མཚོ་བྱང་ཁུལ་གྱི་ཁྱོན་ཡོངས་ནས་ཆུ་མཚེའུ་དཔོན་ལམ་ལུགས་ཁྱབ་སྤེལ་གཏོང་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་ཁུལ་དབར་གྱི་མཉམ་བསྡུས་ཚོགས་འདུ་འཚོགས་པ།
ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་།
ཟླ5པའི་ཚེས9ཉིན། ཁུལ་གྱི་ཁྱོན་ཡོངས་ནས་ཆུ་མཚེའུ་དཔོན་ལམ་ལུགས་ཁྱབ་སྤེལ་གཏོང་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་ཁུལ་དབར་གྱི་མཉམ་བསྡུས་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་གྱི་ཁྱོན་ཡོངས་ནས་ཆུ་མཚེའུ་དཔོན་ལམ་ལུགས་ཁྱབ་སྤེལ་གཏོང་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་ཐིན་དབར་གྱི་མཉམ་བསྡུས་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས2023ལོའི་བྱ་བར་ཕྱོགས་སྡོམ་བྱས་ཤིང་། མིག་སྔའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་དང་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅིའམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ནས་གསུང་བཤད་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ད་ལོའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། ཤ་བོ་སྐྱབས་ཀྱིས་བསྟན་དོན། མཚོ་བྱང་ནི་མདོ་ལ་རི་བོ་དང་མཚོ་སྔོན་པོ“རྒྱལ་ཁབ་སྤྱི་གླིང་གཉིས”ཀྱི་ལྟེ་བའི་ཁུལ་དང“མཚོ་གཅིག་དང་ཆུ་བོ་བཞིའི”འགག་ཏུ་གནས་པས་ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་ཤིང་སྐྱེ་ཁམས་གནས་བབ་ཧ་ཅང་གལ་ཆེན་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“སྐྱེ་ཁམས་རྩ་འཛིན་དུ་འཛིན་པའི”བླང་བྱ་གལ་ཆེན་རྒྱུན་འཁྱོངས་བྱས་ཏེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་མཚོ་བྱང་གི་སྐྱེ་ཁམས་གནས་བབ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས“མི་དམངས་བློ་ཡིད་ཚིམ་པའི་བདེ་སྐྱིད་ཀྱི་ཆུ་བོ་དང་མཚེའུ་གཏོད་པའི”དམིགས་ཚད་ལ་དམིགས་ནས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པའི”བླང་བྱ་དེ་ཆུ་དང་མཚེའུ་དོ་དམ་སྲུང་སྐྱོབ་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་དོན་འཁྱོལ་ཏན་ཏིག་བྱས་ཏེ། “དྭངས་གསལ་གཙང་བོ་ལྷུང་ལྷུང་ཤར་དུ་འབབ་པའི”འགན་ལེན་དངོས་འབྲེལ་བྱས་ཏེ། “མདོ་ལ་རི་ཡིས་ཕྱུག་པ་དང་རྐང་ཚ་མཚོ་ཡིས་ཕྱུག་པའི”སྐྱེ་ཁམས་ཀྱི་མིང་བྱང་ཡག་པོ་གཏོད་དགོས་ཟེར།ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆུ་མཚེའུ་དཔོན་ལམ་ལུགས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཆུ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་དང་། ཆུའི་ཐོན་ཁུངས་དོ་དམ་སྲུང་སྐྱོབ། ཆུ་ཁོངས་དང་ཆུ་ངོགས་དོ་དམ་ཚོད་འཛིན། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྒྲིག ཆུའི་སྐྱེ་ཁམས་སླར་གསོ། ཞོད་ཐན་གྱི་གནོད་འཚེ་འགོག་བཅོས། ཁྲིམས་འཛིན་ལྟ་སྐུལ་དོ་དམ། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་བཅོས་སྒྲིག་སོགས་གཙོ་གནད་བྱ་བར་ཤུགས་སྣོན་པ་དང་། ཙོང་ཆུ་དང་བར་དམ་ཆུའི་སྲུང་སྐྱོབ་མནའ་འབྲེལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ཏེ་ཆོག་མཆན་མ་སྤྲད་པར་སྔོན་ལ་འཛུགས་པ་དང་སྒྲིག་འགལ་གྱིས་ཞིབ་མཆན་འགོད་པ། དབང་ཚད་ལས་བརྒལ་ནས་ཞིབ་མཆན་འགོད་པ། ཆོག་མཆན་སྤྲད་ནས་འཛུགས་སྐྲུན་བྱེད་པ་དང་མི་མཐུན་པ། ཆུ་ལོག་སྔོན་འགོག་གི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ། ཆུ་དང་མཚེའུ་ཡི་ཆུ་ཁོངས་ཀྱི་འགྲམ་ངོགས་ཁུལ་དབྱེའི་དོ་དམ་དང་སྤྱོད་སྒོ་དོ་དམ་ལ་མུ་མཐུད་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ། ནུས་ཤུགས་ཡོད་རྒུས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱག་ཀླུང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཉམས་གསོའི་ལས་གཞི་ཡག་པོར་སྒྲུབ་པ། ཆུ་གློག་ཆུང་གྲས་གཙང་བཤེར་དང་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས“ཆུ་བོ་བཞུར་རྒྱུན་ལེགས་པ་དང་ཆུ་བོ་དྭངས་པ། ཆུ་ངོགས་སྔོ་ཞིང་ལྗང་པ། ཡུལ་ལྗོངས་མཛེས་པ། མི་སྡོད་ཁོར་ཡུག་འཆམ་ཞིང་མཐུན་པ”བཅས་ཀྱི་སྐྱེ་ཁམས་གནས་མལ་ལ་འཚམ་པའི་ཁོར་ཡུག་ཅིག་ཧུར་ཐག་སྒོས་གཏོད་དགོས་ཟེར། ཤ་བོ་སྐྱབས་ཀྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བྱ་བའི་བླང་བྱ་གཞིར་བཟུང་ལས་ཁུངས་དང་སྡེ་ཁག མགོ་ཁྲིད་པ་བཅས་ཀྱི་འགན་འཁྲི་སྔར་བས་སྲ་བརྟན་དུ་གཏོང་དགོས་ཤིང་། དམངས་འཚོ་ཇེ་ལེགས་སུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུར་དམིགས་ནས་གཙོ་གནད་བྱ་བ་དང་གཙོ་གནད་ལས་གཞིར་དམིགས་ཏེ་ཆུ་བེད་དང་སྐྱེ་ཁམས། རང་བྱུང་ཐོན་ཁུངས། འཕེལ་རྒྱས་བཅོས་སྒྱུར་སོགས་ཁྱབ་ཁོངས་ཀྱི་སྲིད་ཇུས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ནས་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པ”དང“རླུང་ཕྱོགས་སྟོན་རྟགས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། དཔེ་སྟོན་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་དང་རྫོང་། ཡུལ་ཚོ། སྡེ་བ་རིམ་པ་བཞིའི་གསར་གཏོད་དམ་འཛིན་གཏིང་ཟབ་ཏུ་བཏང་ནས“བདེ་འཇགས་དང་སྐྱེ་ཁམས། གནས་སྡོད། དམངས་ཕྱུག བློ་གྲོས”བཅས་ཀྱི་དམིགས་ཚད་ལ་དམིགས་ཏེ་ཆུ་མཚེའུ་དཔོན་ལམ་ལུགས་ཀྱི་དཔེ་སྟོན་ཆུ་མཚེའུ་མཛོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་མཚེའུ་དཔོན་ལམ་ལུགས་ཀྱི་དྲིལ་སྒྲོག་བྱེད་སྒོ་དང་བརྗོད་དོན་ལག་ལེན་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་པའི་བླང་བྱ་བཏོན།ཚོགས་འདུའི་ཐོག2023ལོའི་ལོ་འཁོར་མོའི་ཆུ་མཚེའུ་དཔོན་ལམ་ལུགས་ཀྱི་བྱ་བའི་དཔྱད་ཞིབ་གནས་ཚུལ་དང་ཁུལ་ཡོངས་ཀྱི་ཆུ་མཚེའུ་དཔོན་ལམ་ལུགས་དང་ཆུ་མཚེའུ་དོ་དམ་བྱ་བ་སྒྲུབ་པའི་གནས་ཚུལ་ཁྱབ་བརྡ་བཏང་། རྐང་ཚ་རྫོང་དང་མདའ་བཞི་རྫོང་། ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཅུས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས། ཁུལ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུས་བཅས་ཀྱིས་བྱ་བའི་ལས་འགན་སྙན་ཞུ་དང་བརྗེ་རེས་གཏམ་བཤད་སྤེལ། ཚོགས་འདུ་མ་འཚོགས་གོང་། ཤ་བོ་སྐྱབས་རྐང་ཚ་རྫོང་དུ་བསྐྱོད་དེ་ཆུ་དང་མཚེའུ་ལ་སྐོར་ཞིབ་བྱས་ཏེ་ཡུལ་དངོས་ནས་ཚེ་ཐར་གཏེར་ཁར་སྒེར་གྱི་བཙོག་ཆུ་འབུད་ས་བཙུགས་པའི་གནད་དོན་དང་རྐང་ཚ་རྫོང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་བཙོག་ཆུ་བཞུར་བའི་གནད་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་། ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་ཡུལ་ཚོ་དང་གྲོང་རྡལ་རིམ་པར་འཚོགས་ཤིང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཀརྨ་ཚེ་རིང་། ཁུལ་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས།དབང་ཆེན་དོན་འགྲུབ་ཀྱིས་བསྒྱུར།
ཟླ5པའི་ཚེས9ཉིན། ཁུལ་གྱི་ཁྱོན་ཡོངས་ནས་ཆུ་མཚེའུ་དཔོན་ལམ་ལུགས་ཁྱབ་སྤེལ་གཏོང་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་ཁུལ་དབར་གྱི་མཉམ་བསྡུས་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་གྱི་ཁྱོན་ཡོངས་ནས་ཆུ་མཚེའུ་དཔོན་ལམ་ལུགས་ཁྱབ་སྤེལ་གཏོང་བའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་དང་ཐིན་དབར་གྱི་མཉམ་བསྡུས་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ནས2023ལོའི་བྱ་བར་ཕྱོགས་སྡོམ་བྱས་ཤིང་། མིག་སྔའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་དང་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅིའམ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་ཞུས་ནས་གསུང་
བཤད་གནང་ལ། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ད་ལོའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས།
ཤ་བོ་སྐྱབས་ཀྱིས་བསྟན་དོན། མཚོ་བྱང་ནི་མདོ་ལ་རི་བོ་དང་མཚོ་སྔོན་པོ“རྒྱལ་ཁབ་སྤྱི་གླིང་གཉིས”ཀྱི་ལྟེ་བའི་ཁུལ་དང“མཚོ་གཅིག་དང་ཆུ་བོ་བཞིའི”འགག་ཏུ་གནས་པས་ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་ཤིང་སྐྱེ་ཁམས་གནས་བབ་ཧ་ཅང་གལ་ཆེན་ཡིན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས“སྐྱེ་ཁམས་རྩ་འཛིན་དུ་འཛིན་པའི”བླང་བྱ་གལ་ཆེན་རྒྱུན་འཁྱོངས་བྱས་ཏེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་སུ་མཚོ་བྱང་གི་སྐྱེ་ཁམས་གནས་བབ་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས“མི་དམངས་བློ་ཡིད་ཚིམ་པའི་བདེ་སྐྱིད་ཀྱི་ཆུ་བོ་དང་མཚེའུ་གཏོད་པའི”དམིགས་ཚད་ལ་དམིགས་ནས“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པའི”བླང་བྱ་དེ་ཆུ་དང་མཚེའུ་དོ་དམ་སྲུང་སྐྱོབ་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་གང་ཅིའི་ཐད་དོན་འཁྱོལ་ཏན་ཏིག་བྱས་ཏེ། “དྭངས་གསལ་གཙང་བོ་ལྷུང་ལྷུང་ཤར་དུ་འབབ་པའི”འགན་ལེན་དངོས་འབྲེལ་བྱས་ཏེ། “མདོ་ལ་རི་ཡིས་ཕྱུག་པ་དང་རྐང་ཚ་མཚོ་ཡིས་ཕྱུག་པའི”སྐྱེ་ཁམས་ཀྱི་མིང་བྱང་ཡག་པོ་གཏོད་དགོས་ཟེར།
ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཆུ་མཚེའུ་དཔོན་ལམ་ལུགས་དམ་འཛིན་བྱེད་པ་རྒྱུན་འཁྱོངས་བྱས་ནས་ཆུ་དང་མཚེའུ་ཡི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་གཅིག་གྱུར་སྐུལ་འདེད་གཏོང་བ་དང་། ཆུའི་ཐོན་ཁུངས་དོ་དམ་སྲུང་སྐྱོབ། ཆུ་ཁོངས་དང་ཆུ་ངོགས་དོ་དམ་ཚོད་འཛིན། ཆུའི་སྦགས་བཙོག་འགོག་བཅོས། ཆུའི་ཁོར་ཡུག་བཅོས་སྒྲིག ཆུའི་སྐྱེ་ཁམས་སླར་གསོ། ཞོད་ཐན་གྱི་གནོད་འཚེ་འགོག་བཅོས། ཁྲིམས་འཛིན་ལྟ་སྐུལ་དོ་དམ། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་གནད་དོན་བཅོས་སྒྲིག་སོགས་གཙོ་གནད་བྱ་བར་ཤུགས་སྣོན་པ་དང་། ཙོང་ཆུ་དང་བར་དམ་ཆུའི་སྲུང་སྐྱོབ་མནའ་འབྲེལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཆུའི་ཐོན་ཁུངས་དོ་དམ་ལམ་ལུགས་ནན་ཤོས་དོན་འཁྱོལ་བྱས་ཏེ་ཆོག་མཆན་མ་སྤྲད་པར་སྔོན་ལ་འཛུགས་པ་དང་སྒྲིག་འགལ་གྱིས་ཞིབ་མཆན་འགོད་པ། དབང་ཚད་ལས་བརྒལ་ནས་ཞིབ་མཆན་འགོད་པ། ཆོག་མཆན་སྤྲད་ནས་འཛུགས་སྐྲུན་བྱེད་པ་དང་མི་མཐུན་པ། ཆུ་ལོག་སྔོན་འགོག་གི་བདེ་འཇགས་ལ་ཤུགས་རྐྱེན་ཐེབས་པའི་གནད་དོན་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་པ། ཆུ་དང་མཚེའུ་ཡི་ཆུ་ཁོངས་ཀྱི་འགྲམ་ངོགས་ཁུལ་དབྱེའི་དོ་དམ་དང་སྤྱོད་སྒོ་དོ་དམ་ལ་མུ་མཐུད་སྐུལ་འདེད་གཏོང་བ། གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་གཏིང་ཟབ་ཏུ་གཏོང་བ། ནུས་ཤུགས་ཡོད་རྒུས་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱག་ཀླུང་བཅས་གཞི་གཅིག་ཅན་གྱི་སྲུང་སྐྱོབ་དང་ཉམས་གསོའི་ལས་གཞི་ཡག་པོར་སྒྲུབ་པ། ཆུ་གློག་ཆུང་གྲས་གཙང་བཤེར་དང་བཅོས་སྒྲིག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཆུའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་བ་བཅས་བྱས་ནས“ཆུ་བོ་བཞུར་རྒྱུན་ལེགས་པ་དང་ཆུ་བོ་དྭངས་པ། ཆུ་ངོགས་སྔོ་ཞིང་ལྗང་པ། ཡུལ་ལྗོངས་མཛེས་པ། མི་སྡོད་ཁོར་ཡུག་འཆམ་ཞིང་མཐུན་པ”བཅས་ཀྱི་སྐྱེ་ཁམས་གནས་མལ་ལ་འཚམ་པའི་ཁོར་ཡུག་ཅིག་ཧུར་ཐག་སྒོས་གཏོད་དགོས་ཟེར།
ཤ་བོ་སྐྱབས་ཀྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས“ཏང་སྲིད་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་བྱ་བའི་བླང་བྱ་གཞིར་བཟུང་ལས་ཁུངས་དང་སྡེ་ཁག མགོ་ཁྲིད་པ་བཅས་ཀྱི་འགན་འཁྲི་སྔར་བས་སྲ་བརྟན་དུ་གཏོང་དགོས་ཤིང་། དམངས་འཚོ་ཇེ་ལེགས་སུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུར་དམིགས་ནས་གཙོ་གནད་བྱ་བ་དང་གཙོ་གནད་ལས་གཞིར་དམིགས་ཏེ་ཆུ་བེད་དང་སྐྱེ་ཁམས། རང་བྱུང་ཐོན་ཁུངས། འཕེལ་རྒྱས་བཅོས་སྒྱུར་སོགས་ཁྱབ་ཁོངས་ཀྱི་སྲིད་ཇུས་སྣ་ཚོགས་བེད་སྤྱོད་གང་ལེགས་བྱས་ནས་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པ”དང“རླུང་ཕྱོགས་སྟོན་རྟགས”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། དཔེ་སྟོན་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཁུལ་དང་རྫོང་། ཡུལ་ཚོ། སྡེ་བ་རིམ་པ་བཞིའི་གསར་གཏོད་དམ་འཛིན་གཏིང་ཟབ་ཏུ་བཏང་ནས“བདེ་འཇགས་དང་སྐྱེ་ཁམས། གནས་སྡོད། དམངས་ཕྱུག བློ་གྲོས”བཅས་ཀྱི་དམིགས་ཚད་ལ་དམིགས་ཏེ་ཆུ་མཚེའུ་དཔོན་ལམ་ལུགས་ཀྱི་དཔེ་སྟོན་ཆུ་མཚེའུ་མཛོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་མཚེའུ་དཔོན་ལམ་ལུགས་ཀྱི་དྲིལ་སྒྲོག་བྱེད་སྒོ་དང་བརྗོད་དོན་ལག་ལེན་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས་པའི་བླང་བྱ་བཏོན།
ཚོགས་འདུའི་ཐོག2023ལོའི་ལོ་འཁོར་མོའི་ཆུ་མཚེའུ་དཔོན་ལམ་ལུགས་ཀྱི་བྱ་བའི་དཔྱད་ཞིབ་གནས་ཚུལ་དང་ཁུལ་ཡོངས་ཀྱི་ཆུ་མཚེའུ་དཔོན་ལམ་ལུགས་དང་ཆུ་མཚེའུ་དོ་དམ་བྱ་བ་སྒྲུབ་པའི་གནས་ཚུལ་ཁྱབ་བརྡ་བཏང་། རྐང་ཚ་རྫོང་དང་མདའ་བཞི་རྫོང་། ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཅུས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས། ཁུལ་སྡོད་ཁང་དང་མཁར་གྲོང་འཛུགས་སྐྲུན་ཅུས་བཅས་ཀྱིས་བྱ་བའི་ལས་འགན་སྙན་ཞུ་དང་བརྗེ་རེས་གཏམ་བཤད་སྤེལ།
ཚོགས་འདུ་མ་འཚོགས་གོང་། ཤ་བོ་སྐྱབས་རྐང་ཚ་རྫོང་དུ་བསྐྱོད་དེ་ཆུ་དང་མཚེའུ་ལ་སྐོར་ཞིབ་བྱས་ཏེ་ཡུལ་དངོས་ནས་ཚེ་ཐར་གཏེར་ཁར་སྒེར་གྱི་བཙོག་ཆུ་འབུད་ས་བཙུགས་པའི་གནད་དོན་དང་རྐང་ཚ་རྫོང་གྲོང་ཁྱེར་དང་གྲོང་རྡལ་གྱི་འཚོ་བའི་བཙོག་ཆུ་གཙང་སེལ་བཟོ་གྲྭའི་བཙོག་ཆུ་བཞུར་བའི་གནད་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་།
ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་ཡུལ་ཚོ་དང་གྲོང་རྡལ་རིམ་པར་འཚོགས་ཤིང་། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཀརྨ་ཚེ་རིང་། ཁུལ་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་བཅས་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས།
མཉམ་སྤྱོད།
སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།
微信扫一扫加关注