ཀྲང་ཧྲེང་ཡོན་གྱིས་གསེར་དངུལ་ཐང-རྡུལ་ཕྲན་མཁར5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་པའི་བྱ་བར་བརྟག་ཞིབ་གནང་།

ཟླ3པའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲེང་ཡོན་གྱིས་གསེར་དངུལ་ཐང-རྡུལ་ཕྲན་མཁར་རྒྱལ་ཁབ5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་པའི་བྱ་བར་བརྟག་ཞིབ་གནང་ནས་འཛུགས་སྐྲུན་དམིགས་ཚད་ལ་དམ་པོར་དམིགས་པ་དང་འཛུགས་སྐྲུན་ཚད་གཞིར་དམིགས་པའི་བྱ་བའི་མཉམ་ཤུགས་ཆགས་པར་བྱས་ཏེ། ཞན་ཆ་གསབ་རྒྱུར་དམ་འཛིན་དང་འཛུགས་སྐྲུན་ལས་འགན་སྔ་མོ་ནས་ལེགས་འགྲུབ་ཡོང་བར་བརྩོན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

ཀྲང་ཧྲེང་ཡོན་འཁོར་དང་བཅས་པ་སྔ་རྗེས་སུ་གསེར་དངུལ་ཐང-རྡུལ་ཕྲན་མཁར་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུ་ལྟེ་གནས་དང་ཀྲུང་གོ་རྡུལ་ཕྲན་མཁར་རིག་གནས་གསར་རྩོམ་ལྟེ་གནས། མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་དྲན་གསོ་གླིང་། ཡན་ལག་བཟོ་གྲྭ་དང་པོ། མདེལ་འཇོག་ས་ཚིགས། འགད་འབར་ཚོད་ལྟ་ཁང་གི་མཁྲེགས་ཆས་སྒྲིག་བཀོད། གཉེར་སྐྱོང་ཞབས་ཞུའི་གནས་བབ་བཅས་ལ་གཟིགས་ཞིབ་གནང་ཞིང་། ལྗོངས་ཁུལ་ནང་གི་མཛེས་ལྗོངས་ས་ཚིགས་སོ་སོའི5Aརིམ་པའི་ལྗོངས་ཁུལ་གཏོད་པའི་ཐད་ཀྱི་གནད་དོན་རེ་རེ་བཞིན་ཡུལ་དངོས་ནས་གཞུང་དོན་སྤེལ་བ་དང་བཀོད་སྒྲིག་བྱས་ཏེ་འགན་འཁྲི་ཁག་བགོས་ཁ་གསལ་དང་བཅོས་སྒྲིག་གི་དུས་ཚོད་གཏན་འཁེལ་བྱས།

ཀྲང་ཧྲེང་ཡོན་གྱིས་ནན་གྱིས་བསྟན་དོན། གསེར་དངུལ་ཐང-རྡུལ་ཕྲན་མཁར་རྒྱལ་ཁབ5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་པའི་བྱ་བ་དེ་མཐའ་མའི་གདོང་མཆོང་གི་དུས་མཚམས་སུ་སླེབས་པ་དང་གསར་སྐྲུན་བྱས་རྗེས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་ལ་སྐུལ་འདེད་གཏོང་བ་དང"དག་སྣང་མཚོ་བྱང"གི་མཚན་སྙན་ཆེ་རུ་གཏོང་བ། མཚོ་བྱང་གི་ཁྱད་ལྡན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པས། བསམ་བློ་གཅིག་གྱུར་དང་མཉམ་ཤུགས་ཆགས་པར་བྱེད་དགོས། མདའ་བཞི་རྫོང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག ལྗོངས་ཁུལ་གྱི་གཉེར་སྐྱོང་བྱེད་པོས་ཆབ་སྲིད་ཀྱི་ཚིགས་གནས་མཐོ་རུ་ཏན་ཏིག་བཏང་ནས་བསམ་བློའི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་བྱ་བའི་མཉམ་ཤུགས་ཆགས་པར་བྱས་ཏེ་གསེར་དངུལ་ཐང-རྡུལ་ཕྲན་མཁར་རྒྱལ་ཁབ5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་པའི་བྱ་བ་དེ་མིག་སྔའི་བྱ་བའི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས་རང་འགན་རང་འཁུར་དང་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ། འཛུགས་སྐྲུན་བྱ་བར་གྲུབ་འབྲས་ཐོན་པ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། བརྒྱུད་རིམ་ལྡན་པའི་ཇུས་འགོད་དང་སྒྲིག་འཛུགས་ཞིབ་ཚགས་བྱེད་དགོས། དཔེ་བསྡུར་དཔྱད་ཞིབ་ཞིབ་ཕྲ་དང་ལྗོངས་ཁུལ་གྱི་མཉེན་ཆས་དང་མཁྲེགས་ཆས་སྤྱི་ཡོངས་ཀྱི་སྤུས་ཚད་མཐོ་རུ་གཏོང་པ། ཐོག་མཐའ་བར་གསུམ་དུ་མི་གཙོ་བོར་འཛིན་པའི་གཙོ་གནད་ཁྱབ་པར་བྱེད་པ་དང་། ཡན་ལག་བཟོ་གྲྭ་དང་དྲན་གསོ་ཁང་སོགས་གསར་བརྗེའི་ཐོན་ཁུངས་སྡེབ་སྒྲིག་དམ་ཚགས་བྱེད་པ། གསར་བརྗེའི་རྡུལ་ཕྲན་མཁར་དང་འཆར་ཡན་གསེར་དངུལ་ཐང་གི་ཡུལ་སྐོར་ལམ་ཐིག་སྤུས་དག་ཇུས་འགོད་ཞིབ་ཚགས་བྱེད་དགོས། ལྗོངས་ཁུལ་གྱི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་གཏོང་པ། 5Aགསར་སྐྲུན་བྱ་བའི་ལས་འགན་དུས་བཀག་ལྟར་དོན་འཁྱོལ་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས། དཔེ་བསྡུར་ཚད་འཛིན་དང་བཅོས་སྒྲིག་དམ་འཛིན་བྱེད་དགོས། མདའ་བཞི་རྫོང་དང་འབྲེལ་ཡོད་སྡེ་ཁག་གིས་ཧྲིན་ཀྲང་གཞོན་པ་ཧོ་ལུའུ་ཁྲུན་གྱི་ཆེད་དོན་བརྟག་ཞིབ་དང་། ཞིང་ཆེན་དང་ཁུལ་ཏང་ཨུ་དང་སྲིད་གཞུང་གི་གསེར་དངུལ་ཐང-རྡུལ་ཕྲན་མཁར་རྒྱལ་ཁབ5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་རྒྱུའི་བྱ་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་དང་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་ཞིང་ཆེན་དང་ཁུལ་གྱིས་བཟོས་པའི་གསེར་དངུལ་ཐང-རྡུལ་ཕྲན་མཁར5Aརིམ་པའི་ཡུལ་སྐོར་ལྗོངས་ཁུལ་གཏོད་རྒྱུའི་ལས་བགོས་ལས་འགན་དང་རང་དཔྱད་སྐར་ཤོར་དམིགས་ཚད་ལ་ཞིབ་བསྡུར་ནན་མོ་བྱས་ནས་གནད་དོན་སྟོན་ཕྱོགས་དང་དུས་ཚོད་ཀྱི་མཚམས་ཚིགས་ལྡོག་སྒྲིག་བྱས་ཏེ་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་དང་ལྗོངས་ཁུལ་གྱི་ལྟ་སྐོར་ལམ་ཐིག་མཐུན་སྦྱོར། རིག་གནས་གསར་གཏོད་ལྟེ་གནས་མཉམ་འདྲེས་བེད་སྤྱོད། མཛེས་ལྗོངས་ཉམས་ལེན་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་པ་བཅས་དམ་འཛིན་ཡག་པོ་བྱེད་པ་དང་། བཅོས་སྒྲིག་དོན་འཁྱོལ་དམ་འཛིན་ཏན་ཏིག་བྱེད་པ། གསར་སྐྲུན་ལ་ཤུགས་རྐྱེན་ཐེབས་པའི"གནད་དོན་རྙིང་བ"ཐག་གཅོད་བྱེད་དགོས། ལས་རྣམ་གསར་གཏོད་དང་ཉམས་ལེན་ཕུན་སུམ་ཇེ་ཚོགས་སུ་གཏོང་དགོས། 5DདངVRསོགས་དངོས་འཛུལ་རྣམ་པའི་ཉམས་ལེན་ལས་གཞི་ནང་འདྲེན་ཧུར་ཐག་བྱས་ཏེ་ཡུལ་སྐོར་བར་ཚན་རྩལ་གྱི་བྱ་ཐབས་ལ་བརྟེན་ནས"དེ་སྔའི་གཉིས་གཉིས་གཅིག་བཟོ་གྲྭའི"བཟོ་ཁུལ18ཀྱི་གསར་བརྗེའི་ནང་དོན་སོགས་མཚོ་བྱང་གི་ཁྱད་ལྡན་སྐྱེ་ཁམས་ཡུལ་སྐོར་ཐོན་ཁུངས་ཉམས་ལེན་གང་ལེགས་བྱེད་དུ་བཅུག་ནས་ལྟ་སྐོར་མང་བ་དང་ཉམས་ལེན་ཉུང་བའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། འབྲེལ་གཏུག་ཡག་པོ་བྱས་ནས་གཉིས་ཁེ་གཉིས་ཕན་ཡོང་བར་བྱེད་དགོས། མདའ་བཞི་རྫོང་དང་གསེར་དངུལ་ཐང་ཡུལ་སྐོར་སྤྱི་གཉེར་ཁང་གིས་ཁེ་ལས་དང་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་བྱ་བ་ཡག་པོ་སྒྲུབ་ནས་ལྗོངས་ཁུལ་གྱི་འཛུགས་སྐྲུན་ཉམས་འགྱུར་གང་མགྱོགས་གཅིག་གྱུར་ཡོང་བར་བྱས་ཏེ་བཟོ་གྲྭ་ཁག་གཅིག་གི་མཐའ་སྐོར་ཁེ་ལས་ཀྱི་ཁོར་ཡུག་བཅོས་སྒྲིག་དང་འགད་འབར་ཚོད་ལྟ་ཁང་སོགས་ལྗོངས་ཁུལ་མཐའ་འཁོར་གྱི་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་མཛེས་བཟོའི་བྱ་བ་ལེགས་སྒྲུབ་བྱས་ནས་ཁེ་ལས་ཀྱི་བཟོ་ཁུལ་དང་རོང་འབྲོག་མང་ཚོགས་ཀྱི་སྡོད་ཁང་དེ་མཛེས་ལྗོངས་ཁུལ་གྱི་ཉམས་འགྱུར་དང་མཐུན་སྦྱོར་ཡོང་བའི་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་རྣམ་འོས་འཚམ་ངང་མང་དུ་བཏང་ནས་མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་རྒྱུར་རོགས་རམ་བྱེད་དགོས་ཟེར།


ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་རུའུ་ཞང་དང་། ཁུལ་ཨུའི་དྲིལ་སྒྲོག་པུའུ། མདའ་བཞི་རྫོང་སྲིད་གཞུང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན། མཚོ་སྔོན་གསེར་དངུལ་ཐང་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་དང་ལྗོངས་ཁུལ་གྱི་འབྲེལ་ཡོད་འགན་འཁུར་བ་བརྟག་དཔྱད་ཞིབ་འཇུག་ལ་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号