ཤ་བོ་སྐྱབས་སྨོན་ལམ་མཐོན་པོ་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞི། ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་བཅས་སུ་བསྐྱོད་དེ་ཡུལ་དངོས་ནས་གཞུང་དོན་སྤེལ།

ཟླ3པའི་ཚེས20ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་སྨོན་ལམ་མཐོན་པོ་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞི། ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དུ་ཕེབས་ནས་ཡུལ་དངོས་ནས་གཞུང་དོན་སྤེལ། དམིགས་འབེན་དམ་འཛིན་དང་ཡིད་ཆེས་བརྟན་གཏོང་། འགག་སྒྲོལ་དཀའ་སེལ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་པ་དང་།  རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གྱི་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།


སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞིར་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་རྟེན་གཞིའི་དུས་ཐེངས་གཉིས་པའི་ལས་གཞི་དང་རྐ་ཆུ་ཆུ་གསོག་རྫིང་བུའི་གནས་འདེམས་སོགས་ལ་ལྟ་ཞིབ་བྱས་པ་དང་། ཆུ་འདྲེན་ལམ་ཐིག་བཀོད་སྒྲིག་དང་མཐའ་འཁོར་གྱི་རྩྭ་སའི་རིས་ཁྲ་བཅོས་སྐྱོང་། སྡོང་འཛུགས་རྩྭ་འདེབས་ཀྱི་ལྗང་འགྱུར་སོགས་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་བར་མ་ཟད། ཁུལ་འགྲིམ་འགྲུལ་དང་ཆུ་བེད། ནགས་ལས་དང་རྩྭ་ཐང་སོགས་སྡེ་ཁག་གི་བྱ་བའི་སྙན་ཞུར་གསན་རྗེས་སྨོན་ལམ་མཐོན་པོའི་སྐྱེ་ཁམས་ཡུལ་སྐོར་དང་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན་ཐད་ལས་ཁུངས་སོ་སོ་དང་སྡེ་ཁག་སོ་སོས་ནུས་ཤུགས་མཉམ་འདོན་དང་དངོས་འཛིན་དངོས་སྒྲུབ། གཞོགས་འདེགས་དམ་ཟབ་བཅས་བྱས་པས་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད་ཟེར། གོམ་སྟབས་རྗེས་མར། འབྲེལ་ཡོད་སྡེ་ཁག་སོ་སོས་རང་འགུལ་ངང་འགན་འཁྲི་འཁུར་ནས་བྱས་རྗེས་འཇོག་པ་དང་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ཏེ་གཏན་འཁེལ་བྱས་པའི་འཆར་གཞི་གཞིར་བཟུང་བྱ་བའི་ལས་འགན་སོ་སོར་སྐུལ་འདེད་མགྱོགས་སུ་གཏོང་དགོས་ཏེ། གཅིག་ནས་བྱ་བའི་ཚད་གཞི་མཐོ་རུ་གཏོང་བ་དང་བྱ་བའི་སྒྲུབ་ཐབས་གསར་གཏོད། ལས་ཕྱོད་ཆེ་རུ་གཏང་སྟེ་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་དཔེ་དུམ་ཅན་གྱི་སློབ་གསོ་ཉམས་ཞིབ་རྟེན་གཞིའི་ལས་གཞི་གང་མགྱོགས་བསྐྲུན་ནས་ཚན་རིག་དང་མཐུན་པའི་ངང་རི་རྩེའི་རྐང་བགྲོད་ཤིང་སྐས་ལམ་དང་སྐྱེ་ཁམས་རླངས་འཁོར་འཇོག་ས་འཆར་འགོད་བྱས་ཏེ་ལས་གཞི་སྔ་མོ་ནས་སྐྲུན་ཐུབ་པ་དང་སྔ་མོ་ནས་སྤྱོད་ཐུབ་པ། སྔ་མོ་ནས་ཕན་ཁེ་ཐོབ་པ་བཅས་ལ་སྐུལ་འདེད་ནུས་ལྡན་གཏོང་དགོས། གཉིས་ནས་སྨོན་ལམ་མཐོན་པོ་སྒར་འདེབས་རྟེན་གཞིའི་དུས་ཐེངས་གཉིས་པའི་ལས་གཞི་འཛུགས་སྐྲུན་ཇེ་མགྱོགས་སུ་བཏང་ནས་འཆར་འགོད་ཇུས་འགོད་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྣེ་མང་མཉམ་སྤྱོད་ཀྱིས་ས་ཞིང་བསྡུ་ལེན་དང་ལས་ཡུལ་བཀོད་སྒྲིག གར་སྟེགས་སྐྲུན་པ་སོགས་ཀྱི་བྱ་བ་གང་མགྱོགས་སྤེལ་དགོས། ལྗོངས་ཁུལ་གྱི་ཤོང་ཚད་རྒྱ་སྐྱེད་དང་སྤུས་ཚད་མཐོ་རུ་གཏོང་བའི་ཐད་རྒྱུན་མཐུད་ངང་འབད་བརྩོན་བྱེད་དགོས། གསར་བརྗེའི་སློབ་གསོ་དང་། རི་ཆུའི་མཛེས་པ། དམངས་སྲོལ་མྱོང་རོལ། ཁྱད་ལྡན་བཟའ་བཏུང་སོགས་བྱེད་ནུས་གཞི་གཅིག་ཅན་གྱི་ཡུལ་སྐོར་བྱ་ཡུལ་གཏོད་དགོས། གསུམ་ནས་དུས་ཐེངས་གཉིས་པའི་ལས་གཞི་ལ་ཆུ་གློག་ཤར་གཏོང་བྱེད་པ་སོགས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་དམ་འཛིན་ཡག་པོ་བྱས་ཏེ་ཡུལ་བབ་དང་བསྟུན་ནས་སྨོན་ལམ་མཐོན་པོ་གཞུང་ལམ་གྱི་སྡོང་འཛུགས་རྩྭ་འདེབས་ཀྱི་ལྗང་འགྱུར་བྱ་བ་ཇུས་འགོད་ཡག་པོ་བྱེད་དགོས་པ་དང་། མཐའ་འཁོར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་ས་ཐེར་ཕྱོགས་བསྡུས་ཉམས་གསོ། ཞན་འགྱུར་རྩྭ་ཐང་བཅོས་སྐྱོང་དང་ལེགས་བཅོས་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་དགོས། བཞི་ནས་རང་བྱུང་ཆ་རྐྱེན་དང་ལྗོངས་གཟིགས་སྟེགས་གནས་སོགས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་ཕྱོགས་བསྡུས་བསམ་གཞིག་བྱས་ཏེ་ཆུ་འདྲེན་ལམ་ཐིག་བཀོད་སྒྲིག་ལུགས་མཐུན་བྱས་ནས་རྐ་ཆུ་ཆུ་གསོག་རྫིང་བུ་འཆར་འགོད་དང་འཛུགས་སྐྲུན་ཏན་ཏིག་བྱེད་དགོས། ལྔ་ནས་ཡུལ་བབ་དང་བསྟུན་ནས་སྒར་འདེབས་དང་། རྐང་བགྲོད། རོལ་དབྱངས་དུས་ཆེན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་ཇུས་འགོད་ནན་ཏན་བྱས་ཏེ་སྒར་འདེབས་རྟེན་གཞིའི་ཞབས་ཞུའི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ་དང་། ཡུལ་སྐོར་བའི་ཉམས་ལེན་ཚོར་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་མཐུད་ངང་མཐོ་རུ་བཏང་ནས་དེ་ཉིད་རིག་གནས་ཡུལ་སྐོར་འཛད་སྤྱོད་ཀྱི་འདེགས་ཤིང་གསར་པ་ཞིག་ཏུ་འགྱུར་བར་བྱེད་དགོས།

མཚོ་བྱང་ཁུལ་མཐོ་སྒང་སྐྱེ་ཁམས་ཕྱུགས་ལས་ཚན་རྩལ་དཔེ་སྟོན་གླིང་དུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་སུ་ནོར་གནག་ལྟ་སྐོར་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་གྱི་ལས་གཞི་ཨར་སྐྲུན་འཕེལ་རིམ་དང་བཟོ་སྐྲུན་སྤུས་ཚད། འཛུགས་སྐྲུན་ཆ་ཚང་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་ནན་གྱིས་བསྟན་དོན། གཅིག་ནས་ནོར་གནག་ལྟ་སྐོར་སྐྱེ་ཁམས་ཡུལ་སྐོར་ལྗོངས་ཁུལ་གྱི་ལས་གཞི་འཛུགས་སྐྲུན་བྱ་བ་མཇུག་སྒྲིལ་ནས་མཇུག་བསྡོམས་རྩིས་སྤྲོད་དང་བཟོ་གྲྭ་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་སོགས་ཀྱི་མཇུག་བསྡུའི་བྱ་བ་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ལས་གཞི་འཛུགས་སྐྲུན་ལས་ཁུངས་ཀྱིས་དུས་ཐོག་ཏུ་ལས་གཞི་འཛུགས་སྐྲུན་གྱི་བཤེར་དཔང་དང་འགྱུར་ལྡོག་གཏོང་རྒྱུ་སོགས་ཀྱི་འགྲོ་ལུགས་གཉེར་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། བཟོ་གྲྭའི་མཇུག་བསྡོམས་རྩིས་སྤྲོད་ཞིབ་བཤེར་ལས་ཁུངས་ཀྱིས་ལས་གཞི་ཞིབ་བཤེར་གཏན་འབེབས་བྱ་རྒྱུ་དམ་འཛིན་བྱས་ཏེ་བཟོ་གྲྭའི་མཇུག་བསྡུའི་བྱ་བ་མཇུག་སྒྲིལ་ཡག་པོ་བྱེད་དགོས། གཉིས་ནས་དམིགས་འབེན་སྟོན་ཕྱོགས་རྒྱུན་འཁྱོངས་བྱས་ནས་ལས་གཞི་ལས་ཁུངས་ཀྱིས་བྱེད་པོའི་འགན་འཁྲི་སྒྲུབ་པ་དང་རྗེས་མཐུད་འཕེལ་རྒྱས་ལ་འཕྲད་པའི་གནད་དོན་ཁྱོན་ཡོངས་ནས་ལེགས་སྒྲིག་བྱས་ཏེ་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ་དང་བྱ་བའི་ཁྲོད་ཀྱི་དཀའ་གནད་སྐོར་ལ་འཕྲད་པའི་གནད་དོན་དུས་ཐོག་ཏུ་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་སྙན་སེང་ཞུ་དགོས་པར་མ་ཟད། རང་བྱུང་ཐོན་ཁུངས་དང་། ནགས་ལས་དང་རྩྭ་ཐང་། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཁག་དང་མཉམ་དུ་ལས་གཞིའི“ཕྱོགས་ལྔའི་ཞིབ་བཤེར”གང་མགྱོགས་ལེགས་སྒྲུབ་བྱས་ནས་རྗེས་མཐུད་སྒྱུར་བཀོད་དང་ཇེ་ལེགས་སུ་གཏོང་ཆེད་རྨང་གཞི་ཡག་པོ་འདིང་དགོས། གསུམ་ནས་མཚོ་སྔོན་པོའི་ནོར་གནག་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྟེན་གཞི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་ནོར་སྲིད་མ་དངུལ་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། དེང་རབས་དང་སྲོལ་རྒྱུན་ཟུང་འབྲེལ་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས། སྒྲིག་བཀོད་ཆ་ཚང་སྔར་བས་འཐུས་ཚང་དུ་གཏོང་པ་དང་། ནུས་པ་བཀོད་སྒྲིག་བྱེད་སྟངས་ཇེ་ལེགས་སུ་གཏོང་པ་བཅས་བྱེད་དགོས། འབྲེལ་ཡོད་ལས་ཁུངས་སོ་སོས་འདུ་ཤེས་གསར་པ་གཏོད་པ་དང་གནས་ཐིག་གནད་འཁེལ་འཚོལ་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་རང་འགུལ་ངང་མཉམ་འདྲེས་བྱེད་པ། མཚོ་སྔོན་པོའི་ནོར་གནག་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ཀྱི་དམིགས་ཚད་དང་བྱ་ཐབས་དུས་ཐོག་ཏུ་བཟོ་བ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་དོན་དངོས་ནས་མགོ་བཙུགས་ཏེ་ས་ཁོངས་ནང་ཁུལ་གྱི་ནུས་པ་འཆར་འགོད་ལུགས་མཐུན་བྱས་ནས་ལས་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། བཞི་ནས་གསེར་དངུལ་ཐང-རྡུལ་ཕྲན་མཁར་རྒྱལ་ཁབ་ཀྱི5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་རྒྱུ་གོ་སྐབས་སུ་བཟུང་ནས་མཐོ་སྒང་ནོར་གནག་གི་རིག་གནས་གཙོ་གནད་ཐོག་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་པ་དང་། ཚན་རིག་དང་མཐུན་པའི་རྩེར་སོན་ལམ་ཐིག་དང་བྲིན་ཚོང་ཐབས་ཇུས་བཟོ་བ་དང་། གནས་ལེགས་པོ་བཀོད་པ་དང་ལམ་ཐིག་ཡག་པོ་གཏོད་པ། ཁྱབ་ཁོངས་ཡག་པོ་སྐྲུན་པ་བཅས་བྱས་ནས་ཞིང་ལས་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་སྟོན་རྟེན་གཞི་བསྐྲུན་ནས་མཚོ་བྱང་ཁུལ་ལ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་ཆེད་མིང་བྱང་གསར་པ་གཏོད་དགོས།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཁུལ་འཕེལ་སྒྱུར་དང་། ནོར་སྲིད། འགྲིམ་འགྲུལ། ཆུ་བེད། ནགས་ལས་དང་རྩྭ་ཐང་། ཞིང་ཕྱུགས། རིག་གནས་ལུས་རྩལ་ཡུལ་སྐོར་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号