ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་དང་མདོ་ལ་རྫོང་དུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་སྐབས་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་ཡག་པོ་ཞིག་དབུལ་དགོས་པ་ནན་གྱིས་བསྟན།
ཟླ5པའི་ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་དང་མདོ་ལ་རྫོང་དུ་བསྐྱོད་དེ་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། གཞི་རིམ་གྱི་རྨང་གཞིའི་བྱ་བ་སོགས་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་ནས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པར་དམིགས་ཏེ། དམིགས་ཚད་ལས་འགན་སྔར་ལས་གཏན་འཁེལ་དང་དངོས་སྒྲུབ་དམ་འཛིན་ལ་ཤུགས་སྣོན་པ། དཀའ་གནད་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་ཡག་པོ་ཞིག་དབུལ་དགོས་ཟེར། རྐང་ཚ་རྫོང་ཚེ་ཐར་ཐོན་ལས་གླིང་ཁུལ་གྱི་ཚེ་ཐར་གཏེར་ཁུལ་དང་ཚེ་ཐར་གདོང་ལེན་གཏེར་ཁུལ་དུ་ཤ་བོ་སྐྱབས་འཁོར་དང་བཅས་པ་སྔ་རྗེས་སུ་གཏེར་དོང་བཅོས་སྐྱོང་ས་ཚིགས་སུ་བསྐྱོད་ནས་གཏེར་རིའི་སྐྱེ་ཁམས་སླར་གསོའི་འཕེལ་རིམ་ལ་གསན་པ་དང་། ཡུལ་དངོས་ནས་གཏེར་དོང་སླར་གསོ་དང་འགྲམ་ལྡེབས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ནས་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་བྱ་བར་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གནང་སྟེ་ནན་གྱིས་བསྟན་དོན། གཅིག་ནས་མུ་རི(སྤྱང་ཚང་དོང་ཁ་དང་པོ)གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་བའི་ཉམས་མྱོང་དང་ཕན་འབྲས་དཔྱད་གཞིར་གང་ལེགས་འཛིན་པ་དང་གཏེར་རི་ཉམས་གསོ་བཅོས་སྒྲིག་ཇུས་གཞིའི་བླང་བྱ་ནན་མོ་གཞིར་བཟུང་ཁོངས་གཏོགས་ས་ཆའི་དོ་དམ་འགན་ཁུར་དང་སྡེ་ཁག་གི་ལྟ་སྐུལ་འགན་ཁུར། ཁེ་ལས་ཀྱི་གཙོ་གཟུགས་འགན་ཁུར་བཅས་དོན་འཁྱོལ་ནན་ཏན་བྱས་ཏེ་དཔེ་མཚོན་གྱོད་དཔེ་ཁྱབ་བརྡ་བཏང་བས་གནད་དོན་བཅོས་སྒྲིག་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གཉིས་ནས་གནམ་གཤིས་ཀྱི་ཆ་རྐྱེན་ཞན་པ་དང་ལས་ཡུན་ཐུང་བ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་རྩྭ་འདེབས་དང་ལུད་སོགས་དངོས་ཟོག་གྲབས་གསོག་བྱ་བ་སྔོན་ལ་ཡག་པོར་སྒྲུབ་པ་དང། གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་གཏེར་རི་སྔོ་ལྗང་ཅན་དུ་སླར་གསོ་དང་། སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་སྤེལ་ཏེ་ད་ལོར"ལྗང་མདོག་གི་སྣང་བརྙན་མངོན་པའི"འགན་ལེན་ཏན་ཏིག་བྱེད་དགོས། གསུམ་ནས་བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་མཚམས་ཐིག་དམ་པོར་བཟུང་ནས་རྒྱུན་གཏན་གྱི་བདེ་འཇགས་ཞིབ་བཤེར་སྐོར་ཞིབ་ལ་ཤུགས་སྣོན་པ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་གཙོ་གནད་ཁུལ་དང་གཙོ་གནད་ལྷུ་ཚིགས་ལ་དམ་པོར་དམིགས་ནས་བདེ་འཇགས་དོགས་ཟོན་གྱི་བྱ་ཐབས་ཚང་མ་ཇི་མ་ཇི་བཞིན་དུ་དོན་འཁྱོལ་ཡག་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་མི་འབྱུང་བའི་མ་མཐའི་མཚམས་ཐིག་དམ་པོར་སྲུང་དགོས། བཞི་ནས་ཁེ་ལས་ཀྱི་བཙོག་ཆུ་གཙང་སེལ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བརྒྱུད་རིམ་ལྡན་པའི་བཅོས་སྒྲིག་བྱ་ཐབས་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱས་ནས་ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་ཆུའི་སྦགས་བཙོག་བཅོས་སྒྲིག་བྱ་བར་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་དགོས་ཟེར།མདོ་ལ་རྫོང་མུ་རི་གྲོང་རྡལ་དུ་ཤ་བོ་སྐྱབས་འཁོར་དང་བཅས་པ་ཞབས་ཞུའི་ཚོམས་ཆེན་དང་ལས་བྱེད་པའི་ཉལ་ཁང་། སྔོ་ཚལ་དྲོད་ཁང་སོགས་སུ་སོང་ནས་ཡུལ་ཚོ་དང་གྲོང་རྡལ་གྱི"བཅུ་ལྡན"བཟོ་སྐྲུན་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་ཡུལ་དངོས་ནས་ན་ཏམ་རྟ་རྒྱུག་ཐང་གི་ཨར་ལས་གནས་ཚུལ་ལ་གཟིགས་ཞིབ་གནང་བར་མ་ཟད་ཧྭེ་རིང་སྡེ་བ་དང་བ་རྒ་སྡེ་བར་སོང་ནས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་དང་བདེ་སྐྱིད་ཇ་ཁང་། སྡེ་བ་རིམ་པའི་བྱིས་སྙོར་ཁང་དང་འཕྲོད་བསྟེན་ཁང་སོགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ནན་གྱིས་བསྟན་དོན། གཅིག་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་པ་དང་སྐྱེ་ཁམས་ཕྱུགས་ལས་ཀྱི"གཅིག་ཅན་དགུའི"བཟོ་སྐྲུན་ཆ་ཚང་གི་དམིགས་ཚད་བཏོན་ནས་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་དམིགས་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་པ་དང་། གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་ས་ནག་བཅོས་སྐྱོང་གི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ་རྩྭ་ཕྱུགས་མཉམ་འགུལ་ཐོན་ལས་འཕེལ་རྒྱས་གཏོང་དགོས། གཉིས་ནས་ན་ཏམ་རྟ་རྒྱུག་ཐང་འཛུགས་སྐྲུན་ཡག་པོ་བྱས་ཏེ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བ་དང་རྒྱུན་རྣམ་ཅན་གྱི་རྟ་རྒྱུག་སོགས་ལུས་རྩལ་འགྲན་སྡུར་སྤེལ་བ་བརྒྱུད། མདོ་ལའི་སྙན་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གསུམ་ནས་སྡེ་བའི(སྡེ་ཁུལ)"བཅུ་ལྡན"བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྡེ་བ་རིམ་པའི་བྱིས་སྙོར་ཁང་ཡག་པོ་གཉེར་བ་དང་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་དང་གསང་སྤྱོད་ཁང་འཛུགས་སྐྲུན་ཡག་པོ་བྱས་ཏེ། སྡེ་བའི(སྡེ་ཁུལ)རྩ་འཛུགས་ཀྱི་གཡུལ་ས"སྐྲུན་པ་དང་དོ་དམ། བེད་སྤྱོད"བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས"གཞི་རིམ་གྱི་བཙན་རྫོང"གི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་ཟེར། མདོ་ལ་རྫོང་སྟོང་སོ་ཆེ་བའི་སྒར་འདེབས་རྟེན་གཞི་དང་ལབ་ཙེ་སྒང་ལྗོངས་ཁུལ་དུ་ཤ་བོ་སྐྱབས་འཁོར་དང་བཅས་པས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་ནས་ནན་གྱིས་བསྟན་དོན། གཅིག་ནས་ཐུན་མོང་མ་ཡིན་པའི་ནགས་ཚལ་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་ནགས་ལས་དཔལ་འབྱོར་ལས་རིགས་གསར་བར་འཕེལ་རྒྱས་ཤུགས་ཆེན་གཏོང་པ་དང་། ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་པ། ཞག་སྡོད་དང་བཟའ་བཏུང་ཞབས་ཞུ་ཡག་པོ་མཁོ་འདོན་བྱེད་པ་བཅས་བྱས་ནས་སྐྱེ་ཁམས་ཞིབ་འཇུག་དང་རང་བྱུང་སློབ་གསོ་སོགས་ཀྱི་བྱེད་སྒོ་བརྒྱུད་ལྗོངས་ཁུལ་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས། ཡིད་དབང་འགུག་ཤུགས་བཅས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། གཉིས་ནས་ཚགས་པར་དང་བརྙན་འཕྲིན། དྲ་བ། སྐད་འཕྲིན། སྤྱོད་སྣེ། འཆར་ངོས་སོགས་སྨྱན་སྦྱོར་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ་ལྗོངས་ཁུལ་དྲིལ་སྒྲོག་འོས་སྦྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་འགྲུལ་པ་སྣེ་ལེན་བྱེད་ཚད་ཆེ་རུ་གཏོང་དགོས། གསུམ་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཚན་རིག་ཁྱབ་གདལ་རྟེན་གཞིར་གཞི་བཙུགས་ནས་རྐང་བགྲོད་དང་ལམ་ཐིག་འཆར་འགོད། ཤིང་ཟམ་བསྐྲུན་པ། ཆུ་སྦུག་འདྲེན་པ་སོགས་ཀྱི་བྱ་བ་ཏན་ཏིག་བསྒྲུབ་སྟེ་རྐང་ཐང་ཐོན་ལས་འཕེལ་རྒྱས་ཀྱི་ལས་རིགས་གསར་པ་ཁྱོན་ཡོངས་ནས་གཏོད་དགོས་ཟེར། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་མ་རུའུ་ཞང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་རྐང་ཚ་རྫོང་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། མདོ་ལ་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་ཕེབས་རོགས་གནང་།
ཟླ5པའི་ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་དང་མདོ་ལ་རྫོང་དུ་བསྐྱོད་དེ་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། གཞི་རིམ་གྱི་རྨང་གཞིའི་བྱ་བ་སོགས་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་ནས་ནན་གྱིས་བསྟན་དོན། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པར་དམིགས་ཏེ། དམིགས་ཚད་ལས་འགན་སྔར་ལས་གཏན་འཁེལ་དང་དངོས་སྒྲུབ་དམ་འཛིན་ལ་ཤུགས་སྣོན་པ། དཀའ་གནད་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་ནས་དངོས་སྒྲུབ་དང་གྲུབ་འབྲས་དངོས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུགས་ལན་ཡག་པོ་ཞིག་དབུལ་དགོས་ཟེར།
རྐང་ཚ་རྫོང་ཚེ་ཐར་ཐོན་ལས་གླིང་ཁུལ་གྱི་ཚེ་ཐར་གཏེར་ཁུལ་དང་ཚེ་ཐར་གདོང་ལེན་གཏེར་ཁུལ་དུ་ཤ་བོ་སྐྱབས་འཁོར་དང་བཅས་པ་སྔ་རྗེས་སུ་གཏེར་དོང་བཅོས་སྐྱོང་ས་ཚིགས་སུ་བསྐྱོད་ནས་གཏེར་རིའི་སྐྱེ་ཁམས་སླར་གསོའི་འཕེལ་རིམ་ལ་གསན་པ་དང་། ཡུལ་དངོས་ནས་གཏེར་དོང་སླར་གསོ་དང་འགྲམ་ལྡེབས་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་ནས་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་བྱ་བར་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་གནང་སྟེ་ནན་གྱིས་བསྟན་དོན། གཅིག་ནས་མུ་རི(སྤྱང་ཚང་དོང་ཁ་དང་པོ)གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་བའི་ཉམས་མྱོང་དང་ཕན་འབྲས་དཔྱད་གཞིར་གང་ལེགས་འཛིན་པ་དང་གཏེར་རི་ཉམས་གསོ་བཅོས་སྒྲིག་ཇུས་གཞིའི་བླང་བྱ་ནན་མོ་གཞིར་བཟུང་ཁོངས་གཏོགས་ས་ཆའི་དོ་དམ་འགན་ཁུར་དང་སྡེ་ཁག་གི་ལྟ་སྐུལ་འགན་ཁུར། ཁེ་ལས་ཀྱི་གཙོ་གཟུགས་འགན་ཁུར་བཅས་དོན་འཁྱོལ་ནན་ཏན་བྱས་ཏེ་དཔེ་མཚོན་གྱོད་དཔེ་ཁྱབ་བརྡ་བཏང་བས་གནད་དོན་བཅོས་སྒྲིག་བྱ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། གཉིས་ནས་གནམ་གཤིས་ཀྱི་ཆ་རྐྱེན་ཞན་པ་དང་ལས་ཡུན་ཐུང་བ་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་རྩྭ་འདེབས་དང་ལུད་སོགས་དངོས་ཟོག་གྲབས་གསོག་བྱ་བ་སྔོན་ལ་ཡག་པོར་སྒྲུབ་པ་དང། གོ་སྐབས་བཟང་པོ་དམ་འཛིན་བྱས་ནས་གཏེར་རི་སྔོ་ལྗང་ཅན་དུ་སླར་གསོ་དང་། སྐྱེ་ཁམས་སླར་གསོའི་བཟོ་སྐྲུན་སྤེལ་ཏེ་ད་ལོར"ལྗང་མདོག་གི་སྣང་བརྙན་མངོན་པའི"འགན་ལེན་ཏན་ཏིག་བྱེད་དགོས། གསུམ་ནས་བག་མེད་ལྷོད་གཡེང་གི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱས་ཏེ་དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་མཚམས་ཐིག་དམ་པོར་བཟུང་ནས་རྒྱུན་གཏན་གྱི་བདེ་འཇགས་ཞིབ་བཤེར་སྐོར་ཞིབ་ལ་ཤུགས་སྣོན་པ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་གཙོ་གནད་ཁུལ་དང་གཙོ་གནད་ལྷུ་ཚིགས་ལ་དམ་པོར་དམིགས་ནས་བདེ་འཇགས་དོགས་ཟོན་གྱི་བྱ་ཐབས་ཚང་མ་ཇི་མ་ཇི་བཞིན་དུ་དོན་འཁྱོལ་ཡག་པོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་དོན་རྐྱེན་ཚབས་ཆེན་མི་འབྱུང་བའི་མ་མཐའི་མཚམས་ཐིག་དམ་པོར་སྲུང་དགོས། བཞི་ནས་ཁེ་ལས་ཀྱི་བཙོག་ཆུ་གཙང་སེལ་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བརྒྱུད་རིམ་ལྡན་པའི་བཅོས་སྒྲིག་བྱ་ཐབས་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱས་ནས་ཆུའི་ཐོན་ཁུངས་སྲུང་སྐྱོབ་དང་ཆུའི་སྦགས་བཙོག་བཅོས་སྒྲིག་བྱ་བར་ནུས་ཤུགས་ཡོད་རྒུས་ཐག་གཅོད་ཡག་པོ་བྱེད་དགོས་ཟེར།
མདོ་ལ་རྫོང་མུ་རི་གྲོང་རྡལ་དུ་ཤ་བོ་སྐྱབས་འཁོར་དང་བཅས་པ་ཞབས་ཞུའི་ཚོམས་ཆེན་དང་ལས་བྱེད་པའི་ཉལ་ཁང་། སྔོ་ཚལ་དྲོད་ཁང་སོགས་སུ་སོང་ནས་ཡུལ་ཚོ་དང་གྲོང་རྡལ་གྱི"བཅུ་ལྡན"བཟོ་སྐྲུན་འཛུགས་སྐྲུན་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ཞིང་ཡུལ་དངོས་ནས་ན་ཏམ་རྟ་རྒྱུག་ཐང་གི་ཨར་ལས་གནས་ཚུལ་ལ་གཟིགས་ཞིབ་གནང་བར་མ་ཟད་ཧྭེ་རིང་སྡེ་བ་དང་བ་རྒ་སྡེ་བར་སོང་ནས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་དང་བདེ་སྐྱིད་ཇ་ཁང་། སྡེ་བ་རིམ་པའི་བྱིས་སྙོར་ཁང་དང་འཕྲོད་བསྟེན་ཁང་སོགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་བྱས་ནས་ནན་གྱིས་བསྟན་དོན། གཅིག་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་སྲོལ་སྔར་ལས་འཐུས་ཚང་དུ་གཏོང་པ་དང་སྐྱེ་ཁམས་ཕྱུགས་ལས་ཀྱི"གཅིག་ཅན་དགུའི"བཟོ་སྐྲུན་ཆ་ཚང་གི་དམིགས་ཚད་བཏོན་ནས་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུར་དམིགས་ཏེ་སྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་ངང་འཕེལ་རྒྱས་དང་སྟོབས་ཆེར་གཏོང་པ་དང་། གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་འཛུགས་སྐྲུན་ཡག་པོ་དང་བེད་སྤྱོད་ཡག་པོ་བྱས་ནས་ས་ནག་བཅོས་སྐྱོང་གི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ་རྩྭ་ཕྱུགས་མཉམ་འགུལ་ཐོན་ལས་འཕེལ་རྒྱས་གཏོང་དགོས། གཉིས་ནས་ན་ཏམ་རྟ་རྒྱུག་ཐང་འཛུགས་སྐྲུན་ཡག་པོ་བྱས་ཏེ་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་གནས་ལུས་རྩལ་བྱེད་སྒོ་སྤེལ་བ་དང་རྒྱུན་རྣམ་ཅན་གྱི་རྟ་རྒྱུག་སོགས་ལུས་རྩལ་འགྲན་སྡུར་སྤེལ་བ་བརྒྱུད། མདོ་ལའི་སྙན་པ་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གསུམ་ནས་སྡེ་བའི(སྡེ་ཁུལ)"བཅུ་ལྡན"བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་སྡེ་བ་རིམ་པའི་བྱིས་སྙོར་ཁང་ཡག་པོ་གཉེར་བ་དང་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་དང་གསང་སྤྱོད་ཁང་འཛུགས་སྐྲུན་ཡག་པོ་བྱས་ཏེ། སྡེ་བའི(སྡེ་ཁུལ)རྩ་འཛུགས་ཀྱི་གཡུལ་ས"སྐྲུན་པ་དང་དོ་དམ། བེད་སྤྱོད"བཅས་ཀྱི་ཆུ་ཚད་མཐོ་རུ་བཏང་ནས"གཞི་རིམ་གྱི་བཙན་རྫོང"གི་ཕན་ནུས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས་ཟེར།
མདོ་ལ་རྫོང་སྟོང་སོ་ཆེ་བའི་སྒར་འདེབས་རྟེན་གཞི་དང་ལབ་ཙེ་སྒང་ལྗོངས་ཁུལ་དུ་ཤ་བོ་སྐྱབས་འཁོར་དང་བཅས་པས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་སུ་ལྟ་ཞིབ་བྱས་ནས་ནན་གྱིས་བསྟན་དོན། གཅིག་ནས་ཐུན་མོང་མ་ཡིན་པའི་ནགས་ཚལ་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱས་ཏེ་ནགས་ལས་དཔལ་འབྱོར་ལས་རིགས་གསར་བར་འཕེལ་རྒྱས་ཤུགས་ཆེན་གཏོང་པ་དང་། ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་པ། ཞག་སྡོད་དང་བཟའ་བཏུང་ཞབས་ཞུ་ཡག་པོ་མཁོ་འདོན་བྱེད་པ་བཅས་བྱས་ནས་སྐྱེ་ཁམས་ཞིབ་འཇུག་དང་རང་བྱུང་སློབ་གསོ་སོགས་ཀྱི་བྱེད་སྒོ་བརྒྱུད་ལྗོངས་ཁུལ་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས། ཡིད་དབང་འགུག་ཤུགས་བཅས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། གཉིས་ནས་ཚགས་པར་དང་བརྙན་འཕྲིན། དྲ་བ། སྐད་འཕྲིན། སྤྱོད་སྣེ། འཆར་ངོས་སོགས་སྨྱན་སྦྱོར་ལས་སྟེགས་བེད་སྤྱོད་གང་ལེགས་བྱས་ཏེ་ལྗོངས་ཁུལ་དྲིལ་སྒྲོག་འོས་སྦྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་འགྲུལ་པ་སྣེ་ལེན་བྱེད་ཚད་ཆེ་རུ་གཏོང་དགོས། གསུམ་ནས་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ཚན་རིག་ཁྱབ་གདལ་རྟེན་གཞིར་གཞི་བཙུགས་ནས་རྐང་བགྲོད་དང་ལམ་ཐིག་འཆར་འགོད། ཤིང་ཟམ་བསྐྲུན་པ། ཆུ་སྦུག་འདྲེན་པ་སོགས་ཀྱི་བྱ་བ་ཏན་ཏིག་བསྒྲུབ་སྟེ་རྐང་ཐང་ཐོན་ལས་འཕེལ་རྒྱས་ཀྱི་ལས་རིགས་གསར་པ་ཁྱོན་ཡོངས་ནས་གཏོད་དགོས་ཟེར།
ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་མ་རུའུ་ཞང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་རྐང་ཚ་རྫོང་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། མདོ་ལ་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་ཕེབས་རོགས་གནང་།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注