ཤ་བོ་སྐྱབས་ཀྱིས་པེ་ཅིང་དུ་གནས་སྦྱར་ལས་བྱེད་པ་དང་པེ་ཅིང་གི་བཅའ་སྡོད་འབྲེལ་གཏུག་ཁྲུའུ་ཡི་ལས་བྱེད་པར་འཚམས་འདྲི་གནང་།

ཟླ3པའི་ཚེས13ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་པེ་ཅིང་དུ་མཚོ་བྱང་ཁུལ་གྱི་ཀྲུང་དབྱང་པུའུ་ཨུའི་གནས་སྦྱར་ལས་བྱེད་པ་དང་པེ་ཅིང་གི་བཅའ་སྡོད་འབྲེལ་གཏུག་ཁྲུའི་ལས་བྱེད་པར་འཚམས་འདྲི་གནང་།

ཤ་བོ་སྐྱབས་ཀྱིས་གནས་སྦྱར་ལས་བྱེད་པ་དང་བཞུགས་མོལ་བརྗེ་རེས་བྱས་ནས་གནས་སྦྱར་བྱེད་རིང་གི་སློབ་སྦྱོང་དང་བྱ་བ། འཚོ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གཏིང་ཟབ་བྱས་ཏེ་ཁོ་ཚོར་གོ་སྐབས་ལ་གཅེས་སྤྲས་དང་སྟེགས་བུ་ཡག་པོ་སྤྱོད་པ། འཇོན་ཐང་ཡག་པོ་སྦྱོང་པ་བཅས་བྱས་ནས་གནས་སྦྱར་ལས་ཁུངས་ཀྱི་སྔོན་ཐོན་བྱ་བའི་འདུ་ཤེས་དང་རྒྱལ་ཁའི་ཉམས་མྱོང་དང་བློ་སྒོ། ཏན་ཏིག་གི་བྱ་བའི་སྤྱོད་ཚུལ་བཅས་ཁོང་དུ་ཆུད་པ་དང་ཕྱིར་འཁྱེར་ནས་ཡོང་དགོས་པའི་སྐུལ་མ་བྱས་ཤིང་། མཚོ་བྱང་གི་དགོས་མཁོར་གཞི་བཙུགས་ནས་སྐྱེ་ཁམས་དཔལ་ཡོན་དང་སྙིང་སྟོབས་ཀྱི་བཙན་ས་གཏོད་པ་དང་ཐོན་ལས་ཀྱི“གནས་བཞིའི”འཛུགས་སྐྲུན། གསར་བརྗེའི་སློབ་གསོ་དང་ཚོགས་དོན་གསོ་སྦྱོང་ཐོན་ལས་འཕེལ་རྒྱས་སོགས་ཁུལ་ཡོངས་ཀྱི་གཙོ་གནད་བྱ་བར་དམིགས་ནས“མཚོ་བྱང་ལ་གང་ཞིག་ཡོད་པ་དང་གང་ཞིག་ཆད་པ། རྒྱལ་ཁབ་པུའུ་ཨུ་ལ་གང་ཞིག་ཡོད་པ་དང་རྒྱབ་སྐྱོར་གང་ཞིག་བྱེད་པ”བཅས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ཁྱབ་ཁོངས་སྔར་ལས་ཆེ་བའི་ནང་གི་གཟིགས་སྐྱོང་དང་རྒྱབ་སྐྱོར་བརྩོན་ལེན་བྱེད་དགོས་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་ངེས་པ་དོན་གྱིས་གནས་སྦྱར་སྦྱོང་བརྡར་བྱེད་དགོས། གནས་སྦྱར་ལས་བྱེད་པ་རང་བྱུང་ཐོན་ཁུངས་པུའུ་དང་ནོར་སྲིད་པུའུ་སོགས་རྒྱལ་ཁབ་པུའུ་ཨུ་རུ་སྦྱོང་བརྡར་བྱེད་རིང་སྔར་ལས་སེམས་ལ་ཟུག་པར་བྱས་ཏེ་སེམས་རྣལ་དུ་ཕབ་པ་དང་བློ་རྩེ་གཅིག་སྒྲིམ་གྱིས་ལས་གནས་གསར་པ་དང་རང་འགུལ་ངང་འཚམ་པར་བྱེད་པ། ཁོར་ཡུག་གསར་པའི་ནང་མཉམ་འདྲེས་ཐུབ་པར་བྱས་ནས་སྤྲོ་སེམས་འཁོལ་བ་དང་དངོས་སྒྲུབ་ཧུར་ཐག་གིས་སློབ་སྦྱོང་དང་བྱ་བ་སྤེལ་ཏེ་མང་ཙམ་ཉན་པ་དང་མང་ཙམ་ལྟ་བ། མང་ཙམ་སྦྱོང་བ། ཡིད་ལ་མང་ཙམ་འཛིན་པ། བསམ་བློ་མང་ཙམ་གཏོང་བ། བྱ་བ་མང་ཙམ་སྒྲུབ་པ་བཅས་བྱས་ཏེ་ཀྲུང་དབྱང་པུའུ་ཨུའི་བྱ་བའི་འདུ་ཤེས་དང་བསམ་ཕྱོགས། བྱེད་ཐབས་བཅས་བློ་ཞིབ་མོས་སློབ་སྦྱོང་བྱས་ནས། སྦྱོང་བརྡར་དང་ཉམས་མྱོང་གསོག་འཇོག་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ་རང་ངོས་ཀྱི་བྱ་བའི་ནུས་པ་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་དགོས། གཉིས་ནས་སྟེགས་བུ་བེད་སྤྱོད་ཡག་པོ་བྱེད་དགོས། ཞིང་ཆེན་ཡོངས་དང་ཁུལ་ཡོངས་ཀྱི་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ལངས་ནས་ཀྲུང་དབྱང་པུའུ་ཨུ་རུ་གནས་སྦྱར་བྱེད་རིང་གི་བྱ་བ་དང་སློབ་སྦྱོང་གི་གོ་སྐབས་ཁོང་དུ་ཆུད་པ་དང་བེད་སྤྱོད་ཡག་པོ་བྱེད་པ། གནས་སྦྱར་ལས་ཁུངས་དང་ཀྲུང་དབྱང་པུའུ་ཨུ་གཞན་དག་གིས་ས་གནས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་དང་ལས་གཞི། མ་དངུལ་བཅས་ཀྱི་ཁྲིད་སྟོན་ཁོང་དུ་ཆུད་པར་བྱས་ཏེ་རྒྱལ་ཁབ་ནུས་རྒྱུ་སྡེ་ཚོགས་དང་ཀྲུང་གོ་འབྲུ་རིགས་སྡེ་ཚོགས། ཀྲུང་གོ་ཧ་ཡང་སྡེ་ཚོགས། གཏེར་ལྔ་སྡེ་ཚོགས་སོགས་ཁ་གཏད་རོགས་སྐྲུན་གྱི་ཀྲུང་དབྱང་ཁེ་ལས་དང་མཚོ་བྱང་གི་མཉམ་ལས་འདོད་བློ་རྒྱུས་ལོན་གསལ་བོ་བྱས་ཏེ། ཀྲུང་དབྱང་ཁེ་ལས་ཀྱིས་གསར་བརྗེའི་ཉམས་ཞིབ་དང་ལས་གཞིའི་མ་དངུལ་གྱི་རྒྱབ་སྐྱོར་སོགས་ཐད་མཉམ་ལས་དང་རྒྱབ་སྐྱོར་བྱ་རྒྱུའི་བརྩོན་ལེན་བྱས་ཏེ་ཚོང་འགུགས་མ་འདྲེན་ཤུགས་ཆེན་བྱས་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས། གསུམ་ནས་མཚོ་བྱང་འོས་སྦྱོར་བྱེད་དགོས། རྒྱལ་སའི་ས་བབ་ཀྱི་ལེགས་ཆར་གཞི་ཚུགས་ཏེ་པེ་ཅིང་གི་ཁྲོམ་རའི་དགོས་མཁོ་དང་འཛད་སྤྱོད་པའི་དགའ་ཕྱོགས་ཤེས་རྟོགས་གཏིང་ཟབ་བྱེད་པ་དང་བྱ་ཐབས་དང་ཐབས་ལམ་སྣ་ཚོགས་སྤྱད་དེ་མཚོ་བྱང་གི་ཁྱད་ལྡན་ཆས་རྟགས་དྲིལ་སྒྲོག་ཡག་པོ་བྱེད་དགོས་པ་དང་མཚོ་བྱང་གི་ཁྱད་ལྡན་ཐོན་རྫས་འོས་སྦྱོར་ཡག་པོ་བྱས་ནས་མཚོ་བྱང་གི་དམིགས་བསལ་སྤུས་ལེགས་ཐོན་རྫས་ཕྱིར་ཚོང་ལམ་བུ་མཐིལ་རྟོགས་འཚོལ་ཞིབ་བྱས་ཏེ་མཚོ་བྱང་ལྗང་མདོག་སྐྱེ་ལྡན་ཐོན་རྫས་མཚོ་བྱང་ནས་བུད་དེ་པེ་ཅིང་དུ་བཅའ་སྡོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས། "མཚོ་བྱང་གི་གཏམ་རྒྱུད"རྒྱུན་མཐུད་ངང་ཡག་པོ་བཤད་པ་དང་མཚོ་བྱང་གི་སྙན་གྲགས་མཐོ་རུ་བཏང་ནས་ཡུལ་སྐོར་བ་དེ་བས་མང་བ་མཚོ་བྱང་དུ་ལྟ་སྐོར་དང་ཡུལ་སྐོར་དུ་ཡོང་རྒྱུའི་ཡིད་དབང་འགུག་དགོས། བཞི་ནས་ནུས་པ་འདོན་སྤེལ་བྱེད་དགོས། གནས་སྦྱར་ལས་བྱེད་པས་རང་འགུལ་ངང་པེ་ཅིང་དུ་བཅའ་སྡོད་དང་ཧྲན་ཏུང་དུ་བཅའ་སྡོད་འབྲེལ་གཏུག་བྱ་བའི་འགན་འཁུར་དགོས་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱ་ཐབས་དོན་འཁྱོལ་ཡག་པོ་བྱས་ནས་མཚོ་བྱང་གིས་པེ་ཅིང་དང་ཧྲན་ཏུང་དུ་སྤེལ་བའི་བྱ་བ་སོ་སོ་ལས་ཕྱོད་ཆེ་བ་དང་ཚད་ལྡན་ངང་འཁོར་སྐྱོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་མཚོ་བྱང་གི་ལས་བྱེད་པ་པེ་ཅིང་དང་ཧྲན་ཏུང་དུ་སྨན་པ་སྟོན་པ་དང་སྨན་བཅོས་བྱེད་པའི་ཞབས་ཞུའི་འགན་ལེན་བྱ་བ་དུས་གཅིག་ཏུ་ཡག་པོ་སྒྲུབ་དགོས། ལྔ་ནས་ཞབས་ཞུ་ཡག་པོ་སྒྲུབ་དགོས། པེ་ཅིང་དུ་བཅའ་སྡོད་བྱེད་པའི་འབྲེལ་གཏུག་ཁྲུའུ་ཡིས་རང་འཁྲིའི་བྱ་བར་གཞི་ཚུགས་པ་དང་ལས་ཁུངས་སོ་སོར་གཞོགས་འདེགས་བྱས་ནས་པེ་ཅིང་དུ་ཡོད་པའི་བྱ་བ་སོ་སོ་ཡག་པོ་སྒྲུབ་སྟེ་མཚོ་བྱང་ནས་ཡིན་པའི་ཚོང་དུད་པེ་ཅིང་དུ་བསྐྱོད་དེ་འཐེན་ཐུག་དཔལ་འབྱོར་འཕེལ་རྒྱས་གཏོང་བ་དང་མཚོ་བྱང་གི་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་བྱེད་པར་སྟེགས་བུ་བསྐྲུན་པ་དང་ཞབས་ཞུ་མཁོ་འདོན་བྱེད་དགོས་ཟེར།

གནས་སྦྱར་ལས་བྱེད་པ་ཚང་མས་ཁུལ་ཨུས་རྩ་ཆེའི་སྦྱོང་བརྡར་གྱི་གོ་སྐབས་མཁོ་འདོན་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་མ་འོངས་པའི་བྱ་བར་དེ་བས་ཡིད་ཆེས་དང་སྤྲོ་སེམས་ཀྱིས་ཁེངས་ནས་གནས་སྦྱར་བྱེད་རིང་ངེས་པར་དུ་མུ་མཐུད་མཐོང་རྒྱ་ཆེ་རུ་གཏོང་བ་དང་སྙིང་སྟོབས་སྦྱོང་བརྡར་བྱེད་པ། ཉམས་མྱོང་གསོག་འཇོག་དང་འཇོན་ཐང་ཆེ་རུ་བཏང་ནས་མཚོ་བྱང་གི་སྣང་བརྙན་གྱི་མགྲིན་ཚབ་པ་ཡག་པོ་ཞིག་བྱེད་སྲིད་པ་དང་བྱ་ཐབས་སྣ་ཚོགས་སྤྱད་དེ་མཚོ་བྱང་དྲིལ་སྒྲོག་དང་འོས་སྦྱོར་ཡག་པོ་བྱས་ནས་གནས་སྦྱར་ལ་ཐོབ་བྱ་ཡོད་པ་དང་གནས་སྦྱར་ལ་གྲུབ་འབྲས་ཐོབ་པའི་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད། 

དེའི་རིང་། ཤ་བོ་སྐྱབས་འཁོར་དང་བཅས་པ་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དུ་མཇལ་འཕྲད་གནང་བར་ཕེབས་ནས"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་སྐོར་གྱི་སྙན་ཞུ་གནང་། དེའི་རྗེས་ཀྲུང་གོ་མི་དམངས་གསར་བརྗེའི་དམག་དོན་རྟེན་མཛོད་ཁང་དུ་བསྐྱོད་དེ་དེ་སྔའི221རྟེན་གཞི་ལན་ཁུང་ས་གནམ་འཕུར་མདེལ་དམག་དཔུང་དང་མཐོ་འཕེན་མེ་སྒྱོགས་དམག་དཔུང་གི་ལོ་རྒྱུས་དཔྱད་ཡིག་ལ་ལྟ་སྐོར་དང་འཚོལ་བསྡུ་བྱས། 

ཁུལ་གྱི་མགོ་ཁྲིད་སུང་ཞུག་ཙུང་དང་སངས་འབུམ། ཧན་ཧྲི་བཅས་ཀྱིས་ཕེབས་རོགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号