ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་།

ཟླ3པའི་ཚེས12ཉིན། ཁུལ་ཨུའི་སྐབས་བཅུ་གསུམ་པའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བརྒྱད་པ་འཚོགས། ཚོགས་འདུའི་ཐོག་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་གོ་གུང་ཁྲན་ཏང་གི་སྐོར་གཟིགས་བྱ་བའི་སྲོལ་ཡིག》བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། ཁུལ་ཨུའི་སྐབས་བཅུ་གསུམ་པའི་རེས་སྐོར་བཞི་པའི་སྐོར་ཞིབ་གནས་ཚུལ་དང་མི་འདེམས་མི་སྤྱོད། འདུ་ཤེས་འཛིན་སྟངས་བྱ་བའི་འགན་ཁུར་ལམ་ལུགས་བཅས་ལ་ཆེད་དོན་ཞིབ་བཤེར་བྱས་ཚུལ་གྱི་སྙན་ཞུར་གསན་ལ།    2024ལོའི་སྐོར་ཞིབ་བྱ་བར་ཞིབ་འཇུག་དང་བཀོད་སྒྲིག་གནང་།  ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་།   

ཤ་བོ་སྐྱབས་ཀྱིས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རེས་སྐོར་བཞི་པའི་སྐོར་ཞིབ་བྱ་བར་ཁས་ལེན་གནང་ནས་བསྟན་དོན། རེས་སྐོར་འདིའི་སྐོར་ཞིབ་ཀྱི་སྐོར་ཞིབ་ཚན་ཆུང་སོ་སོས་ཡར་སྔོན་གྱི་བྱ་བའི་ཉམས་མྱོང་ལ་ཕྱོགས་སྡོམ་གང་ལེགས་དང་གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ཏེ“དམིགས་ས་བཞིར”དམིགས་ནས་མངོན་གསལ་དོད་པའི་གནད་དོན་ཁག་ཅིག་གནད་སྨིན་ངང་ཤེས་རྟོགས་བྱུང་ཞིང་། སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ཞན་ཆ་དང་སྟོང་ཆ་བཙལ་ལ། དམིགས་སའི་རང་བཞིན་ཆེ་བ་དང་ལག་བསྟར་བྱེད་ཐུབ་རང་བཞིན་ཆེ་བའི་བསམ་འཆར་དང་གྲོས་གཞི་བཏོན་པས་སྐོར་ཞིབ་བྱ་བར་ཕན་འབྲས་དངོས་ཐོན་ནས་སྔོན་དཔག་གི་དམིགས་ཡུལ་གྲུབ་ཡོད་ཟེར།

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། གཅིག་ནས་ཆབ་སྲིད་ཀྱི་ཁ་ཕྱོགས་གནད་ལ་འཁེལ་བར་བྱས་ཏེ་ཏང་གི་རང་ངོས་གསར་བརྗེའི་འཐབ་ཇུས་བཀོད་སྒྲིག་དང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང<<སྐོར་ཞིབ་བྱ་བའི་སྲོལ་ཡིག>>གི་གཏན་འབེབས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྐོར་ཞིབ"གཅིག་སྡུད་བཞི"ཡི་ལྟ་སྐུལ་ནང་དོན་གནད་ལ་འཁེལ་བར་བྱས་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཚུར་ལན་ལྡོག་འདྲེན་གནད་དོན་བཅོས་སྒྲིག་དང་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན། "ནར་ལས"བཟོ་སྐྲུན་ཆེད་དོན་བཅོས་སྒྲིག་སོགས་སྐོར་ཞིབ་བྱ་བའི་གཙོ་གནད་ནང་འཇུག་པ། རྒྱུན་གཏན་གྱི་སྐོར་ཞིབ་དང་ཆེད་དོན་སྐོར་ཞིབ། བབ་བསྟུན་སྐོར་ཞིབ་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་ཀྱིས་སྤྱད་དེ་གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ་དང་། སྐོར་ཞིབ་བྱེད་བཞིན་ཡོ་བསྲང་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བ། སྐོར་ཞིབ་ཆབ་སྲིད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱས་ཏེ་མཚོ་བྱང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་བར་རམ་འདེགས་བྱེད་དགོས། གཉིས་ནས་འགན་ཁུར་གྱི་སྦྲེལ་ཐག་ནན་དུ་བཏང་ནས་སྐོར་ཞིབ་བཅོས་སྒྲིག་གི"མ་རྩོམ"ཏན་ཏིག་ངང་དམ་འཛིན་ཡག་པོ་བྱེད་པ་དང་སྐོར་ཞིབ་ཚན་ཆུང་སོ་སོས་སྐོར་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ཇི་མ་ཇི་བཞིན་ཚུར་ལན་བྱས་ཏེ། བཅོས་སྒྲིག་གི་བྱེད་པོའི་འགན་ཁུར་ནན་དུ་གཏོང་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་ཁུངས་ཀྱིས་བཅོས་སྒྲིག་བྱས་ཚུལ་ལ་ལྟ་སྐུལ་དང"དཔོན་གསར་པས་རྩིས་ཐོ་རྙིང་པར་ཁ་ཡ་མི་བྱེད་པ"དང་བཅོས་སྒྲིག་རྫུན་མ་བྱེད་པ་སོགས་ཀྱི་གནད་དོན་ལ་བཟོད་སྒོམ་གཏན་ནས་མི་བྱེད་པ་རྒྱུན་འཁྱོངས་དང་། དཔེ་མཚོན་དམ་འཛིན་བྱས་ཏེ་འགན་འཁྲི་རྩད་གཅོད་ནན་མོ་བྱེད་པ། རྩ་འཛུགས་སྡེ་ཁག་གིས་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱི་ཚན་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་མི་འདེམས་མི་སྤྱོད་ཀྱི་བྱ་བ་ཚད་ལྡན་དུ་བཏང་ནས་གྲུབ་འབྲས་བེད་སྤྱོད་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་སྟེ། དཔྱད་ཞིབ་བཀོད་འདོམས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། ཁུལ་ཨུའི་སྐོར་ཞིབ་གཞུང་ལས་ཁང་གིས་གཅིག་གྱུར་འཆར་འགོད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་ཀྱིས་ཏང་ནང་ཁུལ་དུ་ཁྱབ་བརྡ་གཏོང་བ་དང་བཅོས་སྒྲིག་ཡོངས་བསྒྲགས་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུར་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་། རྩ་འཛུགས་སྡེ་ཁག་སྐོར་ཞིབ་གཞུང་ལས་ཁང་བཅས་ཀྱིས་མཉམ་དུ་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་ལྟ་སྐུལ་དང་ཕན་འབྲས་འདྲི་རྩད་ཡག་པོ་བྱེད་པ། བཅོས་སྒྲིག་གི་འགན་ཁུར་ལྡོག་སྐུལ་བྱས་ཏེ། སྐོར་ཞིབ་བཅོས་སྒྲིག་བྱེད་ཐེངས་རེ་རེར"གཙང་བཤེར"དང"ཕན་འབྲས་ཐོན་པར"འགན་ལེན་ཏན་ཏིག་བྱེད་དགོས། གསུམ་ནས་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་བསྣན་ནས"ལེགས་འདེམས་དང་ཞིབ་ཚགས། དོ་དམ་ངོ་མ། བེད་སྤྱོད་ཤེས་པ"བཅས་བྱས་ཏེ"ཁྲག་རྒྱུན"གསར་པ་དུས་ཐོག་ཏུ་སྐོར་ཞིབ་ཚན་ཆུང་གི་བང་མཛོད་དང་ཤེས་ལྡན་མི་སྣའི་བང་མཛོད་ནང་འཇུག་དགོས། བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་རང་ཞིང་གི་མགོ་ཁྲིད་ལས་བྱེད་པ6ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་མེ་ལོང་དུ་བཟུང་སྟེ། སྤེལ་འཆར་ཡོད་པའི་སྒྲིག་ཁྲིམས་སློབ་གསོ་ནན་ཏན་གྱིས་སྒྲིག་འཛུགས་ཡག་པོ་བྱེད་པ་དང་། ལམ་ལུགས"འཛུགས་པ་དང་ལེགས་བཅོས། རྩིས་མེད་དུ་གཏོང་བ"བཅས་ཀྱི་བྱ་བ་ལེགས་པར་བསྒྲུབ་དགོས། ཁུལ་ཨུའི་སྐོར་ཞིབ་ཚན་ཆུང་གི་མི་སྣའི་དོ་དམ་ལ་ཤུགས་བསྣན་ནས་སྐོར་ཞིབ་བྱ་ཡུལ་ཏང་རྩ་འཛུགས་དང"གཉེན་ཉེ་དང་དག་གཙང"གི་འབྲེལ་བ་བཙུགས་ཏེ"སྒྲོན་འོག་མུན་པ"མཐའ་གཅིག་ཏུ་སྔོན་འགོག་བྱེད་པ་དང་ཆབ་སྲིད་ལྟ་སྐུལ་སོགས་ལས་སྒོའི་ཞིབ་བཤེར་དང་གཅིག་མཚུངས་ཡོང་རྒྱུར་མཐའ་གཅིག་ཏུ་དོགས་ཟོན་བྱས་ནས་སེམས་རྣལ་དུ་ཕབ་པ་དང་བརྩེ་སེམས་ལ་བརྟེན་ནས་སྐོར་ཞིབ་བྱ་བ་ཡག་པོར་བསྒྲུབ་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ལའེ་མེན། ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོ་ཚོགས་འདུར་ཞུགས་པ་དང་། ཁུལ་ཨུའི་དྲིལ་སྒྲོག་པུའི་འགན་འཁུར་བློ་མཐུན་དང་ཁུལ་ཨུའི་རེས་སྐོར་བཞི་པའི་སྐོར་ཞིབ་ཚན་ཆུང་སོ་སོའི་ཚན་གཙོ་དང་ཚན་གཙོ་གཞོན་པ་ཚོགས་འདུར་ཟུར་ཞུགས་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号