“གསར་བརྗེའི་གཞི་རྒྱུ”རྒྱུན་འཛིན་བྱས་ཏེ་ལྷག་བསམ་རྣམ་དག་གིས་རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་ཀྱི་བྱ་བ་ཡག་པོ་བསྒྲུབ་དགོས།

ཁུལ་རྟེན་གཞིའི་གནའ་ཤུལ་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རིན་ལི་ཞིན་ཕིང་ལ་བཅར་འདྲི་བྱས་པ། 

“ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པའི་བརྗོད་བྱ་མངོན་གསལ་དོད་པ་དང་དུས་བསྟུན་འཕེལ་རྒྱས་ཀྱིས་མི་རྣམས་ལ་དད་སེམས་ཀྱི་འབོད་སྐུལ་དང་ཁ་ཕྱོགས་ཀྱི་མཛུབ་ཁྲིད། མདུན་སྐྱོད་ཀྱི་སྟོབས་ཤུགས་བཅས་སྦྱིན་ཡོད། ངས་ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་མ་འོངས་པའི་དུས་སྐབས་ཤིག་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན། རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་ཀྱི་བྱ་བ་ཟུང་འབྲེལ་གྱིས་སློབ་སྦྱོང་དང་གོ་བ་སྔར་བས་གཏིང་ཟབ་ལེན་པ་དང་། བྱ་བའི་བསམ་ཕྱོགས་འཐུས་ཚང་དུ་གཏོང་བ། བྱ་བའི་བྱེད་ཐབས་ལ་ཤུགས་སྣོན་བཅས་བྱེད་ཅེས་པའི་སྐད་ཆ་འདི་ནི་ཟླ1པོའི་ཚེས17ཉིན། མཚོ་བྱང་ཁུལ་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་འཚོག་པའི་རིང་གསར་འགོད་པས་ཁུལ་རྟེན་གཞིའི་གནའ་ཤུལ་གྱི་ཏང་ཙུའུ་ཡི་ཧྲུའུ་ཅིའམ་ཀྲུའུ་རིན་ལི་ཞིང་ཕིང་ལ་བཅར་འདྲི་བྱེད་སྐབས་ཁོས་དེ་ལྟར་བཤད་བྱུང་།


ལི་ཞིང་ཕིང་གིས2023ལོར་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དང་། མཚོ་སྔོན་གསར་བརྗེའི་རིག་དངོས་སྲུང་སྐྱོབ་ཀྱི“བཟོ་སྐྲུན་དང་པོར”གཞི་ཚུགས་ཏེ། ཆབ་སྲིད་ཀྱི་ཚིགས་གནས་བརྟན་དུ་བཏང་བ། འགུལ་སྐྱོད་ཀྱི་རང་འགུལ་ཆེ་རུ་གཏོང་བ། བྱ་བའི་ཕན་འབྲས་ལ་མཐོང་ཆེན་བཅས་བྱས་པས་རྟེན་གཞིའི་གནའ་ཤུལ་གྱི་ལས་གཞི་ལག་བསྟར་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན་སོགས་ཕྱོགས་གང་ཅིའི་ཐད་གྲུབ་འབྲས་ཡག་པོ་ཐོབ་ཡོད་ཟེར།


རྗེས་ཕྱོགས་ཀྱི་བྱ་བའི་བསམ་ཕྱོགས་སྐོར་གླེང་སྐབས  ལི་ཞིང་ཕིང་གིས་ང་ཚོས“ལས་གཞི་གཙོ་བོར་འཇོག་པ”རྒྱུན་འཁྱོངས་བྱས་ཏེ་རྟེན་གཞིའི་གནའ་ཤུལ་ཉམས་གསོ་དང་འགྲེམས་སྟོན་སོགས་ཀྱི་ལས་གཞི་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དང་། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་མ་དངུལ་སྒོར་དུང་ཕྱུར1.12བཏང་བའི་དར་དམར་དཔེ་མཛོད་ཐོག་ཁང་དང་དཔེ་མཛོད་ཚན་རྩལ་ཐོག་ཁང་།   ཟི་ལིང་བཅའ་སྡོད221བཟོ་གྲྭ་དོན་གཅོད་ཁྲུའུ་སོགས་ལས་གཞི་རེ་ཞུའི་བྱ་བ་སོ་སོ7དང་འབྲེལ་མཐུད་ཧུར་ཐག་བྱས་ནས་བཟོ་ཁུལ་བཞི་པ་དང་ཡན་ལག་བཟོ་གྲྭ་བཞི་བ་སོགས་ལས་གཞི་ལག་བསྟར་གྱི་འཕེལ་རིམ་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ་འབར་གས་ཚོད་ལྟའི་ར་བ་དང་ཡན་ལག་བཟོ་གྲྭ་བདུན་པ་སོགས་ལས་གཞིའི་ཞིབ་བཤེར་རྩིས་ལེན་གྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་ཡིན།“བེད་སྤྱོད་བྱེད་པར”དམ་པོར་དམིགས་ནས་ཞིང་ཆེན་ཕྱི་ནང་གི་མཐོ་རིམ་སློབ་གླིང་དང་འབྲེལ་ཡོད་ལས་ཁུངས་སོགས“ཕྱིའི་ཀླད་པའི”ཆེད་དོན་ཞིབ་འཇུག་སྒྲིག་གཞིར་བརྟེན་ནས་གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་རྒྱུན་འཛིན་དང“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ལ་ཞིབ་འཇུག་གཏིང་ཟབ་དང་ནང་དོན་སྔོག་འདོན། ཞིབ་འཇུག་འགྲེལ་བཤད་བཅས་བྱ་རྒྱུ་ཡིན།  རྟེན་གཞིའི་གནའ་ཤུལ་གསར་བརྗེའི་སློབ་གསོ་དང་རང་ངོས་ཉམས་གསོ། འགྲེམ་ཁང་འགྲེམས་སྟོན་དང་རྨང་གཞིའི་སྒྲིག་བཀོད་ཆ་ཚང་སོགས་ཀྱི་བྱ་བར་སྤྱི་འདོམས་སྐུལ་འདེད་བཏང་ནས་རྟེན་གཞིའི་གནའ་ཤུལ་དེ“གནད་སྨིན་འགན་ལེན་དང་ཕུགས་ཕན་སྲུང་སྐྱོབ། ནུས་ལྡན་བེད་སྤྱོད”བཅས་ལ་སྐུལ་འདེད་གཏོང་རྒྱུ་ཡིན། དུས་མཚུངས་སུ“གསར་བརྗེའི་གཞི་རྒྱུ”རྒྱུན་འཛིན་བྱེད་པ་ཟུང་འབྲེལ་བྱས་ཏེ་རྒྱལ་ཁབ་ཀྱི་བཟོ་ལས་ཤུལ་བཞག་ཁག་ལྔ་པ་དང་རྒྱལ་ཡོངས་ཀྱི“ཚན་རིག་པའི་སྙིང་སྟོབས་ཀྱི་སློབ་གསོའི་རྟེན་གཞི”ཁག་དང་པོ་དང་། “བསམ་བློའི་སློབ་ཁྲིད་ཆེན་མོ”ལག་ལེན་སློབ་ཁྲིད་རྟེན་གཞི་ཁག་དང་པོའི་ནང་བཞག་པ་གོ་སྐབས་སུ་བྱས་ཏེ་རྒྱལ་ཡོངས་ལ་ཁ་ཕྱོགས་ནས་བསམ་བློའི་སློབ་ཁྲིད་ཆེན་མོ་དང་གསར་བརྗེའི་ཉམས་ཞིབ་སློབ་གསོ། དུས་རབས་གསར་པའི་སྤྱོད་གཙང་རིག་གནས་འཛུགས་སྐྱོང་བཅས་བྱས་ཏེ་རིག་གནས་གསར་གཏོད་ཀྱི་ཐོན་རྫས་གསར་སྤེལ་ཇུས་འགོད་བྱེད་པ་ཇེ་མགྱོགས་སུ་གཏོང་བ་དང་། “མདེལ་གཉིས་སྐར་གཅིག”གི་གསར་བརྗེའི་ཐོན་ཁུངས་སློབ་གསོའི་རིན་ཐང་དང་ཡུལ་སྐོར་རིན་ཐང་། ཆས་རྟགས་རིན་ཐང་བཅས་སྔོག་འདོན་དང་གཞན་སྒྱུར་བྱེད་པར་ཇེ་མགྱོགས་སུ་གཏོང་བ། རྟེན་གཞིའི་གནའ་ཤུལ་ལོ་རྒྱུས་འཕེལ་རིམ་དང་ནུས་པ་གནས་ས་མགྱོགས་མྱུར་ལེགས་སྒྲིག་བྱེད་པ། མྱུར་སྐྱོབ་རང་བཞིན་གྱི་སྔོག་འདོན་དང་ལེགས་སྒྲིག་བྱེད་པ། སྟོབས་ཤུགས་གཅིག་སྡུད་ཀྱིས་རིག་དངོས་ལ་གསོན་ཤུགས་སྩོལ་དགོས་པ་དང་། ལྷག་བསམ་རྣམ་དག་གིས་རྟེན་གཞི་གནའ་ཤུལ་སྲུང་སྐྱོབ་དང་དོ་དམ་ཡག་པོ། བེད་སྤྱོད་ཡག་པོ་བཅས་བྱས་ཏེ་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་སྲིད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号