ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་པ། 

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ཏེ་གསུང་བཤད་གནང་།

ཟླ3པའི་ཚེས19ཉིན། ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག<<ཁུལ་ཨུའི་ཏང་འཛུགས་སྐྱོང་བྱ་བའི་མགོ་ཁྲིད་ཚན་ཆུང་གི2024ལོའི་ལོ་འཁོར་མོའི་བྱ་བའི་གཙོ་གནད>>དང<<ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི(རྒྱ་སྐྱེད)ཚོགས་འདུའི་ཐོག་ཁུལ་ཨུས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲིའི་ལམ་ལུགས་ལག་བསྟར་བྱ་རྒྱུའི་སྐོར་གྱི་དཔྱད་བརྗོད་བསམ་འཆར་གྱི་དག་ཐེར་ཇུས་གཞི>> <<ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི(རྒྱ་སྐྱེད)ཚོགས་འདུའི་ཐོག་ཁུལ་ཨུས་གཞི་རིམ་ཏང་འཛུགས་སྐྱོང་བྱ་བར་དམ་འཛིན་བྱ་རྒྱུའི་སྐོར་གྱི་དཔྱད་བརྗོད་བསམ་འཆར་གྱི་དག་ཐེར་ཇུས་གཞི>> <<ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི(རྒྱ་སྐྱེད)ཚོགས་འདུའི་ཐོག་ཁུལ་ཨུའི་འདུ་ཤེས་འཛིན་སྟངས་བྱ་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་པའི་དཔྱད་བརྗོད་བསམ་འཆར་སྐོར་གྱི་དག་ཐེར་ཇུས་གཞི>>སོགས་ཀྱི་དོན་ཚན་ལ་ཞིབ་འཇུག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ཏེ་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཧྲི་ཧུང་ཀྲན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག་བསྟན་དོན། ད་ལོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ75འཁོར་བ་དང"ལྔ་བཅུ་བཞི་པའི"འཆར་འགོད་དམིགས་ཚད་ལས་འགན་ཕྱོགས་ཡོངས་ནས་ལེགས་སྒྲུབ་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་ལ། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་བཏོན་ནས་ལོ25འཁོར་བའི་ལོ་ཞིག་ཀྱང་ཡིན་པས་ཏང་གིས་ཕྱོགས་ཡོངས་ནས་མགོ་ཁྲིད་བྱེད་པར་སྔར་ལས་ཤུགས་སྣོན་པ་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུར་རྒྱུན་མཐུད་ངང་སྐུལ་འདེད་བཏང་སྟེ། སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་ཅིག་གཏོད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་བྱ་བའི་གཙོ་ཁྲིད་དབང་ཆ་བརྟན་དུ་གཏོང་པ་སོགས་ཀྱི་བྱ་བ་སོ་སོར་ཆབ་སྲིད་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་གི་ཆབ་སྲིད་འཛུགས་སྐྱོང་སྤྱི་འདོམས་སུ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པའི"བླང་བྱར་དམིགས་ནས་ཏང་གི་ཕྱོགས་སོ་སོའི་འཛུགས་སྐྱོང་ལ་སྤྱི་འདོམས་མཐུན་སྦྱོར་ངང་སྐུལ་འདེད་གཏོང་པ་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་རྒྱུ་གཏིང་ཟབ་དང་རྒྱ་ཆེར་བཏང་སྟེ། ཏང་འཛུགས་སྐྱོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཏང་འཛུགས་སྐྱོང་གི་བཀོད་སྒྲིག་བླང་བྱར་དམ་པོར་དམིགས་ནས་མཚོ་བྱང་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་པ་དང་དུས་རབས་གསར་བ་དང་བགྲོད་ལམ་གསར་བའི་ཏང་གི་ལྟེ་བའི་ལས་འགན་ལ་དམིགས་ཏེ། བསམ་བློ་དང་རྩ་འཛུགས། སྤྱོད་ཚུལ། སྒྲིག་ཁྲིམས་བཅས་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་བྱ་བར་རྒྱུན་མཐུད་ངང་དམ་འཛིན་ཡག་པོ་བྱེད་པ་དང་། ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་པ། བྱེད་ཐབས་སོ་སོ་དོན་འཁྱོལ་བཅས་བྱས་ཏེ་མཚོ་བྱང་ལྔ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་རྩོམ་པར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་མཁོ་འདོན་བྱེད་དགོས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་བཏོན་པའི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་སྐབས་གནང་པའི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་བཤེར་ཚོ་ཆུང་ལྔ་བའི་ཚུར་ལན་གནད་དོན་དང་། "མདུན་གྲལ་དུ་སྐྱོད་པ་གསུམ"གྱི་དམིགས་ཚད་ལས་འགན། ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་རྒྱུ་དེ་གྲོང་གསེབ་དར་སྤེལ་དང་སྦྲེལ་མཐུད་ནུས་ལྡན་བྱེད་པ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི(རྒྱ་སྐྱེད)ཚོགས་འདུའི་ཐོག་ཁུལ་ཨུའི་བྱ་བ་སོ་སོར་དཔྱད་བརྗོད་བསམ་འཆར་དག་ཐེར་བྱེད་པ་སོགས་འགག་རྩའི་ཁྱབ་ཁོངས་ལ་རྩེ་གཅིག་ཏུ་དམིགས་ནས་ཆེད་དོན་དག་ཐེར་བཅོས་སྐྱོང་གཏིང་ཟབ་དང་ཏང་གི་ལམ་ཕྱོགས་དང་བྱེད་ཕྱོགས་སྲིད་ཇུས། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། གསར་བརྗེའི་ཐོན་ཁུངས་སྡེབ་སྒྲིག་དང་བེད་སྤྱོད་བྱེད་ཚད་མགྱོགས་སུ་གཏོང་པ་དང"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་བཏོན་ནས་ལོ25འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་ལེགས་པར་བསྒྲུབ་དགོས་པ་དང་། གསར་བརྗེའི་རིག་གནས་སྔོག་འདོན་དང་གསར་བརྗེའི་ཐོན་ཁུངས་གསར་སྤེལ། གསར་བརྗེའི་སློབ་གསོ་གསོ་སྦྱོང་། གསར་བརྗེའི་རིག་དངོས་སྲུང་སྐྱོབ་བཅས་ཀྱི་བྱ་བ་གཅིག་གྱུར་འཆར་འགོད་ཀྱིས་ལེགས་པར་བསྒྲུབ་དགོས། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་སྐྱེད་སྲིང་དང་ལག་ལེན་ཤུགས་ཆེན་བྱེད་པ་དང་། ཤེས་ལྡན་མི་སྣའི་བྱ་བའི་ལམ་སྲོལ་གསར་གཏོད་དང་འཐུས་ཚང་དུ་གཏོང་པ། "མི་རིགས་མཐུན་སྒྲིལ+"མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པ་བཅས་བྱས་ཏེ། སྤྱི་ཚོགས་ཡོངས་སུ་སྐལ་བཟང་དང་ལེན་ཧྥུ་ཀྲང་། མཁའ་འགྲོ་ཐར་བཅས་ཀྱི་སྔོན་ཐོན་བྱས་རྗེས་སློབ་སྦྱོང་དང་དྲིལ་སྒྲོག་ཤུགས་ཆེན་བྱས་ནས་ཉེ་འཁོར་གྱི་དཔེ་མཚོན་ལ་བརྟེན་ནས་སྤྱི་ཚོགས་ཀྱི་དར་སྲོལ་གསར་པར་སྐུལ་ཁྲིད་དང་སྣེ་ཁྲིད་བྱེད་དགོས་ཟེར།

ཁུལ་ཨུའི་ཏང་འཛུགས་སྐྱོང་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་སོ་སོ་དང་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号