མཚོ་བྱང་ཁུལ་གྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་དཔེའི་ཉེན་བརྡ་དང་ཚུར་བཏོན་གནད་དོན་བཅོས་སྒྲིག་བྱ་བའི་ཆེད་དོན་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་པ། ཀྲང་ཧྲིང་ཡོན་གྱིས་གཙོ་སྐྱོང་གནང་པ།


ཟླ12པའི་ཚེས29ཉིན། མཚོ་བྱང་ཁུལ་གྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་དཔེ་མཚོན་གྱོད་དཔེའི་ཉེན་བརྡ་དང་ཚུར་བཏོན་གནད་དོན་བཅོས་སྒྲིག་བྱ་བའི་ཆེད་དོན་ཚོགས་འདུ་འཚོགས་ལ། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁག་ལྔ་པའི་དཔེ་མཚོན་གྱོད་དཔེ་དང་མཚོ་བྱང་ཁུལ་གྱི་དཔེ་མཚོན་གྱོད་དཔེ་བཅོས་སྒྲིག་དང་སྒྲུབ་རྒྱུར་སྤྲད་པའི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་ཞུ་གཏུག་གནད་དོན་སྒྲུབ་པའི་གནས་ཚུལ་ཁྱབ་བརྡ་བཏང་ཞིང་། ཞིང་ཆེན་ཡོངས་ཀྱི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་ཁྱབ་བརྡ་བཏང་བའི་དཔེ་མཚོན་གྱོད་དཔེ་གནད་དོན་བཅོས་སྒྲིག་བཀོད་གཏོང་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ནས་བཅོས་སྒྲིག་བྱ་བ་ཡང་བསྐྱར་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་ལ། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།    

ཤ་བོ་སྐྱབས་ཀྱིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ནི་ང་ཚོས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སྤེལ་བའི“གནད་ལ་འཕིགས་པའི་རྩ་བ”ཞིག་ཡིན་པར་མ་ཟད“ཆབ་སྲིད་ཀྱི་གཟུགས་བཤེར”ཞིག་ཀྱང་རེད། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལྡོག་འདྲེན་གནད་དོན་བཅོས་སྒྲིག་བྱ་བའི་གཟབ་ནན་རང་བཞིན་དང་དཀའ་ཚེགས་རང་བཞིན། དགོས་གཏུག་རང་བཞིན་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ཏེ། ཆབ་སྲིད་ཀྱི་ཐོག་ནས་ལྟ་བ་དང་ཆབ་སྲིད་ཀྱི་ཐོག་ནས་སྒྲུབ་པ། ཆབ་སྲིད་ཀྱི་ཐོག་ནས་བཅོས་པ་བཅས་རྒྱུན་འཁྱོངས་བྱས་ཏེ། གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་ཁོར་ཡུག་གི་སྤུས་ཚད་ལེགས་བཅོས་བྱེད་པའི་ཕན་འབྲས་དངོས་ལ་ཏན་ཏིག་བསྒྱུར་ཏེ། བཅོས་སྒྲིག་གི་གྲུབ་འབྲས་ཀྱིས་མི་དམངས་ཀྱི་ཞིབ་བཤེར་དང་ལག་ལེན་གྱི་ཞིབ་བཤེར། ལོ་རྒྱུས་ཀྱི་ཞིབ་བཤེར་བཅས་ཐེག་ཐུབ་པར་བྱེད་དགོས་པར་བསྟན།     

ཤ་བོ་སྐྱབས་ཀྱིས་གཅིག་ནས་གནད་དོན་ལ་ལྟ་སྟངས་ཡང་དག་བཟུང་ནས་ཆབ་སྲིད་ཀྱི་འགན་ཁུར་མཐའ་གཅིག་ཏུ་འཁུར་དགོས་ཏེ། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་བསླབ་བྱ་དང་ལེན་དང་གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ། དགོས་ངེས་ཀྱི་ཆབ་སྲིད་ལངས་ཕྱོགས་དང་ཆབ་སྲིད་ཀྱི་རྣམ་འགྱུར། ཆབ་སྲིད་ཀྱི་རང་རྟོགས་བཅས་དངོས་སུ་འདོན་པ་དང་། ཆེས་མངོན་གསལ་གྱི་རྣམ་འགྱུར་དང་ཆེས་བརྟན་པའི་ཆོད་སེམས། ཆེས་དངོས་གཉེར་གྱི་བྱེད་ཐབས། ཆེས་ཉམས་སད་ཐེག་ཐུབ་པའི་སྤྱོད་ཚུལ་བཅས་ལ་བརྟེན་ནས་གནད་དོན་བཅོས་སྒྲིག་མཐའ་གཅིག་ཏུ་དམ་འཛིན་བྱེད་པ་དང་། འགན་འཁྲི་གནད་འཁེལ་མ་སྒྲུབ་པ་དང་ལྟ་སྐུལ་གནད་འཁེལ་མ་བྱུང་བའི་རིགས་ལ་འགན་འཁྲི་རྩད་གཅོད་ནན་མོ་བྱེད་དགོས།  གཉིས་ནས་ནན་མོ་དང་གཟབ་ནན་གྱིས་སྒོ་ནས་བཅོས་སྒྲིག་གི་ལས་འགན་ཆད་ལུས་མེད་པར་ལེགས་སྒྲུབ་བྱེད་དགོས་ཏེ། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་མཉམ་ལས་དང་གཞོགས་འདེགས་བྱ་རྒྱུར་ཤུགས་བསྣན་ནས་བྱ་ཐབས་མཐའ་གཅིག་ཏུ་སྤྱོད་དགོས་ལ། ཤེས་མ་ཐག་བཅོས་སྒྲིག་དང་འཕྲལ་མར་འགུལ་སྐྱོད་སྤེལ་ནས་བཅོས་སྒྲིག་བྱས་ཏེ་བཅོས་སྒྲིག་ཇུས་གཞི་བཟོ་བ་དང་གནད་དོན་བཅོས་སྒྲིག་བྱེད་པ་དུས་གཅིག་ཏུ་སྤེལ་རྒྱུའི་འགན་ལེན་བྱེད་དགོས། བཅོས་སྒྲིག་གི་འཕེལ་རིམ་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱས་ནས་དུས་བཀག་བླང་བྱ་ནན་མོར་གཞིགས་ནས་བཅོས་སྒྲིག་ལས་འགན་དང་བཅོས་སྒྲིག་བྱ་བ་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་ཤིང་། བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་རྟག་ཏུ་དམ་པོར་བཟུང་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་བསལ་ནས་བདེ་འཇགས་ཀྱི་དོན་རྐྱེན་སྣ་ཚོགས་འབྱུང་བ་མཐའ་གཅིག་ཏུ་གཏན་འགོག་བྱེད་དགོས།  གསུམ་ནས་གྱོད་དཔེ་དཔྱད་གཞིར་བཟུང་ནས་ཟུར་བསྟན་ལེབ་མཐོང་གིས་ཞིབ་བཤེར་དང་བཅོས་སྒྲིག་ཞིབ་ཕྲ་བྱེད་དགོས་ཏེ། རང་ལྟ་རང་བཤེར་དང“ཕྱིར་མིག་ལྟ་བའི”བྱ་བ་ཁྱོན་ཡོངས་ནས་གཏིང་ཟབ་སྤེལ་བ་དང་། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ས་ཚིགས་ཀྱིས་བཏོན་པའི་གནད་དོན114དང་།  མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་གནད་དོན64། མདོ་ལ་རི་བོའི་ལྷོ་འདབས་ཀྱི་གཏེར་རི75དང་། “གནད་དོན་རིས་ཁྲ”232དང་རྒྱུ་ཆ་དོར་ཡུལ་སོགས་ལ་ས་གདན་རྣམ་པ་དང་དྲ་འཐེན་རྣམ་པ། ལངས་གཟུགས་རྣམ་པ་བཅས་ཀྱིས་གྲལ་བཤེར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་བཏོན་པའི་གནད་དོན་ལ་གཞིགས་ཏེ་ལས་རིགས་སམ་ཡང་ན་ཁོངས་གཏོགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་ཉམས་ཞན་ལྷུ་ཚིགས་དང་མངོན་གསལ་དོད་པའི་གནད་དོན་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་བྱས་ཏེ་གཏིང་ཟབ་པའི་སྒོ་ནས་འབྱུང་རྩར་དབྱེ་ཞིབ་དང་གནད་དོན་དང་བསྟུན་ནས་ཁྱོན་ཡོངས་ལ་བཅོས་སྒྲིག་བྱེད་དགོས། བཞི་ནས་རྣམ་འགྱུར་བརྟན་པོའི་ཐོག་ནས་ཁྱོན་ཡོངས་ལ་བཅོས་སྒྲིག་གི་འགན་ཁུར་ནན་དུ་གཏོང་དགོས་ཏེ། “ཏང་སྲིད་ཀྱི་འགན་ཁུར་མཉམ་འཁུར་དང་ལས་གནས་གཅིག་ལ་འགན་ཁུར་གཉིས”བྱེད་ཤུགས་ཆེ་རུ་བཏང་ནས་འགན་ཁུར་གསལ་རྟོགས་དང་འགན་ཁུར་ཁ་གསལ། རང་འགན་གཙང་སྒྲུབ་བཅས་དངོས་འབྲེལ་ཐུབ་པ་བྱེད་དགོས། ས་ཁུལ་དང་འགན་ནུས་སྡེ་ཁག་གི་འགན་ཁུར་སྔར་བས་དོན་འཁྱོལ་བྱས་ནས་ཁ་གསལ་དང་གཅིག་འབྲེལ་གྱི“འགན་ཁུར་གྱི་འབྲེལ་ཐག”ཅིག་ཆགས་པར་བྱེད་དགོས།  བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་དེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་གཙོ་གནད་ལྟ་སྐུལ་ཞིབ་བཤེར་འཆར་གཞིའི་ནང་བཅུག་ནས་གནད་དོན་ཞིབ་བཤེར་གསལ་བོ་མ་བྱུང་ན་མི་གཏོང་བ་དང་བཅོས་སྒྲིག་ཡག་པོ་མ་བྱུང་ན་མི་གཏོང་བ། འགན་ཁུར་དོན་འཁྱོལ་མ་བྱས་ན་མི་གཏོང་བ། མང་ཚོགས་བློ་ཡིད་མ་ཚིམ་ན་མི་གཏོང་བ་བཅས་བྱེད་དགོས་པ་ནན་གྱིས་བསྟན།       

ཀྲང་ཧྲིང་ཡོན་གྱིས“གནད་དོན་གཅིག་དང་ཇུས་གཞི་གཅིག སྒྲིག་གཞི་གཅིག”བཅས་རྒྱུན་འཁྱོངས་ཀྱིས་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་མཛུབ་ཁྲིད་བྱས་ནས་གནད་དོན་ཚང་མར་དམ་འཛིན་བྱེད་མཁན་ཡོད་པ་དང་དོ་དམ་བྱེད་མཁན་ཡོད་པ་བྱེད་དགོས། བཅོས་སྒྲིག་གི་རྩིས་ཁྲ་བཟོ་བ་དང་རྩིས་ཐོ་ཅན་གྱི་དོ་དམ་བྱས་ནས་བཅོས་སྒྲིག་གི་གནད་དོན་ལ“ཐོ་བསུབ་ལམ་ལུགས”དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས། དཔེ་མཚོན་ཅན་གྱི་གྱོད་དཔེ་ལ་ཞིབ་བསྡུར་བྱས་ཏེ་མ་ལག་ཚང་བའི་ངང་གྲལ་བཤེར་དང་ཁྱོན་ཡོངས་ནས་བཅོས་སྒྲིག་བྱས་ཏེ་མངོན་མེད་རྐྱེན་ངན་དང་ཞན་ཆ་གཅིག་ཀྱང་མི་ལུས་པ་བྱེད་དགོས། ཁྲིམས་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་དང་རང་འགུལ་ངང་བྱ་བ་སྒྲུབ་པ། ཕྱོགས་ཡོངས་ནས་ལྟ་སྐུལ་ཞིབ་བཤེར་དང་མཉམ་འབྲེལ་ཁྲིམས་བསྟར་བྱེད་པ། གནད་དོན་བཅོས་སྒྲིག་མ་བྱུང་བའི་ལས་ཁུངས་ལ་ཁ་ཆད་གྲོས་མོལ་དང་ཉེན་ཟོན་སློབ་གསོ་གཏོང་བ། འགན་ཁུར་བདའ་འདེད་སོགས་ཀྱི་བྱ་ཐབས་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ། དུས་ལས་ཡོལ་ཡང་བཅོས་སྒྲིག་བྱེད་མ་ཐུབ་པ་དང་བཅོས་སྒྲིག་གཏན་ནས་མི་བྱེད་པའི་ཁེ་ལས་ལ་མཐའ་གཅིག་ཏུ་ཁྲིམས་ལྟར་ཆད་པ་གཅོད་དགོས་པ་ནན་གྱིས་བསྟན།    

ཚོགས་འདུའི་ཐོག་མདོ་ལ་རྫོང་དང་རྐང་ཚ་རྫོང་། ཁུལ་ནགས་རྩྭ་ཅུས། ཁུལ་རང་བྱུང་ཐོན་ཁུངས་ཅུས་བཅས་ཀྱིས་གཏམ་བཤད་སྤེལ་ལ། 《མཚོ་བྱང་ཁུལ་གྱི་གཏེར་རིའི་སྐྱེ་ཁམས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ལ“ཕྱིར་མིག་ལྟ་བའི”བྱ་བའི་ཇུས་གཞི》པར་འགྲེམས་བྱས།     

ཚོགས་འདུ་བརྙན་ལམ་རྣམ་པའི་ཐོག་ནས་འཚོགས་ལ། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། ཨ་ཁྱུང་། ལའེ་མིན། ཞུས་ཡུང་ཀུང་།  ཀརྨ་ཚེ་རིང་། ཚོ་ཅི་ཆང་། མ་རུའུ་ཞང་། ཧན་ཧྲི། ཁྲང་ལིན་བཅས་དང་དེ་བཞིན་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་ཁུལ་གྱི་ཚོགས་ར་གཙོ་བོའི་ཚོགས་འདུར་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号