ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།

ཟླ3པའི་ཚེས19ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས64པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུདསྒྲོག་དང་སློབ་སྦྱོང་བྱས་ལ། འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་བྱས་པ་དང་བྱ་བར་བཀོད་སྒྲིག་གནང་།

ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དགོངས་དོན་གཞི་རིམ་དུ་སྒྲོག་རྒྱུ་དང་མི་སེམས་ལ་ཟུག་རྒྱུར་སྐུལ་འདེད་བཏང་སྟེ་ཏང་ཀྲུང་དབྱང་གི་སྲིད་དོན་གལ་ཆེན་གྱི་བྱེད་ཕྱོགས་དང་ཐབས་ཇུས་བཀོད་སྒྲིག་མཚོ་བྱང་དུ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་འགན་ལེན་བྱེད་དགོས། གནས་བབ་གསར་པ་དང་བླང་བྱ་གསར་པ། ལས་འགན་གསར་པ་བཅས་ཁོང་དུ་ཡང་དག་ཆུད་པར་བྱེད་པ་དང་། ཐོན་ལས་ཀྱི"གནས་བཞི"འཛུགས་སྐྲུན་ལ་དམ་པོར་དམིགས་པ། "ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་པ་གསུམ"གྱི་བླང་བྱར་གཞིགས་ནས་སྲིད་ཇུས་ཁྲོད་དུ་འཕེལ་རྒྱས་ཀྱི་གནས་བབ་གསལ་རྟོགས་དང་འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བཅས་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་གསར་བརྗེའི་ཉམས་ཞིབ། དམངས་འཚོ་འགན་སྲུང་སོགས་ཀྱི་བྱ་བ་གང་ལེགས་བསྒྲུབ་དགོས། ཞིང་ཆེན་ཐད་གཏོགས་ཐིང་ཅུས་དང་མཐོ་རིམ་སློབ་གྲྭ་ཆེན་མོ་དང་བཞག་པའི་འཐབ་ཇུས་མཉམ་ལས་གྲོས་མཐུན་རང་འགུལ་ངང་རྗེས་སྙེག་དོན་འཁྱོལ་ཧུར་ཐག་བྱེད་དགོས་པ་དང་། ཐོན་ལས་རིགས་སྒྱུར་དང་གསར་བརྗེའི་ཉམས་ཞིབ། སྐྱེ་ཁམས་ཡུལ་སྐོར། གྲོང་གསེབ་དར་སྤེལ། ལས་བྱེད་གསོ་སྦྱོང་། ཤེས་ལྡན་གསོ་སྐྱོང་སོགས་ཁྱབ་ཁོངས་མང་པོར་དམིགས་ནས་མཉམ་ལས་བརྗེ་རེས་སྤེལ་ཏེ། སྤུས་ཚད་མཐོ་བའི་མཉམ་ལས་གྲུབ་འབྲས་ཁག་ཅིག་ཆགས་པར་བྱས་ནས་ཁུལ་ཡོངས་དང་ཕྱོགས་ཡོངས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས། "1+10"ཡིས་གཞི་རིམ་ལ་འབྲེལ་གཏུག་བྱས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བ་དང"4+1+N"འགན་གཙང་ལེན་གྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི་བྱ་བའི་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ་ཚོགས་འདུའི་དགོངས་དོན་སྔོན་ལ་ཁོང་དུ་ཆུད་པར་བྱེད་པ་དང་། ཀྲུང་དབྱང་དང་། ཞིང་ཆེན་དང་ཁུལ་ཏང་ཨུའི་ཡིག་ཆ་དང་པོའི་དགོངས་དོན་སྒྲོག་འགྲེལ་དང་ཟུང་འབྲེལ་བྱས་ནས་དུས་ཐོག་ཏུ་གཞི་རིམ་མམ་ཡུལ་ཚོ་གྲོང་རྡལ་དུ་བསྐྱོད་དེ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་སྒྲོག་འགྲེལ་དང་སྣེ་ཁྲིད། ལྟ་སྐུལ་བཅས་བྱེད་དགོས་ཟེར། 

ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས2024ལོའི་དཔྱིད་དུས་སློབ་སྐབས་སུ་ཀྲུང་དབྱང་ཏང་གི་སློབ་གྲྭའི(རྒྱལ་ཁབ་སྲིད་འཛིན་སློབ་གླིང)ན་གཞོན་ལས་བྱེད་གསོ་སྦྱོང་འཛིན་གྲྭ་གཉེར་མགོ་བརྩམས་པའི་སྐབས་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། ཕུལ་བྱུང་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་བྱ་རྒྱུ་དེ་སྔར་ལས་གལ་འགངས་ཆེ་བའི་གནས་སུ་བཞག་སྟེ་ན་གཞོན་ལས་བྱེད་པ"123"གསོ་སྐྱོང་འཆར་གཞི་ཁྱོན་ཡོངས་ནས་ལག་བསྟར་དང་། ཕུལ་བྱུང་ན་གཞོན་ལས་བྱེད་པའི་བང་མཛོད་འགུལ་རྣམ་ལེགས་སྒྲིག་གསོ་སྐྱོང་དང་འདེམས་སྒྲུག་བྱ་བ་རྒྱུན་ཆད་མེད་པར་ལེགས་བཅོས་དང་གསར་གཏོད་བཅས་བྱེད་དགོས། ན་གཞོན་ལས་བྱེད་པའི"འཇོན་ཐང་བདུན"དང"ནུས་པ་བརྒྱད"རྒྱུན་ལྡན་ཅན་དུ་འགྱུར་བར་བྱེད་པ་དང་། བརྗོད་དོན་གླེང་སྟེགས་དང་ཆེད་དོན་གསོ་སྦྱོང་། བརྗོད་དོན་བརྟག་དཔྱད་ཞིབ་འཇུག་སོགས་སྤེལ་ནས་ན་གཞོན་ལས་བྱེད་པའི་ཆབ་སྲིད་ཀྱི་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། ཉམས་སད་ཐེག་ཐུབ་པའི་ཆབ་སྲིད་ཀྱི་གཤིས་རྒྱུད་སྦྱོང་བརྡར་བྱེད་དགོས། སྐུལ་ལྕག་དང་གཅུན་འདོམས་གལ་ཆེན་མཉམ་དུ་འཛིན་པ་དང་དོ་དམ་ནན་མོ་དང་དགའ་ཞེན་ཟབ་མོ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ལྟ་སྐུལ་དོ་དམ་རེག་ཚོར་དེ་ན་གཞོན་ལས་བྱེད་པ་འཚར་ལོངས་ཡོང་བའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་ཟེར།

ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་གཉིས་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནུས་རྒྱུ་གསར་པའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ནུས་རྒྱུའི་བདེ་འཇགས་ཐད་གནང་བའི་བླང་བྱ་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་དཔལ་འབྱོར་འཕེལ་རྒྱས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ནུས་རྒྱུ་གསར་པའི་འཕེལ་རྒྱས་ཀྱི་དུས་བབ་ཁྲོད་བླང་བྱ་ཁོང་དུ་ཡང་དག་ཆུད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ་དང་ཐོན་ལས་ཀྱི"གནས་བཞི"སྐྲུན་རྒྱུར་དམིགས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དང་བསྡུར་གཞི་ཡོད་པའི་ལེགས་ཆ་སྔོག་འདོན་གང་ལེགས་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་གྱི་མ་འཇོག་ལ་དམིགས་ནས་གོང་རིམ་ལ་འབྲེལ་གཏུག་དང་སྙན་སེང་ཞུ་རྒྱུར་མུ་མཐུད་ཤུགས་སྣོན་དགོས། "གློད་སྡོམ་ཞབས་གསུམ"གྱི་བཅོས་སྒྱུར་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་བ་དང་ཁུལ་འཕེལ་སྒྱུར་དང་རང་བྱུང་ཐོན་ཁུངས། ནགས་ལས་དང་རྩྭ་ཐང་ཅུས། སྐྱེ་ཁམས་ཁོར་ཡུག་སོགས་སྡེ་ཁག་གིས་སྔ་མོ་ཐེ་ཞུགས་བྱས་ཏེ་མཉམ་དུ་སྐུལ་འདེད་གཏོང་བ་དང་རིགས་སོ་སོའི་ཞབས་ཞུའི་འགན་ལེན་བྱ་བ་ཏན་ཏིག་ངང་ཡག་པོར་བསྒྲུབ་ནས་ལས་གཞི་སྔ་མོ་ནས་བསྐྲུན་པ་དང་སྔ་མོ་ནས་ཕན་པ་ཐོབ་པའི་འགན་ལེན་བྱེད་དགོས་ཟེར།

ཚོགས་འདུའི་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། ཐོན་རྫས་གསར་སྒྱུར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་སྟངས་འཛིན་ནན་མོ་བྱས་ཏེ་སྒྲིག་ཆས་གསར་སྒྱུར་རིམ་སྤོར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ། སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་གཏོང་བའི་ཕན་འབྲས་དངོས་བཅས་ལ་བརྟེན་ནས་ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཁྲོམ་རའི་གསོན་ཤུགས་འཕེལ་བར་བྱེད་དགོས་ཤིང་། བཟོ་ལས་དང་ཞིང་ལས། ཨར་སྐྲུན། འགྲིམ་འགྲུལ་སོགས་གཙོ་གནད་ཁྱབ་ཁོངས་དང་། ཁྱིམ་སྤྱོད་གློག་ཆས། ཁྱིམ་ཆས་སོགས་སྤྱོད་སྒོ་ཆེ་བའི་འཛད་སྤྱོད་དངོས་རྫས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པའི་གཏིང་ཤུགས་སྔོག་འདོན་གཏིང་ཟབ་བྱེད་པ་དང་། ཐོན་ཁུངས་རྙིང་བ་ཕྱིར་བསྡུ་འཁོར་སྐྱོད་ངང་བེད་སྤྱོད་བྱེད་པར་སྐུལ་འདེད་བཏང་སྟེ། སྒྲིག་ཆས་གསར་སྒྱུར་རིམ་སྤོར་དང་འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེ་བྱེད་པའི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་བསྐྲུན་དགོས།  རྫོང་དང་ཡུལ་ཚོ། སྡེ་བ་བཅས་རིམ་གསུམ་ཟོག་འགྲེམས་ཀྱི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏོང་བ་དང་། གློག་རྡུལ་ཚོང་དོན་གྱི་ཐོན་རྫས་ཕྱིར་ཚོང་དང་འཁྱག་སྦྲེལ་ཟོག་འགྲེམས་འཛུགས་སྐྲུན་སོགས་གཙོ་གནད་ལས་འགན་དོན་འཁྱོལ་བྱ་རྒྱུར་མུ་མཐུད་དམ་འཛིན་ཡག་པོ་བྱེད་པ། ཐད་གཏོང་བརྒྱུད་དེ་ཟོག་འདྲེན་འཕེལ་རྒྱས་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་ཁྱད་ལྡན་གློག་རྡུལ་ཚོང་དོན་གྱི་ཆས་རྟགས་ཁག་ཅིག་གཏོད་དགོས་ཟེར།    

ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཡོངས་ཀྱིས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱེད་པ་དེ་གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་ཚོགས་འདུས་བྱ་བའི་ཁྲོད་རྒྱ་ཁྱབ་ཏུ་གནས་པ་དང་མངོན་མེད་གཞན་འགྱུར་གྱི་གནད་དོན་སྣ་ཚོགས་ལ་དམིགས་ཏེ་དམིགས་ཚད་ལས་འགན་དང་ཞིབ་ཕྲའི་བྱ་བའི་བླང་བྱ་ཁ་གསལ་བཏོན། བྱེད་པོའི་འགན་འཁྲི་ཏན་ཏིག་འཁུར་པ་དང་། ཕྱི་ཚུལ་རིང་ལུགས་ཀྱིས་གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་བར་བཅོས་སྒྲིག་བྱེད་ཚུལ་ལ་སྐོར་ཞིབ་ལྟ་ཞིབ་དང་ཏང་འཛུགས་སྐྱོང་གི་ལས་འགན་སྒྲུབ་ཚུལ་ལ་གསལ་ཞུ་དཔྱད་གླེང་དཔྱད་ཞིབ། ལོ་འཁོར་གྱི་ཕྱོགས་བསྡུས་དཔྱད་ཞིབ་གདེང་འཇོག་བཅས་ཀྱི་ནང་དོན་ནང་འཇུག་པ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱ་བ་དོན་ཐོག་ཏུ་ཡོང་པ། བྱ་སྤྱོད་ཐོག་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་པ། ཕྱོགས10ཡི་གནད་དོན་ལ་དཔེ་བསྡུར་དང་། “གཞི་རིམ་དུ་བསྐྱོད་པ་བཞི”རྒྱུན་འཁྱོངས་བྱས་ཏེ་གཞི་གྲངས་གསལ་བོར་རྟོགས་པ་དང་གནས་ཚུལ་གསལ་བོར་ཤེས་པ། འབྱུང་ལྟས་རང་བཞིན་དང་ཕྱོགས་ལྷུང་རང་བཞིན་གྱི་གནད་དོན་དུས་ཐོག་ཏུ་བཅོས་སྒྲིག་ནུས་ལྡན་བཅས་བྱེད་དགོས། གཅིག་གྱུར་འཆར་འགོད་དང་མཐུན་སྦྱོར་བཀོད་གཏོང་ལ་ཤུགས་སྣོན་དང་བྱ་བའི་ལམ་ལུགས་འཐུས་ཚང་དུ་གཏོང་བ། བྱ་བའི་བརྒྱུད་རིམ་ཇེ་ལེགས་དང་ཚད་ལྡན་དུ་གཏོང་པ། ལྟ་ཞིབ་བྱེད་སྟངས་དང་བྱ་ཐབས་གསར་གཏོད་བྱེད་པ། ལྟ་ཞིབ་དང་འགན་འཁྲི་བདའ་འདེད་གཏོང་ཤུགས་ཆེ་རུ་གཏོང་པ་བཅས་བྱས་ནས་དོན་འཁྱོལ་ལ་དམ་འཛིན་ཤུགས་ཆེན་བྱེད་པའི་བྱ་བའི་རྣམ་པ་གཏོད་དགོས་ཟེར། 

ཚོགས་འདུའི་སྟེང་བསྟན་དོན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་ཞིང་ཆེན་ཡོངས་ཀྱི་སྡེ་སྡོད་ཧྲུའུ་ཅི་དང་པོའི་འཐུས་མིའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ཏེ་སྡེ་སྡོད་བྱ་བའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། སྡེ་སྡོད་རུ་མིའི་འགན་འཁྲིའི་འདུ་ཤེས་དང་འགན་ཁུར་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་རང་གཅུན་དོ་དམ་ལ་ཤུགས་སྣོན་པ་དང་རང་འགུལ་ངང་རོགས་སྐྱོར་བྱེད་པའི་འདུན་པ་ཆེ་རུ་བཏང་སྟེ་སྡེ་སྡོད་བྱ་བའི་མཐའ་མཚམས་སུ་དོན་འཁྱོལ་ཐུབ་པའི་འགན་ལེན་བྱེད་དགོས། བྲེལ་དཀའ་དང་ཉེན་ཁ་ཆེ་བ།  ལས་འགན་ལྕི་བ་བཅས་ཀྱི་ལག་ལེན་ཁྲོད་དུ་སྡེ་སྡོད་བྱ་བའི་རུ་ཁག་སྦྱོང་བརྡར་བྱ་རྒྱུར་མཐོང་ཆེན་བྱས་ཏེ་གྲུབ་འབྲས་དང་ཕན་འབྲས་གཟེངས་བསྟོད་ཀྱི་ཚད་གཞིར་བརྩིས་ནས་གོ་མིང་དཔྱད་བསྡུར་གཏན་འབེབས་དང་གནས་སྤོར་བེད་སྤྱོད་ཐད་ཕུལ་བྱུང་གི་སྡེ་སྡོད་ལས་བྱེད་པར་སྔོན་ལ་བསམ་གཞིག་བྱས་ཏེ་དོ་དམ་ནན་མོ་དང་དགའ་ཞེན་ཟབ་མོའི་བྱ་བའི་རྣམ་པ་རྒྱུན་མཐུད་ངང་གཏོད་དགོས། རྒྱུན་རྣམ་ཅན་གྱི་སྡེ་སྡོད་བྱ་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་དོ་དམ་ཉིས་བརྩེགས་ལམ་ལུགས་ཁྱོན་ཡོངས་ནས་ཁྱབ་སྤེལ། སྡེ་སྡོད་རོགས་སྐྱོར་བྱ་བའི་བྱེད་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ཏེ་སྡེ་སྡོད་ལས་བྱེད་པས་འགན་འཁྲི་སྒྲུབ་ཚུལ་དང་ནུས་པ་འདོན་སྤེལ། སྤྱོད་གཙང་རང་གཅུན། མང་ཚོགས་ཀྱིས་གདེང་འཇོག་བྱེད་ཚུལ་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་ཟེར།

ཚོགས་འདུའི་སྟེང་མཚོ་བྱང་འཐུས་ཚབ་ཚོགས་པ་གུང་གཞོན་ཚོགས་པ་ཀྲུང་དབྱང་དུ་བསྐྱོད་དེ་མཇལ་འཕྲད་གནང་པའི་གནས་ཚུལ་དང་། མཚོ་བྱང་ཁུལ་གྱི2023ལོའི་དམངས་འཚོའི་བྱ་བ་དངོས་སྒྲུབ་པའི་གནས་ཚུལ། ཁུལ་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་འགན་ཁུར་ལམ་ལུགས་ལ་ཞིབ་བཤེར་དང་དཔྱད་ཞིབ་བྱས་ཚུལ་སོགས་ཀྱི་བྱ་བའི་སྙན་ཞུར་ཉན་པ་དང་། 《ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་2024ལོའི་བྱ་བའི་གཙོ་གནད》སོགས་ཡིག་ཆར་གྲོས་ཞིབ་གནང་།    

ཚོགས་འདུའི་སྟེང་འབྲེལ་ཡོད་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号