ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཀྲུང་གོ་ཧྭ་ཏན་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་མཚོ་སྔོན་ཡན་ལག་སྤྱི་གཉེར་ཁང་གི་ཀྲའོ་ཝེ་ཏུང་འཁོར་དང་བཅས་པར་བཞུགས་མོལ་བརྗེ་རེས་གནང་པ།


ཟླ12པའི་ཚེས27ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཀྲུང་གོ་ཧྭ་ཏན་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་མཚོ་སྔོན་ཡན་ལག་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ལག་བསྟར་ལས་འཛིན་པ་ཀྲའོ་ཝེ་ཏུང་འཁོར་དང་བཅས་པར་ནུས་རྒྱུ་གསར་པའི་མཉམ་ལས་གསར་སྤེལ་ཐད་བཞུགས་མོལ་བརྗེ་རེས་གནང་།    

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཀྲའོ་ཝེ་ཏུང་འཁོར་དང་བཅས་པ་ཕེབས་པར་དགའ་བསུ་ཞུས་ཤིང་། མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་མདོར་བསྡུས་ངང་ངོ་སྤྲོད་གནང་རྗེས། མཚོ་བྱང་གི་ས་བབ་ལེགས་ཆ་མངོན་གསལ་དོད་པ་དང་ཐོན་ཁུངས་ཀྱི་རང་སྤུས་འབུར་ཐོན་ཡིན་ལ། “རླུང་དང་འོད། མེ་དང་ས”བཅས་ཀྱི་རྒྱུ་རྐྱེན་གཙོ་བོ་འཛོམས་པས། གཞི་ཁྱོན་ཅན་གྱི་ནུས་རྒྱུ་གཙང་མ་གསར་སྤེལ་བྱེད་པའི་ཆ་རྐྱེན་བཟང་པོ་ལྡན་ཡོད་པ་དང་།  མིག་སྔར་མཚོ་བྱང་ནི་ཞིང་ཆེན་ཡོངས་ཀྱིས“རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་བཙན་ས་གཏོད་པའི”འཛུགས་སྐྲུན་ནང་ཧུར་ཐག་སྒོས་ཞུགས་ནས་ཕན་ལྡན་དང་དྭངས་གཙང་། ཐཱན་ཉུང་། འཁོར་སྐྱོད་བཅས་ཀྱི་ལྗང་མདོག་ཐོན་ལས་མ་ལག་མགྱོགས་མྱུར་སྒོས་བཏོད་དེ་ཞིང་ཆེན་ཡོངས་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གསུམ་པ་གཏོད་རྒྱུའི་དམིགས་ཚད་གཏན་འཁེལ་བྱས་པ་དང་ནུས་རྒྱུ་གཙང་མའི་སྒྲིག་ཆས་གཞི་ཁྱོན་ཆན་ཝ་ཁྲི2860གསར་སྤེལ་བྱ་རྒྱུའི་འཆར་འགོད་བྱས་ཡོད། ཧྭ་ཏན་སྡེ་ཚོགས་མཚོ་སྔོན་དུ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེ་ཀུན་གྱིས་མཐོང་ཡོད་ལ། དངོས་ཤུགས་དང་འགན་འཁྲི་འཁུར་ནུས་ཀུན་ལ་ཐོན་ཡོད་ཅིང་། རྒྱལ་ཡོངས་ཀྱི་ནུས་རྒྱུ་ལས་རིགས་ཀྱི་སྔོན་ཐོན་ཁེ་ལས་ཡིན་པའི་ཧྭ་ཏན་སྡེ་ཚོགས་ཀྱིས་ལག་རྩལ་དང་མ་དངུལ། ཐོན་ཁུངས་བཅས་ཐད་ཀྱི་ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་མཚོ་བྱང་ནུས་རྒྱུ་གསར་པ་གསར་སྤེལ་བྱེད་པའི་གཙོ་གནད་ས་ཁོངས་སུ་བརྩིས་ནས་བྱ་བར་སྦྲེལ་མཐུད་དང་ལས་གཞི་ཁྱོན་ཡོངས་ནས་ཇུས་འགོད་ཧུར་ཐག་བྱས་ཏེ་བསམ་ཚུལ་བཟང་བོ་དེ་མགྱོགས་མྱུར་སྒོས་ལས་གཞི་བཟང་པོར་བསྒྱུར་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུའི་རེ་བ་ཡོད་པ་དང་། མཚོ་བྱང་གིས་ཁེ་ལས་ཀྱི་དགོས་མཁོར་གཞི་ཚུགས་ནས་ཚོང་གཉེར་ཁོར་ཡུག་བཟང་པོ་བཏོད་པ་དང་སྤུས་ལེགས་ནུས་ཆེའི་ཞབས་ཞུ་བསྒྲུབ་རྒྱུ་དང་། རྒྱུ་རྐྱེན་གཙོ་བོའི་འགན་ལེན་དང་ལས་གཞི་ལ་སྤྱོད་པའི་ས་ཆ་སོགས་ཀྱི་ཐད་རྗེས་འདེད་ཞབས་ཞུའི་བྱ་བ་ཡག་པོར་བསྒྲུབ་ནས་སྲིད་གཞུང་དང་ཁེ་ལས་ཕྱོགས་གཉིས་གཉིས་ཕན་མཉམ་རྒྱལ་གྱི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ཡིན་པར་བསྟན།

ཀྲའོ་ཝེ་ཏུང་གིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཀྲུང་གོ་ཧྭ་ཏན་སྡེ་ཚོགས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཀྲུང་གོ་ཧྭ་ཏན་སྡེ་ཚོགས་ཀྱི་ཐོན་ལས་བཀོད་སྒྲིག་བྱས་ཚུལ་དང་ལས་སྒོའི་ཁྱབ་ཁོངས། མཉམ་ལས་ཀྱི་འདོད་བློ་བཅས་ངོ་སྤྲོད་མདོར་བསྡུས་གནང་རྗེས། མཚོ་བྱང་གི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་རེ་བ་ཆེན་པོ་ཡོད་ཅིང་། ཧྭ་ཏན་སྡེ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་མཚོ་སྔོན་ཞིང་ཆེན་གྱིས“རྒྱལ་ཁབ་ཀྱི་དྭངས་གཙང་ནུས་རྒྱུ་ཐོན་ལས་ཀྱི་བཙན་ས”གཏོད་པའི་བླང་བྱ་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ནས་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་། མཚོ་བྱང་དང་སྦྲེལ་མཐུད་གཏིང་ཟབ་བྱ་རྒྱུར་ཤུགས་བསྣན་ནས་མཚོ་བྱང་གི་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་དང་ཞབས་ཞུ་ཡག་པོ་བསྒྲུབ་སྟེ་ཕྱོགས་གཉིས་ཀྱི་བརྗེ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་པ་དང་འཕེལ་རྒྱས་ཀྱི་གོ་སྐབས་སྟངས་འཛིན་བྱེད་པ། ཁེ་ཕན་གྱི་ཐུན་མོང་ཆ་འཚོལ་བ། མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཕྱོགས་གཉིས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་གཡུར་དུ་ཟ་བའི་གྲུབ་འབྲས་ལེན་རྒྱུའི་རེ་བ་ཡོད་པར་བཤད།

ཀྲུང་གོ་ཧྭ་ཏན་སྡེ་ཚོགས་ཚད་ཡོད་སྤྱི་གཉེར་ཁང་མཚོ་སྔོན་ཡན་ལག་སྤྱི་གཉེར་ཁང་གི་སྤྱི་གཉེར་བའམ་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏན་ཧུང་ཧྲིན་དང་། ཁུལ་གྱི་མགོ་ཁྲིད་ཨ་ཁྱུང་དང་། ཧན་ཧྲི། ཁུལ་ཐད་གཏོགས་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཞུགས་མོལ་ཚོགས་འདུར་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号