ཧྲན་ཏུང་ཞིང་ཆེན་ལའོ་ཁྲིན་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་རྟོག་ཞིབ་ཚན་ཆུང་འཁོར་དང་བཅས་པ་མཚོ་བྱང་དུ་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་སླེབས།

ཟླ3པའི་ཚེས12ནས་ཚེས14ཉིན་བར། ཧྲན་ཏུང་ཞིང་ཆེན་ལའོ་ཁྲིན་གྲོང་ཁྱེར་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་རྟོག་ཞིབ་ཚན་ཆུང་མཚོ་བྱང་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བར་རྟོག་ཞིབ་དང་སློབ་སྦྱོང་བྱེད་པར་སླེབས།

རྟོག་ཞིབ་ཚན་ཆུང་འཁོར་དང་བཅས་པ་སྔ་རྗེས་སུ་རྡུལ་ཕྲན་མཁར་དྲན་གསོ་ཁང་དང་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི། ཁུལ་དང་རྫོང་གི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཉམས་ལེན་ཁང་། རྐང་ཚ་རྫོང་དཀོན་ལོ་གོང་མ་སྡེ་བ་བཅས་སུ་བསྐྱོད་དེ་འབྲེལ་ཡོད་ཁེ་ལས་ལ་ཡུལ་དངོས་ནས་རྟོག་ཞིབ་བྱས། ངོ་སྤྲོད་ལ་ཉན་པ་དང་ཡུལ་དངོས་ནས་ལྟ་སྦྱོང་བྱས་པ་བརྒྱུད་མཚོ་བྱང་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་སློབ་གསོ་ལག་ལེན་དང་གསར་བརྗེའི་ཡུལ་སྐོར། ཞིང་ཕྱུགས་ཐོན་ལས་འཕེལ་རྒྱས་སོགས་ཐད་ཀྱི་ཁྱད་ཆོས་ལྡན་པ་དང་བཀྲག་མདངས་འཚེར་བའི་ཉམས་མྱོང་དང་བྱེད་ཐབས་ལ་རྒྱུས་ལོན་ཞིབ་ཕྲ་བྱས།

ཡུལ་དངོས་ནས་རྟོག་ཞིབ་བྱས་རྗེས། ནུབ་མཚོ་གྲོང་རྡལ་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་བརྗེ་རེས་བཞུགས་མོལ་ཚོགས་འདུ་འཚོགས་ལ། ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གཏམ་བཤད་སྤེལ། ཚོགས་འདུའི་ཐོག མཚོ་བྱང་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་དང་ལའོ་ཁྲིན་གྲོང་ཁྱེར་མི་ཆོས་ལུགས་ལས་དོན་ཨུ་ལྷན་གྱིས་ས་གནས་གཉིས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་བའི་གནས་ཚུལ་ཐད་བརྗེ་རེས་གཏམ་བཤད་བྱས། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུས། ཁུལ་སློབ་གསོ་ཅུས། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་བཅས་ཀྱིས"ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་རྐང་དུ་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི"བརྗོད་དོན་ལ་དམིགས་ནས་བརྗེ་རེས་གཏམ་བཤད་བྱས་པ་དང་། ཉམས་མྱོང་དང་བྱེད་ཐབས་ངོ་སྤྲོད་བྱས། མཚོ་བྱང་ཁུལ་དང་ཧྲན་ཏུང་ཞིང་ཆེན་ལའོ་ཁྲིན་གྲོང་ཁྱེར་དབར<<ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུའི་མཉམ་ལས་གྲོས་མཐུན་ཡི་གེ>>བཞག་ནས་མ་འོངས་པར་གསར་བརྗེའི་ཉམས་ཞིབ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས། ཞིང་ཕྱུགས་ཐོན་རྫས་གསར་སྤེལ། གཞོན་ནུ་ལོ་ཆུང་འགྲོ་འོང་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་བྱ་བ་སྔར་ལས་ཡག་པོ་སྒྲུབ་པར་སྟེགས་བུ་བསྐྲུན་པ་དང་གཞི་རྟེན་ཕུན་སུམ་ཇེ་ཚོགས་སུ་གཏོང་པ། ཐབས་ལམ་ཤར་བགྲོད་ཐུབ་པ་བཅས་བྱས།

ཐེངས་འདིར་རྟོག་ཞིབ་དང་སློབ་སྦྱོང་བྱས་པ་དེས་ས་གནས་གཉིས་ཀྱིས་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པ་དང་ལེགས་ཆ་གསབ་རེས་དང་ཐོན་ཁུངས་མཉམ་སྤྱོད། མཉམ་ལས་མཉམ་ཁེ་བཅས་ཀྱི་ས་ཁོངས་འཕེལ་རྒྱས་ཀྱི་ཐུན་མོང་ཚོགས་པ་ཧུར་ཐག་བཙུགས་ཏེ་ལག་གདང་སྦྲེལ་ནས་ས་གནས་གཉིས་ཀྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི་ལེའུ་གསར་པ་རྩོམ་པར་ཐབས་ལམ་གསར་པ་བཏོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号