ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།


ཟླ12པའི་ཚེས29ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས58པ་འཚོགས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་ཆར་གྱི་གསུང་བཤད་གལ་ཆེན་གྱི་མཛུབ་སྟོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་པ་དང་། བྱ་བའི་སྙན་ཞུར་གསན་པ་དང་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་ཞིང་། བྱ་བར་བཀོད་སྒྲིག་བཅས་བྱས། ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཚན་གཙོ་ཞུའེ་ཅན་ཧྭ་གདན་དྲངས་ནས་ཚོགས་འདུར་མཛུབ་ཁྲིད་གནང་།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀོང་ཞི་རུ་རྟོག་ཞིབ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། བརྟན་ཐོག་ཡར་འཕེལ་དང་མདུན་སྐྱོད་བརྟན་སྐུལ། སྔོན་འགོད་རྗེས་གཏོར་བཅས་རྒྱུན་འཁྱོངས་བྱས་ཏེ་གསར་གཏོད་ལ་དམ་འཛིན་དང་ཕྱོགས་སྒྱུར་ལ་སྐུལ་འདེད། བཅོས་སྒྱུར་ལ་སྐུལ་འདེད། སྒུལ་ནུས་ལེགས་གཏོང་། དམངས་འཚོར་ཕན་འདོགས། ཉེན་ཁ་སྔོན་འགོག་བཅས་བྱས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། “བསམ་བློ་ཕུན་སུམ་ཚོགས་པ་དང་མི་སེམས་གཅིག་ཏུ་སྒྲིལ་བ”དེ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་འཇོག་རྒྱུ་རྒྱུན་འཁྱོངས་བྱས་ཏེ“མི་རིགས་མཐུན་སྒྲིལ+”གྱི་མུ་འབྲེལ་བྱེད་སྒོ་ཏན་ཏིག་གིས་སྤེལ་བ་དང་། གནའ་མཁར་གྱི་རྗེས་ཤུལ་དང་རིག་གནས་ཤུལ་བཞག་འདང་ངེས་སྤྱད་དེ་ནུས་ཤུགས་ཡོད་རྒུས་མཚོ་བྱང་གི་རིག་གནས་རྣམ་པ་ཟབ་མོ་ཞིག་གཏོད་དགོས་ལ། སྐྱེ་ཁམས་སྲུང་སྐྱོབ་དང་ཐོན་ལས་འཕེལ་རྒྱས། རྨང་གཞིའི་སྒྲིག་བཀོད་སོགས་ཁྱབ་ཁོངས་ལ་དམིགས་ནས་མཐའ་འཁོར་གྱི་གྲོང་ཁྱེར་དང་ཁུལ་གྱི་མཉམ་ལས་བརྗེ་རེས་མགྱོགས་སུ་བཏང་ནས་ཧྲན་ཏུང་ཞིང་ཆེན་དང་ཀྲུང་དབྱང་ཁེ་ལས་དང་ཁ་གཏད་རོགས་སྐྲུན་བྱ་བ་གཏིང་ཟབ་ཏུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ130འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་གཏིང་ཟབ་བྱས་ཏེ་སློབ་སྦྱོང་ཞིབ་ཚགས་དང་ལག་ལེན་ཁྲོད་རིགས་པའི་གཞུང་ལུགས་ཀྱི་བྱང་ཚད་མཐོ་རུ་གཏོང་བ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ། བསམ་པའི་གོ་རྟོགས་མཐོ་རུ་གཏོང་བ། ནུས་པའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱེད་དགོས། བློ་མཐུན་མའོ་ཙེ་ཏུང་སོགས་གསར་བརྗེ་པ་རྒན་རབས་ཚོའི་སྤྱོད་ཚུལ་བཟང་པོ་དང་རླབས་ཆེན་སྲོལ་རྒྱུན་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ། “མདེལ་གཉིས་སྐར་གཅིག ”གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་དམར་དམག་ནུབ་ལམ་དམག་དཔུང་གི་སྙིང་སྟོབས་དང་རྒྱང་སྐྱོད་ཀྱི་སྙིང་སྟོབས་སོགས་ལ་དམ་པོར་དམིགས་ནས་ཚད་ལྡན་ཡིག་ཆ་དང་དཔྱད་ཡིག དངོས་པོ་སྣ་ཚོགས་བསྡུ་རུབ་དང་སྲུང་སྐྱོབ། ཞིབ་འཇུག་བེད་སྤྱོད་བཅས་ཀྱི་བྱ་བ་ཏན་ཏིག་ངང་སྤེལ་དགོས་ལ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་ལས་ཞུགས་དང་སློབ་གསོ། སྨན་བཅོས། རྒན་གསོ། སྡོད་ཁང་སོགས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཆེད་དོན་དམངས་གཙོའི་འཚོ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་སྔར་བས་གོ་བ་གཏིང་ཟབ་ལེན་པ་དང་། “སྲུང་སྐྱོང་གཉིས”དེ་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་སུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐད་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་མཐའ་གཅིག་ཏུ་ཚད་མཐོའི་གཅིག་གྱུར་བྱེད་དགོས། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་དམངས་གཙོའི་འཚོ་བའི་ཚོགས་འདུར་དམིགས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་དང་རིམ་པ་སོ་སོའི་དམངས་གཙོའི་འཚོ་བའི་ཚོགས་འདུ་ཡག་པོར་འཚོག་དགོས་ཟེར།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དྲོད་ཚད་དམའ་བའི་གངས་ཆར་འཁྱགས་རོམ་གྱི་གནོད་འཚེ་འགོག་ཟོན་དང་ཁ་གཏད་གཅོག་པའི་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། དོགས་ཟོན་དང་ཁ་གཏད་གཅོག་པའི་བྱེད་ཐབས་སོ་སོ་དོན་འཁྱོལ་ཞིབ་ཚགས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས། བདེ་འཇགས་ཐོན་སྐྱེད་ཀྱི་སྔོན་དཔག་སྔོན་བརྡ་དང་མཁོ་བསྟུན་མཐུན་སྦྱོར་མཉམ་འགུལ་ལམ་སྲོལ་སྔར་བས་འཐུས་ཚང་དུ་བཏང་ནས་ཁངས་ཆེན་འབབ་པ་སོགས་ཀྱི་གནམ་གཤིས་ངན་པར་ཁ་གཏད་གཅོག་པའི་བྱ་བ་ཡག་པོར་སྒྲུབ་དགོས། འགྲིམ་འགྲུལ་བགྲོད་ལམ་གྱི་གནས་ཚུལ་ལ་སྐོར་ཞིབ་བྱ་རྒྱུར་ཤུགས་བསྣན་ནས་དར་དང་ཁངས་སེལ་བ་དང་ལམ་ན་ལུས་པའི་རླངས་འཁོར་གྱི་མི་སྣར་རོགས་སྐྱོབ་བྱེད་པ་སོགས་ཀྱི་བྱ་བ་ཡག་པོར་སྒྲུབ་ནས་ཕྱིར་སྐྱོད་བདེ་འཇགས་ལ་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས་ཟེར།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀན་སུའུ་ག་ཅུ་ཁུལ་ཆུ་མ་མཁར་རྫོང་གི་རིམ་པ6.2ཅན་གྱི་ས་ཡོམ་ཐད་གནང་བའི་གལ་ཆེའི་མཛུབ་སྟོན་དང་ཙུང་ལི་ལི་ཆང་གི་གལ་ཆེའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་དེ་བཞིན་ཙུང་ལི་ལི་ཆང་གིས་ཀན་སུའུ་དང་མཚོ་སྔོན་ས་ཡོམ་གྱི་གནོད་ཐེབས་ས་ཁུལ་དུ་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་དགུན་སྒྲོལ་བཀོད་སྒྲིག་དང་གེགས་རྗེས་སླར་གསོ་བསྐྱར་སྐྲུན་སོགས་ཀྱི་བྱ་བར་ཞིབ་བཤེར་དང་མཛུབ་ཁྲིད་སྐབས་གནང་བའི་གསུང་བཤད་ཀྱི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། མགོ་ཁྲིད་ཀྱིས་ལས་རེས་སྣེ་ཁྲིད་དང་ཆུ་ཚོད་ཉེར་བཞིའི་ཆེད་མིས་ལས་རེས་ལས་སྲུང་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་མཁོ་བསྟུན་མི་སྣ་ཡོངས་ལས་གནས་ཐོག་ཡོད་པ་དང་དང་ལེན་མགྱོགས་པོ་ཡོང་བའི་འགན་ལེན་བྱེད་དགོས། གཙོ་གནད་ཁྱབ་ཁོངས་ཀྱི་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་དོ་དམ་དང་ས་ཡོམ་གནོད་འཚེའི་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་དགོས་ཟེར།

ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཞིང་གསུམ”བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་གི་གྲོང་གསེབ་བྱ་བའི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཏེ་ནན་གྱིས་བསྟན་དོན། “ཁྲི་སྟོང་བཟོ་སྐྲུན”གྱི་ཉམས་མྱོང་སློབ་སྦྱོང་དང་བེད་སྤྱོད་གཏིང་ཟབ་བྱས་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་བཟོ་སྐྲུན་ཆ་ཚང་གི་ཚད་གཞི་དང་རྒྱ་ཆེ་རུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ལ། མཚོ་བྱང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱི་ཁྱད་ཆོས་ལ་དམ་པོར་དམིགས་ཏེ“རླབས་ཕྲེང་དགུང་དུ་འཕྱུར་བའི་མཚོ་སྔོན་པོ་དང་མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོ”སོགས་ལྗང་མདོག་ཞིང་ཕྱུགས་ཐོན་རྫས་ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་མུ་མཐུད་སྟོབས་ཆེར་གཏོང་བ་དང་ཆས་རྟགས་ཀྱི་ལེགས་ཆར་བརྟེན་ནས་ཁྲོམ་ར་བཙན་བཟུང་དང་རིན་ཐང་མཐོ་རུ་གཏོང་དགོས། དུས་རབས་གསར་པའི“ཧྥིན་ཆའོ་ཉམས་མྱོང”རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་བ་དང་། མདའ་བཞི་རྫོང་གི་འགལ་བ་དང་རྩོད་རྙོག“ཆུང་བ་དྲུག”གི་བྱ་བའི་བྱེད་ཐབས་ཁྱབ་གདལ་དང་བེད་སྤྱོད་ཤུགས་ཆེན་བྱས་ཏེ་གནད་དོན་གཞི་རིམ་དུ་ཐག་གཅོད་བྱེད་དགོས་ཤིང་།   “རིམ་ལྔའི་ཧྲུའུ་ཅིས”གྲོང་གསེབ་དར་སྤེལ་གཏོང་རྒྱུར་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།    

ཚོགས་འདུའི་ཐོག་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་ཁྱབ་བརྡ་བཏང་བའི་དཔེ་མཚོན་གྱོད་དཔེའི་གནད་དོན་བཅོས་སྒྲིག་བཀོད་གཏོང་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཁག་ལྔ་པའི་དཔེ་མཚོན་གྱོད་དཔེ་ཁྱབ་བརྡ་བཏང་སྟེ་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཚུར་བཏོན་གནད་དོན་བཅོས་སྒྲིག་བྱ་བའི་གཟབ་ནན་རང་བཞིན་དང་དཀའ་ཚེགས་རང་བཞིན།  དགོས་གཏུག་རང་བཞིན་བཅས་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས་བསླབ་བྱ་དང་ལེན་གཏིང་ཟབ་བྱེད་པ་དང་གནད་དོན་གྱི་འབྱུང་རྩར་དབྱེ་ཞིབ་གཏིང་ཟབ་བྱེད་པ། བཅོས་སྒྲིག་གི་འགན་ཁུར་ཁྱོན་ཡོངས་ནས་ནན་དུ་གཏོང་དགོས་ལ།  གྱོད་དཔེ་དཔྱད་གཞིར་འཛིན་པ་དང་རང་ལྟ་རང་བཤེར་གྱི“ཕྱིར་མིག་ལྟ་བའི”བྱ་བ་ཁྱོན་ཡོངས་ནས་གཏིང་ཟབ་སྤེལ་ཏེ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་གནད་དོན་གྲལ་བཤེར་དང་བཅོས་སྒྲིག་ཆད་ལུས་མེད་པ། སྟོང་ཆ་གཅིག་ཀྱང་མེད་པ་བཅས་འགན་ལེན་བྱེད་དགོས་ཟེར།    

ཚོགས་འདུའི་ཐོག་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས“དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི”འགན་ཁུར་གྱི་བསམ་པ་བཅངས་ནས་དུས་ཆེན་རིང་གི་བདེ་འཇགས་ཐོན་སྐྱེད་དང་སྤྱི་ཚོགས་བརྟན་ལྷིང་། མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ། དམངས་འཚོ་འགན་ལེན། སྤྱོད་གཙང་རང་གཅུན་སོགས་ཀྱི་བྱ་བ་སོ་སོ་ཡག་པོར་སྒྲུབ་པ་དང་། མཁོ་བསྟུན་ལས་རེས་བརྟན་སྲུང་དང་གནང་བ་ཞུ་ནས་ཕྱི་རུ་འགྲོ་བར་སྙན་ཞུ་བྱེད་པའི་ལམ་ལུགས་ལག་བསྟར་ནན་མོ་བྱས་ཏེ་བྱ་བ་སོ་སོ་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པར་བྱས་ནས་མང་ཚོགས་ཀྱིས་བདེ་འཇགས་དང་འཆམ་མཐུན་གྱི་དུས་ཆེན་ཞིག་རོལ་ཐུབ་པར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།    

ཚོགས་འདུའི་ཐོག་ད་དུང་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི2023ལོའི་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་སྦྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་དཔྱད་དཔོག་བྱ་བའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་བྱས། ཁུལ་སྲིད་གཞུང་དང་། ཁུལ་ཁྲིམས་ཁང་། ཁུལ་ཞིབ་དཔྱོད་ཁང་། ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད། གཞི་རིམ་ཏང་འཛུགས་སྐྱོང་། འདུ་ཤེས་འཛིན་སྟངས། ལས་གཞི་རེ་ཞུ་སོགས་ཀྱི་བྱ་བའི་སྙན་ཞུར་གསན་ལ། 《མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་དམངས་ཆེན་འཐུས་མིས་འདེམས་ཤོག་འཕངས་ནས་སྲིད་གཞུང་གི་དམངས་འཚོའི་བྱ་བ་དངོས་སྒྲུབ་པའི་ལས་གཞིའི་བྱ་ཐབས(ཚོད་ལྟའི་ལག་བསྟར)》སོགས་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号