་ལུ་གུ་ཕྱིར་ཚོང་བྱེད་དཀའ་བ། ཐོན་སྐྱེད་འཚོ་ཡུན་རིང་པ། ཕྱུགས་རིགས་གསོ་སྤེལ་གྱི་རང་བྱུང་རྩྭ་རས་མི་འདང་བའི་གནོན་ཤུགས་ཆེ་རུ་ཕྱིན་པ། གཟན་ཆས་སྟེར་བའི་མ་དངུལ་མཐོ་བ་བཅས་ཀྱི་གནད་དོན་ཉིན་བཞིན་མངོན་གསལ་དོད་པས་ཆེ་རུ་འགྲོ་བཞིན་ཡོད་པས། མདའ་བཞི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་ལུ་གུ་ཕྱིར་ཚོང་དཀའ་ངལ་ཐག་གཅོད་བྱེད་པ་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཞིང་ཕྱུགས་སྡེ་ཁག་གིས་ཐག་གཅོད་བྱེད་པའི་གནད་དོན་ཨང་དང་པོར་བཞག་པ་དང་། མདའ་བཞི་རྫོང་ཞིང་ཕྱུགས་ཆུ་བེད་ཚན་རྩལ་དང་གྲོང་གསེབ་དར་སྤེལ་ཅུས་ཀྱིས་དུས་བབ་ལ་དབྱེ་ཞིབ་བྱས་ཏེ་རྫོང་ཡོངས་ཀྱི་མཐོ་སྒང་བོད་ལུག་ལྟེ་བའི་ཚོགས་པ་འཛུགས་སྐྲུན་ལས་གཞི་དང་མཚོ་སྔོན་སློབ་ཆེན་གྱི་ནུས་མཐོའི་གསོ་སྤེལ་ལས་གཞི་དང་ཟུང་འབྲེལ་བྱས་ཏེ“མང་ཚོགས་ཀྱི་ཁེ་ཕན་འགན་ལེན་བྱེད་པ་དང་། ལུ་གུ་གཅིག་སྡུད་ཚབ་འཚོའི་གསོ་སྤེལ་བྱེད་པ་པ་དང་བདེ་ཐང་གསོ་སྤེལ་བརྒྱུད་སྤུས་ལེགས་གོང་བཟང་གིས་ཕྱིར་ཚོང་བྱས་རྗེས་ཁེ་སྤོགས་ཕྱིར་སློག་བྱེད་པའི”བསམ་ཕྱོགས་གཏན་འཁེལ་བྱས་ནས་ཕྱུགས་ལས་གསོ་སྤེལ་ཁ་ཕྱོགས་སྒྱུར་པ་དང་རིམ་སྤར་བྱེད་པ། ལུ་གུ་ཚབ་འཚོ་གསོ་སྤེལ་བྱེད་པ་བརྒྱུད་ངལ་རྩོལ་ནུས་ཤུགས་ལྷག་མ་སྤོ་སྒྱུར་བྱས་ནས་གསོ་སྤེལ་ཁྱིམ་ཚང་གི་ཡོང་སྒོ་འཕར་བར་ཐབས་ལམ་གསར་པ་འཚོལ་ཞིབ་བྱས།

2021ལོ་ནས་བཟུང་རྫོང་ཡོངས་ཀྱིས་རིམ་རྩིས་བྱས་ན་མཐོ་སྒང་བོད་ལུག་གི་ལྟེ་བའི་ཚོགས་པ284བཙུགས་ནས་སྤུས་ལེགས་མ་མོ་ཁྲི6ལྷག་ཙམ་གདམ་གསེས་བྱས་ཤིང་མཚོ་སྔོན་སློབ་ཆེན་གྱི་ལུག་ཐོན་ལས་ལས་སྟེགས་ཀྱིས་ཞིབ་འཇུག་གསར་སྤེལ་བྱས་པའི་ནུས་མཐོའི་གསོ་སྤེལ་ལག་རྩལ་སྤྱད་དེ་ནུས་མཐོའི་འཚོ་སྐྱོང་བྱས། ད་ལོར། སྔ་མོ་ནས་མ་མོར་ཁ་བཀར་བའི་ལུ་གུ་ཁྲི5.4ཡན་ཟིན་པ་དང་ཐེངས་འདིའི་འཆར་གཞི་ལྟར་གསོ་སྤེལ་ཚབ་འཚོ་བྱེད་རྩིས་ལུ་གུ་ཁྲི1ཡན་ཟིན་ཞིང་། མང་ཚོགས་ཀྱི་མཐོ་སྒང་བོད་ལུག་ལུ་གུ་ཕྱིར་ཚོང་དཀའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་དང་དུས་མཚུངས་མདའ་བཞི་རྫོང་གི་ཕྱུགས་ལས་རིགས་སྒྱུར་རིམ་སྤོར་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ་བོད་ལུག་ཐོན་ལས་ཚད་ལྡན་ཐོན་སྐྱེད་དང་ལུག་ཤའི་སྤུས་ཚད་མཐོ་རུ་བཏང་བ། ཐོན་རྫས་ཕྱིར་ཚོང་བྱེད་རྒྱ་ཆེ་རུ་བཏང་བ། མཐོ་སྒང་བོད་ལུག་ཐོན་ལས་ཁྲོད་ཀྱི་གནད་དོན་དངོས་ཐག་གཅོད་ཏན་ཏིག་བྱས་པ། ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་དང་གསོ་སྤེལ་ཕན་འབྲས་ཆེ་རུ་བཏང་ནས་ལྗང་མདོག་སྐྱེ་ལྡན་ཕྱུགས་ལས་ཐོན་རྫས་སྣེ་ཁྲིད་ཁུལ་དང་ཕྱུགས་ལས་རིགས་སྒྱུར་རིམ་སྤོར་བྱེད་པར་རྨང་གཞི་བརྟན་པོ་བཏང་ནས་གྲོང་གསེབ་དར་སྤེལ་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་།

ཀླུ་མགོན་རྒྱལ་གྱིས་བསྒྱུར། 

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号