མདའ་བཞི་རྫོང་དུ་རང་བྱུང་སོལ་རླངས་ཤར་གཏོང་བྱས་པའི་མེ་སྒྲོན་མཛད་སྒོ་སྤེལ།


ཟླ12པའི་ཚེས27ཉིན་གྱི་སྔ་དྲོ། མཚོ་བྱང་ཁུལ་མདའ་བཞི་རྫོང་རང་བྱུང་སོལ་རླངས་དངོས་སུ་ཤར་གཏོང་བྱས་པའི་མེ་སྒྲོན་མཛད་སྒོ་མདའ་བཞི་ཀྲིན་ཧི་རང་བྱུང་སོལ་རླངས་ཚད་ཡོད་སྤྱི་གཉེར་ཁང་ནས་འཚོགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཛད་སྒོར་ཕེབས་ནས་དཔལ་འབར་སྒྲོན་པ་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ། ཁུལ་ཨུའི་རྒྱུན་ཨུའམ་མདའ་བཞི་རྫོང་ཨུའི་ཧྲུའུ་ཅི་སངས་འབུམ་གྱིས་མཛད་སྒོར་གཙོ་སྐྱོང་གནང་པ། 

ཀྲང་ཧྲིང་ཡོན་གྱིས་ཤིས་ཚིག་ཕུལ་སྐབས་སྦུག་ལམ་སོལ་རླངས་ལས་གཞི་ནི་ཁྱིམ་ཚང་ཁྲི་སྟོང་མང་པོར་ཕན་པ་ཐོབ་པའི་དམངས་འཚོའི་ལས་གྲྭ་ཞིག་རེད། མཚོ་བྱང་ཁུལ་མདའ་བཞི་རྫོང་གི་རང་བྱུང་སོལ་རླངས་སྦུག་ལམ་དྲ་བ་དངོས་སུ་ཤར་གཏོང་ཐུབ་པ་དེས་མཚོ་བྱང་ཁུལ་གྱིས་ས་ཁུལ་གྱི་ནུས་རྒྱུའི་གྲུབ་ཆ་ཇེ་ལེགས་སུ་གཏོང་བ་དང་ནུས་རྒྱུ་གྲོན་ཆུང་དང་བཙོག་འབུད་ཉུང་གཏོང་ལ་སྐུལ་འདེད་གཏོང་བའི་ཐད་གོམ་སྟབས་གལ་ཆེན་སྤོས་པ་མཚོན་ལ། མཁར་གྲོང་གི་དྭངས་གཙང་ནུས་རྒྱུ་སྤྱོད་པའི་ཁྱབ་ཁོངས་སྔར་བས་ཆེ་རུ་གཏོང་བ་དང་རླུང་ཁམས་ཆེན་མོའི་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོ་རུ་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཟེར།

སངས་འབུམ་གྱིས་གཙོ་སྐྱོང་གནང་སྐབས་མདའ་བཞི་རྫོང་དུ་རང་བྱུང་སོལ་རླངས་ཤར་གཏོང་ཐུབ་པ་དེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྤུས་ཚད་མཐོ་བའི་སྒོ་ནས་སྐུལ་སྤེལ་བྱེད་པའི་མཚོ་བྱང་གི་དམངས་འཚོ་བྱ་བར་སེམས་ཁུར་དང་དོ་ཁུར་བྱས་པ་མཚོན་པ་དང་། ཕྱོགས་སོ་སོ་ནས་ལྗང་མདོག་ཐཱན་ཉུང་གི་འདུ་ཤེས་ལག་བསྟར་བྱས་པ་དང་ལག་གདང་སྦྲེལ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་དང་ཡིད་ཆེས་མཚོན་ལ། མདའ་བཞི་རྫོང་ཏང་ཨུ་དང་རྫོང་སྲིད་གཞུང་གིས་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་འབེན་ལག་བསྟར་བྱས་པ་དང་བདེ་སྐྱིད་ཀྱི་འཚོ་བ་དོན་གཉེར་བྱེད་པའི་ལངས་ཕྱོགས་གསལ་པོ་ཡིན་པ་ཡང་མཚོན་ཡོད། མདའ་བཞི་རྫོང་གིས་ཐེངས་འདིའི་རང་བྱུང་སོལ་རླངས་ཤར་གཏོང་བྱས་པའི་མེ་སྒྲོན་མཛད་སྒོ་འདི་མགོ་རྩོམ་ས་གསར་པ་ཞིག་ཏུ་ངོས་བཟུང་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྗེས་མཐུད་གཉེར་སྐྱོང་སྲུང་སྐྱོང་བྱ་བར་དམ་འཛིན་བྱས་ནས་བདེ་འཇགས་དང་སྤུས་ལེགས། ཕན་ལྡན་གྱི་ཞབས་ཞུའི་འགན་ལེན་བྱས་ཏེ་སྦུག་ལམ་རང་བྱུང་སོལ་རླངས་ཀྱིས་མི་དམངས་མང་ཚོགས་ལ་ཕན་པ་སྔར་ལས་ལེགས་པ་ཐོབ་པ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྔར་ལས་ལེགས་པའི་སྒོ་ནས་སྐུལ་འདེད་གཏོང་རྒྱུ་ཡིན་ཟེར།

ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཞུས་ཡུང་ཀུང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲང་ལིན་བཅས་མཛད་སྒོར་ཞུགས་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号