ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གཉིས་ནོར་ཁྲལ་དངུལ་རྩའི་ཁོངས་གཏོགས་སུ་འཚམས་འདྲིར་ཕེབས་པ།


ཟླ12པའི་ཚེས29ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ནོར་ཁྲལ་དངུལ་རྩའི་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་བར་འཚམས་འདྲི་གནང་ནས“དུས་ཆེན་གཉིས”ལ་སྨོན་འདུན་བྱས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཁུལ་ནོར་སྲིད་ཅུས་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཚོ་བྱང་ཁྲལ་དོན་ཅུས།   རྒྱལ་ཁབ་དངུལ་རྩའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་མཚོ་བྱང་ལྟ་སྐུལ་དོ་དམ་ཡན་ལག་ཅུས།  མི་དམངས་དངུལ་ཁང་མཚོ་བྱང་ཁུལ་ཡན་ལག་དངུལ་ཁང་བཅས་སུ་འབྲེལ་ཡོད་བྱ་བའི་གནས་ཚུལ་གྱི་སྙན་ཞུར་གསན་པ་དང་ཚང་མས་ལོ་གཅིག་རིང་དཀའ་སྤྱད་ལས་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་པར་མ་ཟད། ལོ་གསར་པའི་ནང་ཚང་མའི་ཡང་འབད་བསྐྱར་འབད་དང་འབད་འབུངས་ཧུར་ཐག་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྔར་ལས་ལྷག་པའི་ལེགས་སྐྱེས་གསར་པ་དབུལ་རྒྱུའི་སྐུལ་ལྕག་གནང་། ལོ་གཅིག་རིང་ཁུལ་ཡོངས་ཀྱི་ནོར་ཁྲལ་དངུལ་རྩའི་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་ནོར་ཁྲལ་དངུལ་རྩའི་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་རང་རྟོགས་ངང་བྱ་བ་སྒྲུབ་པ་དང་ནུས་ཤུགས་ཡོད་རྒུ་བཏོན་ནས་བྱ་བ་སོ་སོར་དགེ་མཚན་ལྡན་པའི་ཕན་འབྲས་ཐོབ་ཡོད། ཟླ11པའི་ཟླ་མཇུག་བར་ཁུལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར5.98ལེགས་གྲུབ་བྱས་པ་དེ་དུས་མཚུངས་ལས9.05%འཕར་བ་དང་།  དངུལ་ཁང་ལས་རིགས་ཀྱི་དངུལ་རྩའི་སྒྲིག་གཞིའི་བཅོལ་དངུལ་སོ་སོའི་ལྷག་གྲངས་སྒོར་དུང་ཕྱུར186.78ཟིན་པ་དེ་ལོ་སྟོད་དང་བསྡུར་ན་སྒོར་དུང་ཕྱུར4.59མང་དུ་ཕྱིན་ནས2.52%འཕར། དངུལ་བུན་སོ་སོའི་ལྷག་གྲངས་སྒོར་དུང་ཕྱུར116.67ཟིན་པ་དེ་ལོ་མགོ་དང་བསྡུར་ན་སྒོར་དུང་ཕྱུར16.03མང་དུ་ཕྱིན་ནས15.93%འཕར་བ། དངུལ་བུན་དང་བཅོལ་དངུལ་གྱི་བསྡུར་ཚད62.46%ཟིན་ནས་ལོ་སྟོད་དང་བསྡུར་ན་བརྒྱ་ཆའི་གྲངས7.23མང་དུ་ཕྱིན་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་པར་བསྟན། གོམ་སྟབས་རྗེས་མའི་བྱ་བའི་ཁྲོད་ཁུལ་ཡོངས་ཀྱི་ནོར་ཁྲལ་དངུལ་རྩའི་བྱ་བས་ཁུལ་ཡོངས་ཀྱི“243”གྱི་འཕེལ་རྒྱས་བཀོད་སྒྲིག་དང“མཚོ་བྱང་ལྔའི”འཛུགས་སྐྲུན་དམིགས་ཚད་ལ་མུ་མཐུད་སྐུལ་འདེད་བཏང་སྟེ་ནོར་ཁྲལ་གྱི་རྒྱབ་སྐྱོར་དང་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་དངུལ་རྩའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་ནོར་སྲིད་དངུལ་རྩའི་ཉེན་ཁ་འགོག་ཟོན་དང་བསལ་བ། དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་བྱ་བ་ཏན་ཏིག་ངང་བསྒྲུབས་ནས་ཁུལ་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་འཛུགས་སྐྲུན་ལ་སྐུལ་འདེད་ནུས་ལྡན་བཏང་སྟེ་ཁུལ་ཡོངས་ཀྱི་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་དངུལ་རྩའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་སྔར་རྒྱུན་བཞིན་ཁུལ་དུ་བཅའ་སྡོད་བྱེད་པའི་ལས་ཁུངས་སོ་སོ་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱས་ནས་འཕེལ་རྒྱས་ཁྲོད་འཕྲད་པའི་གནད་དོན་ཧུར་ཐག་གིས་ཐག་གཅོད་བྱེད་རོགས་བྱས་ཏེ་ནོར་ཁྲལ་དངུལ་རྩའི་ཁོར་ཡུག་མུ་མཐུད་ཇེ་ལེགས་སུ་བཏང་སྟེ་ནོར་ཁྲལ་དངུལ་རྩའི་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པ་ནན་གྱིས་བསྟན།

ཁུལ་དུ་བཅའ་སྡོད་བྱས་པའི་ནོར་ཁྲལ་དངུལ་རྩའི་ཁོངས་གཏོགས་ཀྱི་ལས་བྱེད་ལས་བཟོ་བས་མ་འོངས་པའི་བྱ་བའི་ནང་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུ་དང་ཀྲུང་དབྱང་གི་དངུལ་རྩའི་བྱ་བའི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱས་ནས་བརྟན་ཐོག་ཡར་འཕེལ་གྱི་རྩ་བའི་རྩ་དོན་རྒྱུན་འཁྱོངས་ཀྱིས་དོ་དམ་ནུས་པ་ཆེ་རུ་གཏོང་བ་དང་ནོར་ཁྲལ་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་བ། ནོར་ཁྲལ་དངུལ་རྩའི་སྒྱུར་བཅོས་སྔར་བས་ཇེ་མགྱོགས་སུ་གཏོང་བ། ནོར་ཁྲལ་དངུལ་རྩའི་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་མཚོ་བྱང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་སྔར་ལས་ལྷག་པའི་ལེགས་སྐྱེས་དབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཨ་ཁྱུང་། ཞུས་ཡུང་ཀུང་། ཚོ་ཅི་ཆང་། ཁྲང་ལིན་བཅས་དང་དེ་བཞིན་ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་ནོར་སྲིད་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་འཚམས་འདྲིར་ཕེབས་རོགས་ཞུས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号