མཚོ་བྱང་གིས་ཆུ་བེད་ལས་གཞི27གྲབས་གསོག་བྱས།


ད་ལོར། མཚོ་བྱང་ཁུལ་གྱིས“མཚོ་བྱང་ལྔ”འཛུགས་སྐྲུན་བརྒྱུད་རིམ་ཁྲོད་གནས་པའི་ཆུ་བེད་སྐོར་གྱི་ཞན་ཆ་དང་ལྷུ་ཚིགས་ཞན་སར་དམིགས་ཏེ་གྲབས་གསོག་ལས་གཞི27ཇུས་འགོད་བྱས་པ་དང་། ཚོད་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར5.83གཏོང་རྒྱུ་ཡིན་ཞིང་། ཁུལ་ཡོངས་ཀྱི་ཆུ་བེད་འཛུགས་སྐྲུན་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ་རེད།

གཙོ་གནད་ཆུ་བེད་ལས་གཞི་ཁག་གི་དུས་མགོའི་བྱ་བའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ། མཚོ་བྱང་ཁུལ་གྱིས་ལོ་འཁོར་གྱི་བྱ་བའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་ནས་དུས་ཚོད་བརྩོན་ལེན་དང་བྱ་བ་མྱུར་སྒྲུབ་བྱས་ཏེ་ཆུ་བེད་འཕེལ་རྒྱས་དང་། རྒྱལ་བུན་དང་གྲོང་གསེབ་དར་སྤེལ་བཅས་འབྲེལ་མཐུད་ནུས་ལྡན་བྱས་པའི་མ་དངུལ་སྒོར་དུང་ཕྱུར2.46དོན་འཁྱོལ་བྱས། ཆེད་མཁས་པ་དང་རྫོང་བཞིའི་ཆུ་བེད་སྡེ་ཚན་ཧུར་ཐག་གིས་སྒྲིག་འཛུགས་བྱས་ཏེ་ཆུ་ལོག་སྔོན་འགོག་དང་གནོད་འཚེ་ཇེ་ཉུང་། རོང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་འགན་ལེན། ཆུ་བེད་བཟོ་སྐྲུན་ཆུང་གྲས་ཉམས་གསོ་བདག་སྐྱོང་སོགས་ཀྱི་བཟོ་སྐྲུན21གི་ལག་བསྟར་ཇུས་གཞིའི་ཞིབ་བཤེར་བྱ་བ་ལེགས་པོར་སྒྲུབ་ཅིང་། བཟོ་སྐྲུན་ཇུས་གཞི7ལ་ཞིབ་མཆན་བཀོད་ཡོད། 

ཆུ་བེད་འཕེལ་རྒྱས་ཀྱི་མ་དངུལ་སྒོར་ཁྲི525དོན་འཁྱོལ་བྱས་ནས་གྲོང་གསེབ་དང་འབྲོག་ཁུལ་གྱི་ཆུ་མཁོ་འདོན་བཟོ་སྐྲུན་ཉམས་གསོ་བྱེད་པའི་ལས་གཞི་ཁག4ལག་བསྟར་བྱས། མིག་སྔར། བཟོ་སྐྲུན་བཞིའི་ལག་བསྟར་ཇུས་གཞི་ལ་ལག་རྩལ་ཞིབ་བཤེར་ལེགས་གྲུབ་ཟིན་པ་དང་། འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་དང་མདའ་བཞི་རྫོང་གི་ལག་བསྟར་ཇུས་གཞིར་མཆན་བཀོད་བྱས་ཟིན། མདོ་ལ་རྫོང་དང་རྐང་ཚ་རྫོང་གི་ལག་བསྟར་ཇུས་གཞིར་བཟོ་བཅོས་དང་འཐུས་ཚང་དུ་གཏོང་བཞིན་ཡོད། ལས་གཞིས་ཁུལ་ཡོངས་ཀྱི་བསྐྲུན་ཟིན་པའི་གཅིག་སྡུད་རྣམ་པའི་ཆུ་མཁོ་འདོན་བཟོ་སྐྲུན52ཉམས་གསོ་སྒྱུར་བཀོད་བྱས་པ་བརྒྱུད་རོང་འབྲོག་མང་ཚོགས་ཁྲི1.8ཀྱི་འཐུང་ཆུའི་ཆ་རྐྱེན་ཇེ་ལེགས་སུ་གཏོང་རྒྱུ་རེད། གཞན་ཡང་ས་གནས་སྲིད་གཞུང་གི་སྤྱིར་བཏང་བུན་འཛིན་མ་དངུལ་སྒོར་ཁྲི1600དོན་འཁྱོལ་བྱས་ནས་འཇུ་ལག་རྫོང་ནུབ་ཐང་ཡུལ་ཚོ་འཕྱར་མ་ཁུག་སྡེ་བའི་ཆུ་འགོག་རྐའི་དུས་ཐེངས་གཉིས་པའི་འཛུགས་སྐྲུན་ལས་གཞི་ལག་བསྟར་བྱེད་རྒྱུ་ཡིན་པ་དང་། ཆུ་ལོག་འགོག་པའི་ཆུ་རགས་སྨི5278ཅན་དང་། གྲུ་བཞི་དབྱིབས་ཀྱི་ཆུ་ལོག་འབུད་ཡུར་སྨི332ཅན། ཆུ་ཕྱིར་འབུད་སྦུག་ལམ12ཅན། སྟབས་བདེའི་ཟམ་པ9བཅས་བསྐྲུན་རྩིས་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号