ཁུལ་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་གཞུང་ལས་ཁང་གི་ཀྲུའུ་རིན་ཚོགས་འདུ་དང་ཁུལ་ཡོངས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་ཚོགས་འདུ་ཚོགས།

ཉེ་ཆར། ཁུལ་ཡོངས་ཀྱི་ཏང་ཨུ་དང་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་གཞུང་ལས་ཁང་གི་ཀྲུའུ་རིན་ཚོགས་འདུ་དང་ཁུལ་ཡོངས་ཀྱི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་བོ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་ཚོགས་འདུ་ཚོགས། ཚོགས་འདུའི་སྔོན་ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བྱ་བའི་བླང་བྱ་བཏོན་པ་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་།

ཚོགས་འདུའི་ཐོག་དུས་རབས་གསར་པའི་གཞུང་ལས་ཁང་གི་ལས་དོན་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ཁོང་དུ་གཏིང་ཟབ་ཆུད་པ་བྱས་ནས། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུའི་མགོ་ཁྲིད་ཀྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གཞུང་ལས་ཁང་གི་བྱ་བའི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས་པ་དང་། སློབ་སྦྱོང་གཏིང་ཟབ་དང་སྤྱི་ཡོངས་ཁོང་དུ་ཆུད་པ། གཅིག་གྱུར་ལག་བསྟར་བཅས་བྱས་ནས་རྣམ་འགྱུར་བརྟན་པོ་དང་བྱ་ཐབས་ནུས་ལྡན། སྤྱོད་ཚུལ་ཡག་པོ་བཅས་ཀྱི་སྒོ་ནས་དོན་འཁྱོལ་དམ་འཛིན་ཡག་པོ་བྱེད་དགོས། ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དང་དེ་བཞིན་ཞིང་ཆེན་དང་ཁུལ་ཨུའི་བྱ་བའི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པ་དང་། ཆབ་སྲིད་ལ་སྣང་ཆེན་དང་འགན་འཁྲི་འཁུར་ཕོད་པ། སྒྲིག་ལམ་ལ་སྣང་ཆེན་བཅས་བྱ་རྒྱུ་དེ“ཞབས་ཞུ་གསུམ”གྱི་བྱ་བའི་བརྒྱུད་རིམ་ཧྲིལ་པོ་དང་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་ཆབ་སྲིད་ཀྱི་འགག་སྒོ་སྲུང་བའི་ནུས་པ་ཟམ་མི་ཆད་པར་ཆེ་རུ་བཏང་སྟེ་ཆབ་སྲིད་ཀྱི་གལ་ཆེའི་ཆ་རྐྱེན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། རང་འགུལ་ངང་འགན་ནུས་ཀྱི་ངེས་གནས་གསར་པ་དང་འགན་འཁྲི་དང་བླང་བྱ་གསར་པར་འཚམ་པ་བྱས་ནས། ཁུལ་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ལས་ཀྱི“དགུ་ཅན་གཅིག”གི་མ་ལག་ཚང་བའི་བཟོ་འགོད་ཀྱི་ཚད་གཞི་དང་རྒྱ་ཆེ་རུ་གཏོང་བ་དང་། སྨོན་ལམ་མཐོན་པོ་སོགས་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་གཏོད་པ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱི་ལྡོག་འདྲེན་གནད་དོན་དག་ཐེར་སོགས་ཀྱི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ་སྐས་རིམ་དང་པོའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། གཅིག་གྱུར་གྱིས་འཆར་འགོད་དང་མཐུན་སྦྱོར་བྱེད་པའི་འགན་ནུས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་། དགོངས་སྐོར་སྙན་ཞུ་དང་ཚོགས་འདུ་དང་ཡིག་ཆར་ཆོག་མཆན་འགོད་པ། ཆ་འཕྲིན་གོང་ཞུ། ལྟ་སྐུལ་ཞིབ་བཤེར་དོན་འཁྱོལ་སོགས་ཀྱི་ལམ་ལུགས་དང་ལམ་སྲོལ་ལག་བསྟར་ནན་མོ་བྱས་ཏེ། ཐབས་ཇུས་དང་བཀོད་སྒྲིག་ཁག་དོན་འཁྱོལ་ཡོང་བར་ཕན་འབྲས་ཐོན་པར་འགན་ལེན་ཏན་ཏིག་བྱེད་དགོས། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཡིག་ཆ་བཀྲམ་ནས་ཚོགས་འདུ་འཚོག་པ་སོགས་མངོན་མེད་གཞན་འགྱུར་སོགས་ཕྱོགས10ཡི་མངོན་གསལ་དོད་པའི་གནད་དོན་ནུས་ཤུགས་ཡོད་རྒུས་ཡོ་བསྲང་བྱས་ཏེ། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་དངོས་ཡོད་ཕན་འབྲས་བླངས་ནས་ཁུལ་ཡོངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྤྱོད་ཚུལ་གྱི་འགན་ལེན་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་ཏང་བློ་བདེ་བ་དང་མི་དམངས་བློ་ཡིད་ཚིམ་པའི་དཔེ་བཟང་ལས་ཁུངས་ཧུར་ཐག་གཏོད་དགོས་པ་དང་། དུས་བསྟུན་འཕེལ་རྒྱས་ཀྱིས་རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་སྤྲོས་ཤུགས་ཆེ་རུ་གཏོང་བ། ཆབ་སྲིད་ལས་ཁུངས་འཛུགས་སྐྱོང་དང་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་བཅས་ལ་མུ་མཐུད་ཤུགས་སྣོན་པ་དང་། རིམ་ཁག་ཏང་སྲིད་ལས་ཁུངས་ཁྲོད་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས། ཁུལ་ཡོངས་ཀྱི“ཞབས་ཞུ་གསུམ”གྱི་བྱ་གཞག་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པ་ནན་གྱིས་བསྟན།

རྫོང་བཞིའི་ཏང་ཨུ་དང་སྲིད་གཞུང་གཞུང་ལས་ཁང་གིས་ཚོགས་ཐོག་ཏུ་བརྗེ་རེས་གཏམ་བཤད་བྱས་པ་དང་། 2023ལོའི་ཁུལ་ཡོངས་ཀྱི་ཏང་ཨུའི་ཆ་འཕྲིན་གྱི་སྔོན་ཐོན་ཐུན་མོང་དང་མི་སྒེར་ལ་གཟེངས་བསྟོད་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号