མཚོ་བྱང་ཁུལ་གྱི2023ལོའི་དམིགས་འབེན་འགན་འཁུར་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཚོགས་པ། ཤ་བོ་སྐྱབས་ཚོགས་འདུར་སླེབས་ནས་གསུང་བཤད་གནང་པ་དང་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།


ཟླ12པའི་ཚེས22ཉིན། མཚོ་བྱང་ཁུལ་གྱིས2023ལོའི་ལོ་འཁོར་མོའི་མགོ་ཁྲིད་ཚན་ཁག་དང་མགོ་ཁྲིད་ལས་བྱེད་པའི་ལོ་འཁོར་མོའི་དམིགས་འབེན་འགན་འཁུར་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཚོགས་ནས་ཁུལ་ཡོངས་ཀྱི་ལོ་འཁོར་མོའི་དམིགས་འབེན་དཔྱད་ཞིབ་བྱ་བ་བཀོད་སྒྲིག་བྱས།  ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་གྱི་དམིགས་འབེན་འགན་འཁུར་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཚོགས་འདུར་སླེབས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་གྱི་དམིགས་འབེན་འགན་འཁུར་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཀྲང་ཧྲིང་ཡོན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་ཚོགས་འདུར་ཞུགས།

ཚོགས་འདུའི་ཐོག དཔྱད་ཞིབ་ནི་བྱ་བའི་གྲུབ་འབྲས་དངོས་ལ་ཞིབ་བཤེར་དང་བྱ་གཞག་སོ་སོ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་དང་། ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་དང་ལྟ་སྐུལ་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་ལ་དམིགས་འབེན་དོ་དམ་བྱ་བའི་འགག་རྩའི་ལྷུ་ཚིགས་ཤིག་ཀྱང་ཡིན། དོན་དངོས་དང་མཐུན་ཞིང་དྲང་གཞག་གི་སྒོ་ནས་དཔྱད་ཞིབ་བྱས་པ་བརྒྱུད་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་ས་གནས་ཤིག་དང་ལས་ཁུངས་ཤིག་གི་གྲུབ་འབྲས་དངོས་ལ་གདེང་འཇོག་བྱས་ན། ད་གཟོད་དམིགས་འབེན་དོ་དམ་གྱི་སྐུལ་སློང་དང་ཚོད་འཛིན་གྱི་ནུས་པ་དངོས་སུ་འདོན་སྤེལ་བྱེད་ཐུབ་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནུས་ལྡན་བྱེད་པར་སྔར་ལས་སྐུལ་འདེད་གཏོང་ཐུབ་པར་བསྟན།


ཚོགས་འདུའི་ཐོག་ལོ་འཁོར་མོའི་དཔྱད་ཞིབ་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་དཔྱད་ཞིབ་དང་དཔྱད་ཞིབ་བྱ་ཡུལ་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ་རྩ་འཛུགས་ལ་འགན་འཁུར་བ་དང་། འགན་འཁྲི་འཁུར་མཁན་ལས་ཁུངས་ཚང་མར་འགན་འཁུར་བ། ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་བྱ་བའི་གྲུབ་འབྲས་དང་སྒྲིག་ཁྲིམས་ཀྱི་སྤྱོད་ཚུལ་ཕྱི་རོལ་ཡུལ་དང་མཐུན་པའི་སྒོ་ནས་མཚོན་པར་བྱས་ཏེ་དཔྱད་ཞིབ་བྱ་བའི་དྲང་གཞག་རང་བཞིན་དང་དབང་གྲགས་རང་བཞིན། སྤྱོད་རུང་རང་བཞིན་བཅས་འགན་ལེན་བྱེད་དགོས་པ་སྟེ། གཅིག་ནས་གནད་དོན་ཁྲིད་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་དང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་པ་དང་དམིགས་འབེན་དཔྱད་ཞིབ་མ་ལག་གནད་སྨིན་འབྲེལ་མཐུད་བྱེད་པ། ལྷག་པར་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་བཟོ་སྐྲུན་ཆ་ཚང་སོགས་གཙོ་གནད་བྱ་བར་དམིགས་ནས“མི་འདང་བ”དང“ཞན་ཆ”དཔྱད་ཞིབ་ཐད་དབང་ཆ་སྤྲོད་ཤུགས་ཆེ་རུ་གཏོང་བ། ས་གནས་སོ་སོ་དང་སྡེ་ཁག་སོ་སོའི་གདང་སྤོར་གནས་འཕར་གྱི་དགོས་གཏུགས་བསམ་པ་དང་འགན་འཁྲིའི་བསམ་པ་ནན་དུ་བཏང་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མཉམ་ཤུགས་ཆེན་པོ་ཞིག་རྒྱུན་མཐུད་ངང་གཅིག་ཏུ་སྒྲིལ་དགོས། གཉིས་ནས་དམིགས་འབེན་ཁྲིད་སྟོན་རྒྱུན་འཁྱོངས་དང་དཔྱད་ཞིབ་ཀྱི་དམིགས་འབེན་ཞིབ་ཕྲ་བཟོ་བ། དཔྱད་ཞིབ་བརྒྱུད་རིམ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་ལོ་འཁོར་མོའི་དམིགས་འབེན་འགན་འཁྲི་ལེགས་སྒྲུབ་བྱས་ཚུལ་དང་རྒྱུན་གཏན་གྱི་དཔྱད་ཞིབ་བྱ་ཚུལ། རྩ་འཛུགས་དང་མང་ཚོགས་ཀྱི་གདེང་འཇོག་གནས་ཚུལ་བཅས་ཟུང་འབྲེལ་བྱས་ཏེ་དཔྱད་ཞིབ་བྱས་འབྲས་དྲང་གཞག་དང་འཕྱུགས་མེད་ཡོང་བ་འགན་ལེན་བྱས་ཏེ་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་བྱ་བའི་ལས་འགན་ལེགས་སྒྲུབ་བྱས་ཚུལ་མཚོན་པ་བྱས་ཏེ“འོག་རིམ་ལ་རྒྱུགས་སྤྲོད་པའི”བྱ་ཐབས་ཐོག་ནས“གོང་རིམ་ལ་ལན་འདེབས་པའི”དམིགས་ཚད་མངོན་འགྱུར་ཏན་ཏིག་ཡོང་བར་བྱེད་དགོས། གསུམ་ནས་མཇུག་འབྲས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་བྱས་ཏེ་དྲང་གཞག་ཡོངས་བསྒྲགས་ཀྱི་རྩ་དོན་གཞིར་བཟུང་ཚད་གཞི་གཅིག་གིས་དོ་དམ་མཐར་ཕྱིན་པ་དང་། ལངས་གཟུགས་བཤར་འབེབས་དང་གནད་སྨིན་དཔྱད་ཞིབ་རྒྱུན་འཁྱོངས། དཔྱད་ཞིབ་ཀྱི་ཚན་རིག་རང་བཞིན་དང་གནད་འཁེལ་རང་བཞིན་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ།  གྲུབ་འབྲས་དངོས་ཀྱི་དབྱེ་ཞིབ་འབྲས་བུ་དང་ཞིབ་དཔྱད་སྤྱོད་ཚུལ་ཡང་དག་སྤྱོད་པ་བཅས་བྱས་ནས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དོན་དངོས་དང་མཐུན་ལ་དྲང་གཞག་གི་གདེང་འཇོག་བྱ་རྒྱུར་གཞི་འཛིན་ས་ཡང་དག་མཁོ་འདོན་བྱེད་དགོས་པ་ནན་གྱིས་བསྟན།

ཚོགས་འདུའི་ཐོག   ཁུལ་ཨུའི་རྩ་འཛུགས་པུའུ་དང་ཁུལ་སྒྲིག་ཁྲིམས་ལྟ་ཞིབ་ཨུ་ལྷན་དང་དེ་བཞིན་ཁོངས་མིའི་ཚན་ཁག་སོ་སོས་ངེས་པར་དུ་དཔྱད་ཞིབ་ཀྱི“བཀོད་འདོམས་དབྱུག་པའི”ནུས་པ་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཞིང་ཆེན་ཏང་ཨུའི“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་པ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ནས་ལོ་འཁོར་མོའི་དཔྱད་ཞིབ་བྱ་བའི་ཇུས་འགོད་ཡག་པོ་བྱེད་པ། ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ཏན་ཏིག་གི་བྱ་བའི་སྤྱོད་ཚུལ་ཐོག་ནས་དཔྱད་ཞིབ་བྱ་བ་སྤེལ་བ། དཔྱད་ཞིབ་ཚད་གཞི་རྒྱུན་འཁྱོངས་བྱེད་པ་དང་དཔྱད་ཞིབ་ཀྱི་གཙོ་གནད་འབུར་དུ་ཐོན་པ།  དཔྱད་ཞིབ་ཀྱི་གོ་རིམ་ནན་མོའི་ངང་དངོས་ཐོག་བདེན་འཚོལ་གྱི་སྒོ་ནས་འགན་འཁྲི་དོན་འཁྱོལ་བྱས་ཚུལ་དང་ལས་འགན་ལེགས་སྒྲུབ་བྱས་ཚུལ་མངོན་དགོས་པའི་བླང་བྱ་བཏོན།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ལའེ་མིན།  སི་ཅི་ཧྲིན། ཚོ་ཅི་ཆང་བཅས་ཚོགས་འདུར་ཕེབས། ཁུལ་གྱི་དམིགས་འབེན་འགན་འཁྲིའི་དཔྱད་ཞིབ་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ཚན་ཁག་སོ་སོའི་འགན་འཁུར་བློ་མཐུན་དག་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号