ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ཀྱིས་ཁུལ་ལོའུ་ཆིན་མཐོ་སྒང་ལུས་ཁམས་བརྟག་བཤེར་ལྟེ་གནས་སུ་བྱ་བར་ཞིབ་བཤེར་དང་མཛུབ་ཁྲིད་གནང་།

ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་ཁུལ་ལོའུ་ཆིན་མཐོ་སྒང་ལུས་ཁམས་བརྟག་བཤེར་ལྟེ་གནས་སུ་བསྐྱོད་ནས་བྱ་བར་ཞིབ་བཤེར་དང་མཛུབ་ཁྲིད་གནང་།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཡུལ་དངོས་ནས་ཁུལ་ལོའུ་ཆིན་མཐོ་སྒང་ལུས་ཁམས་བརྟག་བཤེར་ལྟེ་གནས་ཀྱི་བྱེད་ནུས་གྲུབ་ཚུལ་དང་སྒྲིག་ཆས་བཀོད་སྒྲིག བྱ་བའི་ཁོར་ཡུག་བཅས་ལ་ལྟ་ཞིབ་བྱས་ནས་ལས་སྒྲུབ་མི་སྣ་དང་ལུས་ཕུང་བརྟག་བཤེར་མི་སྣ་ལ་གླེང་མོལ་གཏིང་ཟབ་བྱས་ཏེ་ལུས་ཕུང་བརྟག་བཤེར་གྱི་བརྒྱུད་རིམ་དང་མཇུག་འབྲས་ཀྱི་སྙན་ཞུ་སྤྲོད་པ་སོགས་ཀྱི་ཞིབ་ཕྲའི་བྱ་བར་རྒྱུས་ལོན་གཏིང་ཟབ་པ་དང་། ཁུལ་ལོའུ་ཆིན་མཐོ་སྒང་ལུས་ཁམས་བརྟག་བཤེར་ལྟེ་གནས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་བྱས་པ་དང་འབྲེལ་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ནས་ལུས་ཕུང་བརྟག་བཤེར་བྱེད་པའི་སྨན་དོན་མི་སྣར་དུས་ཆེན་གྱི་སྨོན་འདུན་ཞུས་ཤིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཁུལ་ལོའུ་ཆིན་མཐོ་སྒང་ལུས་ཁམས་བརྟག་བཤེར་ལྟེ་གནས་བཙུགས་པ་དེ་ནི་ལས་བྱེད་ལས་བཟོ་བའི་ལུས་སེམས་བདེ་ཐང་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་ཞིབ་ཕྲའི་བྱ་ཐབས་ཡིན་པ་དང་། ཧྲན་ཏུང་གསོ་རིག་སློབ་ཆེན་དང་པོའི་ཁོངས་གཏོགས་སྨན་ཁང་གཉིས་པའི་ལས་བྱེད་པའི་ཁམས་གསོ་དང་བརྟག་བཤེར་ལྟེ་གནས་ཀྱི་ཀྲུའུ་རིན་ནམ་མཚོ་བྱང་ཁུལ་མི་དམངས་སྨན་ཁང་དང་པོའི་ཡོན་ཀྲང་། ཁུལ་ལོའུ་ཆིན་མཐོ་སྒང་ལུས་ཁམས་བརྟག་བཤེར་ལྟེ་གནས་ཀྱི་ཀྲུའུ་རིན་རན་ཀྲང་ཧྲིན་གྱིས་ཧྲན་ཏུང་གི་ཆེད་མཁས་པ17དང་། མཚོ་བྱང་ཁུལ་མི་དམངས་སྨན་ཁང་དང་པོ་དང་མདའ་བཞི་རྫོང་མི་དམངས་སྨན་ཁང་གི་སྨན་དོན་མི་སྣའི་སྣེ་ཁྲིད་དེ་མཚོ་བྱང་གི་ལས་བྱེད་པའི་ལུས་ཕུང་བརྟག་བཤེར་བྱ་བའི་དོན་དངོས་ལ་གཞི་ཚུགས་པ་དང་ཧྲན་ཏུང་ཞིང་ཆེན་གྱི་སྔོན་ཐོན་ལུས་ཕུང་བརྟག་བཤེར་བརྒྱུད་རིམ་དང་སྒྲིག་སྲོལ་ལམ་ལུགས་ལ་དཔེ་བལྟས་ནས་ཁུལ་ལོའུ་ཆིན་མཐོ་སྒང་ལུས་ཁམས་བརྟག་བཤེར་ལྟེ་གནས་འཛུགས་སྐྲུན་བྱ་བར་སྐུལ་འདེད་ནུས་ལྡན་བཏང་བ་རེད། མཐོ་སྒང་གི་རྒྱུན་མཐོང་ནད་དང་འབྱུང་མང་ནད། ལས་བྱེད་ལས་བཟོ་བའི་འཚོ་བའི་གོམས་གཤིས་དང་དགོས་མཁོ་མི་འདྲ་བར་དམིགས་ནས་ལས་བྱེད་ལས་བཟོ་བར་ལུས་ཕུང་བརྟག་བཤེར་བྱེད་པའི་གསལ་ཐོ་བཟོས་ཤིང་ལུས་ཕུང་བརྟག་བཤེར་ལ་མཛུབ་སྟོན་བྱེད་པའི་ཞབས་ཞུ་མཁོ་འདོན་བྱས་ནས་དུས་ཐོག་ཏུ་བདེ་ཐང་མཛུབ་ཁྲིད་བྱས་པ་རེད། ཁུལ་ལོའུ་ཆིན་མཐོ་སྒང་ལུས་ཁམས་བརྟག་བཤེར་ལྟེ་གནས་དངོས་སུ་གཉེར་སྐྱོང་བྱས་པ་ནས་བཟུང་ཁུལ་ཡོངས་ཀྱི་ལས་བྱེད་ལས་བཟོ་བ4955ལ་ལུས་ཕུང་བརྟག་བཤེར་བྱས་པ་དང་འབྲེལ་བདེ་ཐང་ཡིག་ཚགས་ཀྱང་བཟོས་ནས་སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བའི་ལུས་ཕུང་བརྟག་བཤེར་ཞབས་ཞུ་དང“ཞུ་གཏུག་མེད་པའི”བྱ་བའི་གྲུབ་འབྲས་ཐོག་ནས། ཁུལ་ཡོངས་ཀྱི་ལས་བྱེད་ལས་བཟོ་བས་ཁས་ལེན་རྒྱ་ཁྱབ་ཐོབ་པར་མ་ཟད། ཁུལ་ཕྱི་ནང་གི་ལས་རིགས་སོ་སོའི་མི་སྣའི་ཡིད་དབང་བཀུག་ནས་ལུས་ཕུང་བརྟག་བཤེར་དུ་ཡོང་བས་ཁུལ་ལོའུ་ཆིན་མཐོ་སྒང་ལུས་ཁམས་བརྟག་བཤེར་ལྟེ་གནས་ཀྱི་སྤྱི་ཚོགས་ཀྱི་སྙན་པ་ཆེས་ཆེར་ཕྱིན་ཡོད་པར་བསྟན།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཁག་བགོས་དོ་དམ་གྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་ཁུལ་ལོའུ་ཆིན་མཐོ་སྒང་ལུས་ཁམས་བརྟག་བཤེར་ལྟེ་གནས་ཀྱི་བྱ་བ་སོ་སོར་གྲུབ་འབྲས་གསར་པ་ཐོབ་རྒྱུར་མུ་མཐུད་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་སྟེ། གཅིག་ནས་ལུས་ཕུང་བརྟག་བཤེར་ལྟེ་གནས་ཀྱི་རིམ་སྤོར་བྱ་བ་ཡག་པོར་སྒྲུབ་པ་དང་། རྨང་གཞིའི་སྒྲིག་བཀོད་ཆ་ཚང་གཅིག་རྗེས་གཉིས་མཐུད་ངང་བཀོད་སྒྲིག་བྱེད་པ། བྱ་བ་དང་འཚོ་བའི་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། ལས་བྱེད་ལས་བཟོ་བའི་བདེ་ཐང་དོ་དམ་བྱ་བ་ཁྱོན་ཡོངས་ནས་ཡག་པོར་སྒྲུབ་པ། ལུས་ཕུང་བརྟག་བཤེར་བྱེད་མཁན་གྱི་བཟའ་བཏུང་བདེ་ཐང་འགན་ལེན་བྱེད་པ། དགོས་མཁོ་ལྟར་ལུས་ཕུང་བརྟག་བཤེར་སྒྲིག་ཆས་རྩེ་གྲ་ཉོ་བ་བཅས་བྱས་ཏེ་ལུས་ཕུང་བརྟག་བཤེར་གྱི་སྤུས་ཚད་དང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ཞིང་ཆེན་ཡོངས་ཀྱི་མཚོ་བྱང་མཐོ་སྒང་ཁྱད་ཆོས་ལྡན་པའི་ལུས་ཕུང་བརྟག་བཤེར་གྱི་ཆས་རྟགས་ཧུར་ཐག་སྒོས་གཏོད་དགོས། གཉིས་ནས་ཧྲན་ཏུང་གི་ཆེད་མཁས་པའི་ལག་རྩལ་ལེགས་ཆ་དང་ཐོན་ཁུངས་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ས་ཆ་གཉིས་དབར་གྱི་ཤེས་ལྡན་མི་སྣའི་བརྗེ་རེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཧྲན་ཏུང་ཞིང་ཆེན་གྱི་སྔོན་ཐོན་ལག་རྩལ་དང་དོ་དམ་ལམ་ལུགས་ནང་འདྲེན་བྱེད་པ། ཚན་རིག་དང་མཐུན་ལ་གོ་རིམ་ལྡན་པའི་ངང་ལུས་ཕུང་བརྟག་བཤེར་བྱ་བ་སྤེལ་བ་བཅས་བྱས་ནས་ཁུལ་ཡོངས་ཀྱི་ལས་བྱེད་ལས་བཟོ་བའི་གཟུགས་གཞི་བདེ་ཐང་ལ་མུ་མཐུད་སྲུང་སྐྱོབ་བྱེད་དགོས། ཧྲན་ཏུང་གི་ཞིང་ཆེན་རིམ་པའི་སྨན་ཁང་ཐད་བགྲོད་རླངས་འཁོར་གཏོང་གནང་མཛད་དེ་ནད་གཞི་ཚབས་ཆེན་ཤེས་རྟོགས་བྱུང་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་པར་བསྐྱལ་དགོས། གསུམ་ནས་ཧྲན་ཏུང་གི་ཆེད་མཁས་པའི་ཚན་ཆུང་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་རྒྱབ་ཕྱོགས་མཁོ་སྒྲུབ་ཞབས་ཞུའི་འགན་ལེན་བྱ་བ་སྣ་ཚོགས་ཡག་པོར་བསྒྲུབས་ནས་ཆེད་མཁས་པའི་ལུས་ཕུང་བརྟག་བཤེར་ལྟེ་གནས་སུ་བྱ་བ་སྒྲུབ་ན་སེམས་སྐྱིད་སེམས་བདེ། སེམས་དྲོ་བ་བཅས་བྱས་ཏེ་མཚོ་བྱང་གི་ལུས་ཕུང་བརྟག་བཤེར་བྱ་བར་ཉམས་མྱོང་དང་ལག་རྩལ། ཐོན་ཁུངས་བཅས་སྦྱིན་ནས་ཁུལ་ལོའུ་ཆིན་མཐོ་སྒང་ལུས་ཁམས་བརྟག་བཤེར་ལྟེ་གནས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་བྱེད་དགོས་ཟེར།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཨ་ཁྱུང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཀྱིས་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号