ཁུལ་ཨུའི་ནོར་དཔལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས། 

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་པར་མ་ཟད་གཏམ་བཤད་སྤེལ།

ཟླ3པའི་ཚེས27ཉིན། ཁུལ་ཨུའི་ནོར་དཔལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བརྒྱད་པ་འཚོགས་པ་དང་། ཚོགས་འདུའི་ཐོག་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ནོར་དཔལ་ཨུ་ལྷན་གྱི་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན། ཞིང་ཆེན་སྲིད་གཞུང་ལྟ་ཞིབ་ཁང་གི<<བྱ་བའི་དྲན་སྐུལ་ཡི་གེའི>>དགོངས་དོན་བཅས་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། དུས་ཚིགས་དང་པོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་དང་ཁུལ་རིམ་པའི་ནོར་སྲིད་ལག་བསྟར་ལས་གཞིའི་གནས་ཚུལ་སྙན་ཞུར་ཉན་པ་དང་། འབྲེལ་ཡོད་ཡིག་ཆར་ཞིབ་འཇུག་དང་གྲོས་ཞིབ་བྱས་ནས་ཉེ་དུས་ཀྱི་བྱ་བ་གཙོ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་པར་མ་ཟད་གཏམ་བཤད་སྤེལ་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་ཚོགས་འདུར་ཞུགས།

ཤ་བོ་སྐྱབས་ཀྱིས་བསྟན་དོན། ལོ་མགོ་ནས་བཟུང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་ཚང་འཛོམས་གྲོས་ཚོགས་དང་། ཞིང་ཆེན་དང་ཁུལ་གྱི"ཚོགས་ཆེན་གཉིས"ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་བརྟན་ཐོག་ཡར་འཕེལ་དང་མདུན་སྐྱོད་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད། སྔོན་འཛུགས་རྗེས་གཏོར་བཅས་ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་ལུགས་མཐུན་གྱི་བར་ཁོངས་སུ་གནས་པ་རྒྱུན་འཁྱོངས་བྱས་ཡོད། འོན་ཀྱང་འཕར་སྣོན་བརྟན་པོ་དང་གྲུབ་ཚུལ་ལེགས་སྒྲིག རིགས་བསྒྱུར་སྐུལ་འདེད་བཅས་ལ་སྔར་བཞིན་དཀའ་ངལ་དང་འགྲན་སློང་མང་པོར་འཕྲད་ཡོད་པ་དང་། ལྷག་པར་དུ་ལས་གཞི་གལ་ཆེན་གྱི་འདེགས་སྐྱོར་བྱེད་ཤུགས་མི་འདང་པ་དང་ཐོན་ལས་འཕེལ་རྒྱས་རྒྱུན་མཐུད་མི་ཐུབ་པ། ཁྱད་ཆོས་དང་དགེ་མཚན་ལྡན་པའི་ཐོན་ལས་ཀྱི་འགུལ་ནུས་མི་འདང་བ་གསོ་སྐྱོང་བྱེད་པ་སོགས་ཀྱི་གནད་དོན་སྔར་བཞིན་འབུར་ཐོན་རེད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ལོ་འཁོར་མོའི་དམིགས་ཚད་ལས་འགན་ལ་དམིགས་ནས་ཚད་གཞི་དང་རེའུ་མིག་ལྟར་ཁུལ་ཨུའི་བྱ་བའི་བཀོད་སྒྲིག་ལ་ཕྱི་རོལ་ཡུལ་དང་མཐུན་པའི་དབྱེ་ཞིབ་དང་། སེམས་རྣལ་དུ་ཕབ་ནས་ཁ་གཏད་གཅོག་པ་དང་དོན་དངོས་ཀྱི་ཁ་གཏད་གཅོག་ཐབས་བཏོན་ཏེ་ཕྱོགས་མང་པོ་ནས་ནུས་ཤུགས་འདོན་པ་དང་། ནུས་ཤུགས་ཡོད་རྒུས་ཁུལ་ཡོངས་ཀྱི་ཐོན་ལས་གསུམ་པ་འཕེལ་རྒྱས་འདེགས་སྐྱོར་བྱས་ནས། ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ"ཕྱེད་ཀ་གཉིས"ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བ་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་དུས་ཚོད་སྐར་ཁུང་དམ་འཛིན་བྱས་ཏེ། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱས་ནས་ལོ་འཁོར་མོའི་དམིགས་ཚད་ལ་དམ་པོར་དམིགས་ཏེ་ལྷོད་གཡེང་མི་གཏོང་པ་དང་མིག་སྔའི་འཕེལ་རིམ་ལ་ཧེ་བག་ཡོད་པའི་དམིགས་ཚད་ཐད། དུས་ཚིགས་གཉིས་པར་གང་མགྱོགས་རྗེས་ཟིན་པ་དང་ཧེ་བག་མེད་པར་བཟོ་བ་དང་འཕེལ་རིམ་ཅུང་ལེགས་པའི་དམིགས་ཚད་ཐད་ད་ཡོད་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་པའི་རྨང་གཞིའི་ཐོག་གྲུབ་འབྲས་སྔར་ལས་ལེགས་པ་ཐོབ་རྒྱུའི་བརྩོན་ལེན་བྱེད་དགོས་པ་སྟེ། གཅིག་ནས་བཟོ་ལས་མཐོར་གཏོང་ལོའི་འགུལ་སྐྱོད་ལ་སྐུལ་འདེད་ཏན་ཏིག་བཏང་ནས་ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་པ་དང་། བཟོ་ལས་འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་ཆེ་རུ་གཏོང་པ། གཙོ་གནད་ས་ཁུལ་དང་གླིང་ཁུལ། ཁེ་ལས་སོགས་ལ་དམ་པོར་དམིགས་པ། གཅིག་གཏད་གཅིག་དང་གཙང་བཤེར་རྣམ་པའི་སྒོ་ནས་གནད་དོན་སྣ་ཚོགས་ཐག་གཅོད་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ། ཁུལ་གྱི་རྒྱལ་ཁབ་མ་འཇོག་སྤྱི་གཉེར་ཁང་གི་སྒྲིག་སྲོལ་ནང་འཇུག་པ་སོགས་ཀྱི་བྱ་བ་མངོན་གསལ་དོད་པོས་དམ་འཛིན་ཡག་པོ་བྱེད་པ། ཐོན་སྐྱེད་ཁེ་ལས་ཀྱིས་ཐོན་སྐྱེད་བརྟན་པོ་དང་རྒྱ་སྐྱེད་གཏོང་པར་སྐུལ་འདེད་གཏོང་པ་དང་། ཐོན་རྫས་ཚོད་འཛིན་ཁེ་ལས་སྒྲིག་སྲོལ་དང་མཐུན་པའི་སྒོ་ནས་ཐོན་སྐྱེད་གང་མགྱོགས་བྱེད་པར་ཁྲིད་སྟོན་བྱེད་དགོས། གཉིས་ནས་ས་བོན་དང་ལུད་རྫས། ཞིང་སྨན་སོགས་གསོག་འཇོག་དང་གཏོང་འདྲེན་ཡག་པོ་བྱས་ནས་ཞིང་ལས་དམ་འཛིན་བྱས་ཏེ་དཔྱིད་འདེབས་ཀྱི་མྱུར་ཚད་མགྱོགས་སུ་གཏོང་དགོས། ནོར་ལུག་ཚད་ལྡན་ཅན་གྱི་གསོ་སྤེལ་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་ནས་ནོར་ལུག་བཤས་གཏོང་བྱེད་ཚད་གོ་རིམ་ལྡན་པའི་ངང་ཆེ་རུ་གཏོང་དགོས། གསུམ་ནས་གསེར་དངུལ་­­­­­­ཐང-རྡུལ་ཕྲན་མཁར་རྒྱལ་ཁབ5Aརིམ་པའི་ལྗོངས་ཁུལ་གཏོད་པའི་བྱ་བར་མགྱོགས་མྱུར་སྐུལ་འདེད་གཏོང་པ་དང་རིག་གནས་ལུས་རྩལ་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ། རིག་གནས་ལུས་རྩལ་ཡུལ་སྐོར་ལས་རིགས་ཀྱི་རྣམ་པ་དང་ཐོན་རྫས། ཁྲོམ་ར། ཞབས་ཞུ་བཅས་མཉམ་འདྲེས་ལ་སྐུལ་འདེད་ཏན་ཏིག་གཏོང་པ་དང་། ཞིང་ཆེན་ཕྱི་ནང་གི་གྲགས་ཅན་ཡུལ་སྐོར་ལས་སྟེགས་དངAPPམཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་འགྲུལ་ཁུངས་སྔོག་འདོན་དང་ཡུལ་སྐོར་བ་འགུག་པའི་ཐབས་འཚོལ་དགོས། བཞི་ནས་ཐོན་ལས་ཀྱི་ཆེད་དོན་མ་དངུལ་དང་སྤྱིར་བཏང་བུན་འཛིན་བེད་སྤྱོད་ཡག་པོ་བྱས་ཏེ་ཁུལ་རིམ་པའི་ནོར་སྲིད་ཀྱིས་ལས་གཞི་ལག་བསྟར་ལ་སྐུལ་འདེད་གཏོང་པའི་མྱུར་ཚད་མགྱོགས་སུ་གཏོང་པ་དང་། མ་དངུལ་གཏོང་སྤྲོད་ཀྱི་གོ་རིམ་དོ་དམ་ནན་མོ་བྱས་ནས་སྔོན་རྩིས་ཚན་པས་གཏོང་སྤྲོད་བྱས་པའི་མ་དངུལ་གཏོང་ཕྱོགས་དང་གྲངས་འབོར་ལ་ལྟ་སྐུལ་ཚོད་འཛིན་ནུས་ལྡན་བྱས་ཏེ་ནོར་སྲིད་མ་དངུལ་བདེ་འཇགས་དང་ཚད་ལྡན། ནུས་ལྡན་བཅས་ཡོང་པར་འགན་ལེན་ཏན་ཏིག་བྱེད་དགོས། ལྔ་ནས་ཁུལ་རིམ་པའི་མགོ་ཁྲིད་དང་སྡེ་ཁག་གི་ཚོང་འགུགས་མ་འདྲེན་ལམ་སྲོལ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། པེ་ཅིང་དང་ཧྲན་ཏུང་དུ་བཅའ་སྡོད་བྱེད་པའི་འབྲེལ་གཏུག་ཁྲུའུ་ཡི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་པ་དང་ཚོང་འགུགས་མ་འདྲེན་གྱི་བྱེད་སྒོ་རབ་དང་རིམ་པ་རྒྱུན་མཐུད་ངང་སྤེལ་ནས། ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་སུ་གཏོང་པ་དང་རྒྱུ་རྐྱེན་གཙོ་བོའི་མདུན་དུ་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་སྟེ། ཚོང་འགུགས་མ་འདྲེན་གྱི་རིན་ཐང་ཆེ་ཤོས་ཕྱོགས་ཡོངས་ནས་མངོན་འགྱུར་ཡོང་པར་བྱེད་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་བླང་བྱ་བཏོན་དོན། གཅིག་ནས་ལོ་འཁོར་མོའི་དམིགས་ཚད་ལས་འགན་གཏན་འཁེལ་བྱས་ཏེ་སྤྱོད་ཚུལ་ལ་འགྱུར་ལྡོག་གཏོང་པ་དང་དཀའ་སྡུག་མྱོང་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་པ། ཡུལ་དངོས་ནས་གཞུང་དོན་སྒྲུབ་ཤུགས་ཆེ་རུ་བཏང་སྟེ་གཙོ་གནད་འགག་སྒྲོལ་ལ་བརྟེན་ནས་གསོན་ཤུགས་རྒྱས་པར་སྐུལ་ཁྲིད་བྱས་ཏེ། དངོས་པོའི་ཚད་དང་བཟོ་སྐྲུན་ཚད། རིན་ཐང་གི་ཚད་བཅས་མགྱོགས་མྱུར་ཆགས་པར་བརྩོན་ལེན་བྱེད་དགོས། གཉིས་ནས་མཚོ་སྔོན་པོའི་ཞིང་ར་སྣུམ་ཚིལ་སྣུམ་རྫས་སྤྱི་གཉེར་ཁང་གིས་གཙང་གསུམ་སྡེ་ཚོགས་དང་མཉམ་ལས་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས། བེད་མེད་དུ་ལུས་པའི་རྒྱུ་ནོར་གང་མགྱོགས་ངང་གསོན་ཤུགས་སྩོལ་བ། སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་ཐུབ་པ་བྱེད་དགོས། གསུམ་ནསཀྲུང་གོ་སྤོ་འགུལ་མཚོ་བྱང་ཡན་ལག་སྤྱི་གཉེར་ཁང་དང་། ཀྲུང་གོ་སྦྲེལ་འཕྲིན་མཚོ་བྱང་ཡན་ལག་སྤྱི་གཉེར་ཁང། ཀྲུང་གོ་གློག་འཕྲིན་མཚོ་བྱང་ཡན་ལག་སྤྱི་གཉེར་ཁང་བཅས་ཀྱིས་རང་འགུལ་ངང་ཕན་ནུས་འདོན་སྤེལ་ཧུར་ཐག་བྱས་ཏེ"ཤར་གྲངས་ནུབ་རྩིས"དང་ལྗང་མདོག་རྩིས་རྒྱག་ཐོན་ལས་ལ་དམིགས་ནས་བདེ་འཇགས་རིག་ནུས་རྩིས་རྒྱག་ལྟེ་གནས་འཛུགས་སྐྲུན་སོགས་གཙོ་གནད་ལས་གཞི་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་འདེགས་སྐྱོར་བྱེད་དགོས། བཞི་ནས་འཇུ་ལག་རྫོང་དང་ཁུལ་ཞིང་ཕྱུགས་ཚན་རྩལ་ཅུས་ཀྱིས་སྤུས་ཚད་མཐོ་བའི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ཞིང་ཕྱུགས་ལས་ཀྱི་ཆས་རྟགས་དྲིལ་སྒྲོག་འོས་སྦྱོར་དང་ཚོང་འགུགས་མ་འདྲེན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་ཡག་པོ་གཉེར་ནས་བྱེད་སྒོ་སྤེལ་བར་ཤུགས་རྐྱེན་ཐེབས་པ་དང་ཁྱད་ཆོས་ལྡན་པ། ཕན་འབྲས་ཐོན་པ། ཚོང་རྟགས་གྲགས་ཅན་གཏོད་པ་བཅས་ཀྱི་འགན་ལེན་ཏན་ཏིག་བྱེད་དགོས། ལྔ་ནས་འཇུ་ལག་རྫོང་དང་མདོ་ལ་རྫོང་གིས་དགོན་ལུང་དང་སྟོང་སོ་ཆེ་བ་སོགས་ནགས་ཚལ་ཡུལ་སྐོར་བྱ་ཡུལ་གསར་སྤེལ་བེད་སྤྱོད་ཀྱི་བྱ་བ་རྒྱུན་མཐུད་ངང་ཡག་པོ་སྒྲུབ་དགོས་ལ། རྐང་ཚ་རྫོང་དང་མདའ་བཞི་རྫོང་གིས་མཚོ་སྔོན་པོའི་དམིགས་བསལ་གཉེར་སྐྱོང་ས་ཚིགས་འཛུགས་སྐྲུན་ལ་རྒྱུན་མཐུད་ངང་སྐུལ་འདེད་གཏོང་པ་དང་། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱིས་རིག་གནས་ཡུལ་སྐོར་ལས་གཞིའི་མ་དངུལ་བསྡུ་སྒྲིལ་བྱེད་ཤུགས་ཆེ་རུ་བཏང་ནས་སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། དྲུག་ནས་ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་པ་གསུམ་གྱི་ཟོག་འགྲེམས་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་མ་ལག་རྒྱུན་མཐུད་འཐུས་ཚང་དུ་བཏང་སྟེ། དངོས་ཟོག་གཙང་མ་ཅན་གྱི་སྐྱེལ་འདྲེན་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག<<མཚོ་བྱང་ཁུལ་གྱི་ས་གནས་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས>>སོགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས་པ་དང་ཀྲུང་གོ་སྤོ་འགུལ་མཚོ་བྱང་ཡན་ལག་སྤྱི་གཉེར་ཁང་དང་། ཀྲུང་གོ་སྦྲེལ་འཕྲིན་མཚོ་བྱང་ཡན་ལག་སྤྱི་གཉེར་ཁང། ཀྲུང་གོ་གློག་འཕྲིན་མཚོ་བྱང་ཡན་ལག་སྤྱི་གཉེར་ཁང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་ལྗང་མདོག་རྩིས་ཤུགས་ཐོན་ལས་ལ་དམིགས་ནས་བརྗེ་རེས་གཏམ་བཤད་སྤེལ།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཨ་ཁྱུང་། ཞུ་ཡུང་ཀུང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧ་ཝུན་ཞུག ཝུའུ་ཧྲུའུ་རུང་། མ་ཝུན་ཆོན། ཁྲིན་ཡུང་ཅེ་བཅས་དང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་དང་ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号