ཁུལ་ཨུས་ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་འཚོགས། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

ཟླ3པའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཧྲུའུ་ཅིའི་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་གནང་ནས་ཁུལ་ཡོངས་ཀྱི་སྒྲིག་གཞི་བཅོས་སྒྱུར་དང་ཀྲུང་དབྱང་སྐྱེ་ཁམས་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་གཞི་དང་ཚུར་བཏོན་གནད་དོན་བཅོས་སྒྲིག འབྲེལ་ཡོད་ཐོན་ལས་ལས་གཞི་དོན་འཁྱོལ་སོགས་ཀྱི་གནས་ཚུལ་ལ་ཆེད་དུ་གསན་པ་དང་། མངོན་གསལ་དོད་པའི་གནས་པའི་གནད་དོན་ལ་ཞིབ་འཇུག་བྱས་ཤིང་གོམ་སྟབས་རྗེས་མའི་བྱ་བར་བཀོད་སྒྲིག་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན་ཚོགས་འདུར་ཞུགས།

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་རྣམ་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་སྒྲིག་གཞི་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱས་ཏེ་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བའི་བསམ་བློའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། འགུལ་སྐྱོད་ཀྱི་རང་རྟོགས་བཅས་ངེས་བ་དོན་གྱིས་ཇེ་ཆེར་གཏོང་དགོས་ལ། སྒྲིག་གཞི་བཅོས་སྒྱུར་གྱི་དམིགས་འབེན་དང་བླང་བྱར་དམ་པོ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་ནན་ཏན་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་པའི་རྨང་གཞིའི་ཐོག་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དགོངས་དོན་གྱི་བླང་བྱ་ལྟར་ལག་བསྟར་དོན་འཁྱོལ་དམ་འཛིན་ལེགས་པོ་བྱས་ཏེ། སྤུས་ཚད་མཐོ་ཞིང་ཚད་གཞི་མཐོ་བ་དང་ལས་ཆོད་ཆེ་བའི་སྒོ་ནས་སྒྲིག་གཞི་བཅོས་སྒྱུར་གྱི་ལས་འགན་སོ་སོ་ལེགས་འགྲུབ་བྱ་དགོས། སྒྲིག་གཞི་བཅོས་སྒྱུར་གྱི་དགོངས་དོན་གྱི་ངོ་བོ་ཞིབ་འཇུག་དང་ཁོང་དུ་གཏིང་ཟབ་ཆུད་པར་བྱེད་དགོས་པ་དང་། གཅིག་གྱུར་དང་ཁ་གྱེས། ཆེ་བ་དང་ཆུང་བ། ཆ་ཤས་དང་ཁྱོན་ཡོངས་བཅས་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་འགག་རྩའི་གནད་འགག་དམ་འཛིན་དང་རང་འགུལ་ངང་འབྲེལ་མཐུད་ཡག་པོ་བྱེད་པ་དང་དུས་ཚོད་ཀྱི་མཚམས་ཚིགས་ལ་དམ་པོར་དམིགས་པ། གཙོ་གནད་ལས་འགན་ཞིབ་ཕྲ་བཟོ་བ། བཀོད་སྒྲིག་ཞིབ་ཚགས་བྱེད་པ། སྒྲིག་ཁྲིམས་ཀྱི་བླང་བྱ་ནན་མོ་སྲུང་བ། བཅོས་སྒྱུར་གྱི་ཇུས་གཞི་གཅིག་གྱུར་གྱིས་འཆར་འགོད་བཅས་བྱས་ཏེ་བརྒྱུད་རིམ་ལྡན་པའི་བཀོད་སྒྲིག་དང་གཞི་གཅིག་ཏུ་ལག་བསྟར། གདུབ་ཟུམ་དོ་དམ་བཅས་བྱས་ཏེ་བཅོས་སྒྱུར་གྱི་བྱ་བ་སོ་སོ་ཕབ་གཅོག་མི་བྱེད་པ་དང་། དབྱིབས་དང་བཟོ་ལྟ་མི་འགྱུར་བར་འགན་ལེན་ཏན་ཏིག་བྱ་དགོས་ཟེར།

ཚོགས་འདུའི་སྟེང་བསྟན་དོན། ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་གཞི་དང་ཚུར་བཏོན་གནད་དོན་བཅོས་སྒྲིག་བྱ་བའི་དུས་ཚོད་ཐུང་ལ་ལས་འགན་ལྕི་བ། བླང་བྱ་མཐོ་བ། ས་གནས་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བར་གནང་བའི་གསུང་བཤད་གལ་ཆེན་གྱི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཁུར་ནས"ལས་བྱེད་པས་བྱ་བ་སྒྲུབ་དགོས་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ"བྱེད་པ་བཅས་ཀྱི་བྱ་བའི་བླང་བྱ་དེ་བཅོས་སྒྲིག་བྱ་བའི་བརྒྱུད་རིམ་ཧྲིལ་པོར་དང་ཕྱོགས་སོ་སོ་ཁྱབ་པར་བྱས་ཏེ་ཚིགས་གནས་མཐོ་ས་ནས་ལངས་ཏེ་བཅོས་སྒྲིག་བྱ་བར་ཆུ་ཚད་མཐོ་བའི་སྐུལ་སྤེལ་དང་སྤུས་ཚད་མཐོ་བའི་ལེགས་འགྲུབ་ཡོང་བར་སྐུལ་འདེད་གཏོང་དགོས། བཅོས་སྒྲིག་གི་བྱེད་པོའི་འགན་འཁྲི་ཕྲག་ཏུ་འཁུར་བ་དང་དཔེ་མཚོན་གྱོད་གཞི་དང་ཚུར་བཏོན་གནད་དོན་ལ་དམིགས་ནས་ཚན་རིག་དང་མཐུན་པའི་རིགས་པས་ཁུངས་སྐྱེལ་བ། བཅོས་སྒྲིག་ཇུས་གཞི་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་བ་དང"ཉིན་རེའི་ཡར་ཞུ"དང"གཟའ་འཁོར་རེའི་སྙན་ཞུ"སོགས་ཀྱི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ་དུས་ཚོད་ཀྱི་མཚམས་ཚིགས་གཞིར་བཟུང་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་ལ་བཅོས་སྒྲིག་བྱ་བ་སྤེལ་ཚུལ་སྙན་སེང་ཧུར་ཐག་ཞུས་ནས་བཅོས་སྒྲིག་གི་ལས་འགན་ལེགས་སྒྲུབ་མཐའ་གཅིག་ཏུ་བྱེད་དགོས།   "འགན་འཛོལ་བདའ་འདེད་དང་། བདའ་འདེད་ནན་མོ། འགན་སྒྲུབ་བདའ་མེད། བཅོས་སྒྲིག་འགན་འཕྲི"བཅས་རྒྱུན་འཁྱོངས་བྱས་ཏེ། བཅོས་སྒྲིག་གི་མྱུར་ཚད་དལ་བ་དང་དོན་འཁྱོལ་མཐར་ཕྱིན་མི་བྱེད་པ། ཕྱི་ཚུལ་རིང་ལུགས་སྤེལ་བ། བྱ་བ་མི་སྒྲུབ་པ་དང་དལ་སྒྲུབ་བྱེད་པའི་ལས་བྱེད་པར་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས་ཟེར།

ཚོགས་འདུའི་སྟེང་གཅིག་ནས་ཁུལ་དམངས་སྲིད་ཅུས་ཀྱིས་སྣེ་ཁྲིད་དེ་ཁུལ་ཡོངས་ཀྱི་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་ལ་སྔར་བས་ཤུགས་སྣོན་རྒྱུའི་བསམ་འཆར་བཏོན་པ་དང་དགེ་སྒྲུབ་སྒྲིག་གཞིའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས་དགེ་སྒྲུབ་རིག་གནས་དར་སྤེལ་ཤུགས་ཆེན་གཏོང་པ་དང་དགེ་སྒྲུབ་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བ། ཕྱོགས་མང་པོ་ནས་དགེ་སྒྲུབ་དངུལ་དང་དངོས་པོ་བསྡུ་རུབ་བྱས་ཏེ། གྲོང་གསེབ་དར་སྤེལ་དང་དམངས་འཚོ་འགན་ལེན་སོགས་ཐད་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། མི་ཚང་མ་དགེ་བའི་ཕྱོགས་སུ་སྐྱོད་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས་པ་དང་ཆབས་ཅིག་ཁུལ་ཡོངས་ཀྱི་སྡེ་བའི(སྡེ་ཁུལ)"བཅུ་ལྡན་བཟོ་སྐྲུན"གྱི་བདེ་སྐྱིད་ཟ་ཁང་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གཞི་རིམ་མང་ཚོགས་ཀྱི་སྐྱིད་སྣང་དང་ཐོབ་སྣང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། གཉིས་ནས་ཁུལ་སྲིད་གཞུང་ཏང་ཙུའུ་ཡིས་སྣེ་ཁྲིད་པ་དང་ཁུལ་ནོར་སྲིད་ཅུས་ཀྱིས་ཞིབ་ཕྲའི་འགན་འཁུར་ནས་ཐོན་ལས་འཕེལ་རྒྱས་ཀྱི་བྱ་དགའི་མ་དངུལ་བགོ་བཤའི་གྲོས་གཞི་མགྱོགས་མྱུར་ཞིབ་འཇུག་བྱས་ནས་འདོན་དགོས་ལ། ཞིང་ཕྱུགས་ཐོན་རྫས་དང་དེ་བཞིན་འོ་བཟོས་ཐོན་རྫས་ལས་སྣོན་ཞིབ་ཚགས་བྱེད་ཤུགས་ཆེ་རུ་བཏང་ནས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་གྱི་སྣེ་ཁྲིད་ཁུལ་གཏོད་རྒྱུར་རམ་འདེགས་བྱེད་དགོས་པའི་བླང་བྱ་བཏོན།

ཁུལ་གྱི་མགོ་ཁྲིད་ཞུས་ཡུང་ཀུང་དང་ཁྲང་ལིན། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号