མཚོ་བྱང་ཁུལ་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་བཀལ།

ཟླ3པའི་ཚེས21ཉིན། མཚོ་བྱང་ཁུལ་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དེ་ཁུལ་ཀྲུང་བོད་གསོ་རིག་ཁམས་གསོ་ལྟེ་གནས་སུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་སུང་ཞུག་ཙུང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་ཞུ་ཀྲེན། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན་བཅས་མཛད་སྒོར་ཞུགས། ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པའི་རིམ་པ་གཉིས་པའི་སྐོར་ཞིབ་པ་དང་ཀྲུང་གོ་རྒྱ་གྲམ་དམར་པོ་ཚོགས་པའི་གནོད་འཚེ་དོ་དམ་གསོ་སྦྱོང་དགེ་རྒན་དང་སྲོག་སྐྱོབ་གསོ་སྦྱོང་དགེ་རྒན། མཚོ་སྔོན་ཞིང་ཆེན་མཁོ་བསྟུན་དོ་དམ་མཁས་ཅན་ཝང་ཧའེ་ཐའོ་གདན་ཞུས་ལྟར་མཛད་སྒོར་ཞུགས། ཤ་བོ་སྐྱབས་དང་སུང་ཞུག་ཙུང་གཉིས་ཀྱིས་མཉམ་དུ་སྒོ་བྱང་གི་ཁེབས་རས་ཕྱེས། ཝང་ཡུང་ཁྲང་གིས་གཙོ་སྐྱོང་གནང་བ་དང་སུང་ཞུག་ཙུང་གིས་ཤིས་ཚིག་ཕུལ།

སུང་ཞུག་ཙུང་གིས་ཤིས་ཚིག་ཕུལ་སྐབས་བསྟན་དོན། མཚོ་བྱང་ནི“མདུན་ཕྱོགས་ན་ལྟེམ་མེར་འཁྱིལ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་། རྒྱབ་ཕྱོགས་ན་བརྟན་ཞིང་འགྱིང་བའི་བརྗིད་ཆགས་མདོ་ལ་རིང་མོ”སྟེ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་བདག་ཉིད་དུ་གྲུབ་ཡོད་ལ། “མདོ་ལ་རི་ཡིས་ཕྱུག་པ་དང་། རྐང་ཚ་མཚོ་ཡིས་ཕྱུག་པའི”མཚན་སྙན་ལྡན་ཞིང་། དེ་ནི་དར་གོས་ཚོང་ལམ་གྱི་མཚོ་སྔོན་ལམ་བུ་ཡིན་ལ། ཤིན་ཅང་དང་བོད་ལྗོངས་གྱི་འབྲེལ་ལམ་གལ་ཆེན་ཞིག་དང་རླབས་ཆེན་གྱི"མདེལ་གཉིས་སྐར་གཅིགགི་འཁྲུངས་ཡུལ། ཀྲུང་ཧྭ་མི་རིགས་ཀྱི་མགོ་བོ་ཡར་ལ་དགྱེ་བའི་གནས་མཆོག་བཅས་ཡིན་པ་དང་། དམར་དམག་ནུབ་ལམ་དམག་དཔུང་གིས་ཁྲག་བཏོན་དམར་འཛིང་བྱེད་པའི་གནས་ཡིན་ལ་ནུབ་ལམ་དམག་དཔུང་གི་སྙིང་སྟོབས་དང་དར་གོས་ཚོང་ལམ་གྱི་སྙིང་སྟོབས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་བཅས་རུམ་པའི་གནས་ཀྱང་ཡིན། མཚོ་བྱང་ནི་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་གསར་བརྗེའི་ཉམས་ཞིབ་སློབ་སྦྱོང་རྟེན་གཞི་གལ་ཆེན་ཞིག་ཏུ་གྱུར་ཡོད་ཟེར།

སུང་ཞུག་ཙུང་གིས་ནན་གྱིས་བསྟན་དོན། མང་ཚོགས་ཚོགས་པའི་རྩ་འཛུགས་ནི་ཏང་གིས་ལས་བྱེད་མང་ཚོགས་དང་འབྲེལ་བ་བྱེད་པའི་ཟམ་པ་དང་སྒྲོག་ཐག་ལྟ་བུ་ཡིན། ཉེ་ལམ་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་དེ་ཀྲུང་དབྱང་དུ་འབྲེལ་ཡོད་བྱ་བ་འབྲེལ་མཐུད་བྱེད་པར་བསྐྱོད་པ་དེའི་ཐོག་ནས་ཁུལ་ཨུས་མང་ཚོགས་ཚོགས་པའི་བྱ་བར་ཚད་མཐོའི་མཐོང་ཆེན་དང་བྱམས་བརྩེའི་ཐུགས་ཁུར་གང་ལེགས་གནང་པ་མཚོན་ཡོད། ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་མང་ཚོགས་ཚོགས་པ་རྩ་འཛུགས་དང་མང་ཚོགས་ཚོགས་པའི་ལས་བྱེད་པས་ཐེངས་འདིའི་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དང་དུས་ཐེངས་དང་པོའི་མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་འཛིན་གྲྭ་སྤེལ་བ་མགོ་རྩོམ་ས་གསར་པར་བརྩིས་ནས"ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ"བཅས་ཀྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ"ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ"གྱི་འགན་འཁྲི་འཁུར་སེམས་ཐོག་ནས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་རེ་བ་དང་བླང་བྱ་སྟོང་ཟད་དུ་མི་གཏོང་པ། མཚོ་བྱང་གི་ཐུན་མོང་མ་ཡིན་པའི་སློབ་གསོའི་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་ཏེ། སློབ་གསོའི་རྣམ་པ་དང་བྱེད་ཐབས་གསར་གཏོད་དང་། དུས་རབས་གསར་པའི་མང་ཚོགས་ཚོགས་པའི་ལས་བྱེད་པའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་མཉམ་ལས་བྱེད་པར་ཐུན་མོང་ཐོག་འཚོལ་ཞིབ་དང་སྐུལ་འདེད་གཏོང་པ། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་། ཕུགས་བསམ་དད་སེམས་ཀྱི་འོད་སྣང་གསལ་སྟོན་བྱ་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། ཆབ་སྲིད་རང་བཞིན་རྒྱུན་འཁྱོངས་དང་དུས་རབས་རང་བཞིན་འབུར་ཐོན། དམིགས་སའི་རང་བཞིན་ཆེ་རུ་གཏོང་པ་བཅས་བྱེད་དགོས། མང་ཚོགས་ཚོགས་པའི་ལས་བྱེད་པའི་གསོ་སྦྱོང་ལྟེ་གནས་དེ་མང་ཚོགས་ཚོགས་པའི་ལས་བྱེད་པས་གསར་བརྗེའི་སྲོལ་རྒྱུན་སྦྱོང་བརྡར་དང་ཏང་གཤིས་སྦྱོང་བརྡར། སྙིང་སྟོབས་དང་གཤིས་རྒྱུད་སྦྱོང་བརྡར་བཅས་བྱེད་པའི་ཕུགས་བསམ་དད་སེམས་ཀྱི་མེ་ལྕེ་ལྟ་བུར་འགྱུར་བ་ཏན་ཏིག་བྱེད་པ་དང་། ཁུལ་ཡོངས་ལ་རྐང་འཛུགས་པ་དང་། རྒྱལ་ཡོངས་ལ་ཁ་ཕྱོགས་པ། ཁྱད་ཆོས་མངོན་གསལ་ལྡན་པ་བཅས་ཀྱི་མང་ཚོགས་ཚོགས་པའི་ལས་བྱེད་པ་གསོ་སྦྱོང་དང་སློབ་གསོའི་རྟེན་གཞི་འཛུགས་སྐྲུན་གང་ཐུབ་བྱས་ཏེ། མང་ཚོགས་ཚོགས་པའི་ལས་བྱེད་པ་གསོ་སྦྱོང་ལྟེ་གནས་དེ་ཁུལ་ཡོངས་ཀྱི་མང་ཚོགས་ཚོགས་པའི་ལས་བྱེད་པས་འཚོལ་ཞིབ་ཧུར་ཐག་དང་གསར་གཏོད་བྱེད་ཕོད་པའི"སྤོབས་པ་སྩོལ་ས"དང"རོགས་འདེགས་འཕྲུལ་ཆས"ལྟ་བུར་འགྱུར་བ་བྱས་ཏེ། མཚོ་བྱང་གི་མང་ཚོགས་ཚོགས་པའི་བྱ་བའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས"མཚོ་བྱང་ལྔ"འཛུགས་སྐྲུན་ལ་རོགས་རམ་སྔར་ལས་ལེགས་པ་བྱེད་དགོས་ཟེར།

སྒོ་བྱང་འགེལ་བའི་མཛད་སྒོ་མཇུག་སྒྲིལ་རྗེས། ཚོགས་ཞུགས་མགོ་ཁྲིད་མང་ཚོགས་ཚོགས་པའི་གསོ་སྦྱོང་ལྟེ་གནས་ཀྱི་ཉིས་ཐོག་ཏུ་སོང་ནས་རྒྱ་གྲམ་དམར་པོ་ཚོགས་པའི་མཁོ་བསྟུན་སྲོག་སྐྱོབ་གསོ་སྦྱོང་ལ་ལྟ་སྦྱོང་བྱས་ཏེ་ཡུལ་དངོས་ནས་མཛུབ་ཁྲིད་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号