ཤ་བོ་སྐྱབས་དང་དབྱང་ཧའེ་ལུང་། པད་རྒྱལ་བཀྲ་ཤིས་བཅས་ཀྱིས་ཞེ་ཁྲིན་སྡེ་ཚོགས་ནུབ་བྱང་ས་ཁོངས་ཀྱི་སྤྱི་གཉེར་པ་ཡུས་ཀྲི་ཝུའེ་དང་མཉམ་དུ་བཞུགས་མོལ་བརྗེ་རེས་གནང་པ།


ཟླ1པོའི་ཚེས17ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཞེ་ཁྲིན་སྡེ་ཚོགས་ནུབ་བྱང་ས་ཁོངས་ཀྱི་སྤྱི་གཉེར་པ་ཡུས་ཀྲི་ཝུའེ་གཉིས་ཀྱིས་མཚོ་བྱང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་བཏོད་པ་དང་རིག་གནས་ཡུལ་སྐོར་ཚོང་གཉེར་ཁྱབ་གདལ། རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་བཞུགས་མོལ་བརྗེ་རེས་གནང་།

ཤ་བོ་སྐྱབས་ཀྱིས་ཡུས་ཀྲི་ཝུའེ་འཁོར་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་ཤིང་ཞེ་ཁྲིན་སྡེ་ཚོགས་ཀྱིས་སྔ་ཕྱི་བར་གསུམ་དུ་མཚོ་བྱང་འཕེལ་རྒྱས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས། ཤ་བོ་སྐྱབས་ཀྱིས་མཚོ་བྱང་ནིམདུན་ཕྱོགས་ན་ལྟེམ་མེར་འཁྱིལ་བའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོ་དང་། རྒྱབ་ཕྱོགས་ན་བརྟན་ཞིང་འགྱིང་བའི་བརྗིད་ཆགས་མདོ་ལ་རིང་མོསྟེ་རྒྱལ་ཁབ་སྤྱི་གླིང་གཉིས་ཀྱི་བདག་ཉིད་དུ་གྲུབ་ཡོད་ལ། མདོ་ལ་རི་ཡིས་ཕྱུག་པ་དང་། རྐང་ཚ་མཚོ་ཡིས་ཕྱུག་པའིམཚན་སྙན་ལྡན་ཞིང་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་ཀྱི་འབྱུང་ཡུལ་ཡིན། ཉེ་བའི་ལོ་ཤས་རིང་། ང་ཚོས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་དམིགས་ནས་སྨོན་ལམ་མཐོན་པོ་དང་ཙོང་ཆུ། སེམས་ཉིད་ནགས་ར། ལོག་དཀར་མེ་ཏོག མེ་ཏོག་ཐང་ལྗོངས་ཁུལ།  གསེར་དངུལ་ཐང་རྩྭ་ཐང་། ཁེ་ཐུའུ་བྱེ་ཐང་། གངས་དཀར་རི་བོ་དང་གནའ་གྲོང་རྗེས་ཤུལ134བཅས་ལ་དམིགས་ཏེ་གསར་བརྗེའི་ཉམས་ཞིབ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་བསདག་སྣང་མཚོ་བྱངཡུལ་སྐོར་ཆས་རྟགས་ཀྱི་རིན་ཐང་དང་ཤུགས་རྐྱེན་ཐེབས་ཤུགས་མུ་མཐུད་ཆེ་རུ་ཕྱིན་ནས་ན་ནིང་ཁོ་ནར་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི1476.6གི་ཡིད་དབང་བཀུག་ཏེ་མཚོ་བྱང་དུ་ཡུལ་སྐོར་དུ་ཡོང་། ཞེ་ཁྲིན་སྡེ་ཚོགས་ནི་རྒྱལ་ནང་གི་སྔོན་ཐོན་དྲ་ཐོག་ཡུལ་སྐོར་ཞབས་ཞུའི་ལས་སྟེགས་ཤིག་ཡིན་པའི་ཐད་ཆས་རྟགས་ཀྱི་སྙན་པ་མཐོ་ལ་ཁྲོམ་རས་ཚད་མཐོའི་ཁས་ལེན་ཐོབ་ཡོད། ཐོན་ཁུངས་བསྡུ་སྒྲིལ་གྱི་ནུས་པ་ཆེ་ལ་ཞབས་ཞུའི་སྤུས་ཚད་ལེགས་པ། རྨང་གཞིའི་སྒྲིག་བཀོད་འཐུས་ཚང་ཡིན་པ། ཁྲོམ་རའི་འགྲན་རྩོད་ཀྱི་ལེགས་ཆ་མངོན་གསལ་དོད་པ་བཅས་ཡོད། ཞེ་ཁྲིན་སྡེ་ཚོགས་ཀྱིས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ནས་མཚོ་བྱང་གི་ཐོན་ཁུངས་བཟང་པོར་བརྟེན་གང་ཐུབ་དང་ཐོན་རྫས་ཇུས་འགོད་གསར་གཏོད། ཚོང་གཉེར་བྱེད་སྟངས་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། དག་སྣང་མཚོ་བྱང་གི་སྙན་པ་དང་ཤུགས་རྐྱེན་ཐེབས་ཤུགས་བཅས་ཆེ་རུ་གཏོང་བར་རོགས་རམ་བྱེད་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཟིགས་སྐྱོང་སྲིད་ཇུས་འདོན་པ་དང་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་སོགས་ཀྱི་བྱེད་ཐབས་བརྒྱུད་ཁེ་ལས་དང་མཚོ་བྱང་གི་མཉམ་ལས་ལ་སྐུལ་འདེད་བཏང་ནས་ཕན་ཚན་ཁེ་ཕན་ཡོང་བར་རེ་བ་ཡོད་ཅེས་བཤད།


ཡུས་ཀྲི་ཝུའེ་ཡིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཞེ་ཁྲིན་སྡེ་ཚོགས་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་བཀའ་དྲིན་ཞུས་པར་མ་ཟད། ཞེ་ཁྲིན་སྡེ་ཚོགས་ཀྱི་འཕེལ་རྒྱས་འདུ་ཤེས་དང་ལས་སྒོའི་ཁྱབ་ཁོངས། མཉམ་ལས་བསམ་ཕྱོགས་བཅས་ངོ་སྤྲོད་མདོར་བསྡུས་བྱས།  མཚོ་བྱང་གི་ཡུལ་སྐོར་ཐོན་ཁུངས་མངོན་གསལ་དོད་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་རྨང་གཞི་ལེགས་པ། མདུན་ལམ་རྒྱ་ཆེ་བཅས་ཡོད། ཞེ་ཁྲིན་སྡེ་ཚོགས་ཀྱིས་ཆས་རྟགས་གསར་བཟོ་དང་ཚོང་གཉེར་ཁྱབ་གདལ། ཐོན་རྫས་ཇུས་འགོད་སོགས་ཀྱི་ཐད་ལེགས་ཆ་གང་ལེགས་སྤྱད་དེ་མཚོ་བྱང་གི་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ནས་མཚོ་བྱང་གི་ཡུལ་སྐོར་ཐོན་ལས་ལ་ནུས་རྒྱུ་སྤྲོད་པ་དང་ཐོན་རྫས་ཚོང་གཉེར། རིག་ནུས་ཡུལ་སྐོར། གྲོང་གསེབ་དར་སྤེལ། ཤེས་ལྡན་མི་སྣ་གསོ་སྐྱོང་སོགས་ཀྱི་ནང་དོན་ལེགས་སྒྲིག་བྱས་པ་བརྒྱུད་ཁ་གཏད་རང་བཞིན་ལྡན་པའི་ཆེད་དོན་དྲིལ་བསྒྲགས་ཇུས་གཞི་བཟོས་ནས་མཚོ་བྱང་གི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མཚོ་བྱང་ལ་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རྒྱུར་རོགས་རམ་བྱེད་པར་བསྟན།

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མ་རུའུ་ཞང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ལུང་ཡུང་ཧྲེང་བཅས་དང་དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号