ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་སྐབས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས་ལ་བརྟེན་ནས་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱ་བ་དམ་འཛིན་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན།


ཟླ12པའི་ཚེས20ཉིན་ནས་ཚེས21ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་དང་མདོ་ལ་རྫོང་།  རྐང་ཚ་རྫོང་བཅས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱེད་སྐབས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱས་ནས“རྒྱལ་དོན་གྱི་ཆེ་ཕྱོགས”བློ་ལ་བརྟན་པོར་ངེས་ཏེ་གནད་དོན་གྱི་ཁྲིད་སྟོན་དང་དམིགས་ཚད་ཀྱི་ཁྲིད་སྟོན། གྲུབ་འབྲས་ཀྱི་ཁྲིད་སྟོན་བཅས་རྒྱུན་འཁྱོངས་ཀྱིས་ཚད་མཐོའི་ཆབ་སྲིད་ཀྱི་རང་རྟོགས་དང་བསམ་བློའི་རང་རྟོགས་ལ་བརྟེན་ནས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་སྐུལ་ཞིབ་བཤེར་ཚན་ཆུང་གིས་བཏོན་པའི་གནད་དོན་བཅོས་སྒྲིག་བྱ་བར་དམ་འཛིན་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོ་ལྟ་ཞིབ་དཔེ་མཚོན་གྱོད་དཔེ་དང་ཡིག་བསྐུར་ངོ་བཅར་སྒྲུབ་གཉེར་ཡིག་ཆ་ལ་དམིགས་ནས་སྔ་རྗེས་སུ་འཇུ་ལག་རྫོང་འཇུ་ལག་གྲོང་རྡལ་དང་རྒྱལ་མཁར་ཡུལ་ཚོ། མདོ་ལ་རྫོང་མུ་རི་གྲོང་རྡལ་དང་འབྲོང་ལུང་ཡུལ་ཚོ། རྫ་དམར་ཡུལ་ཚོ།  བཙུན་མོ་གཞོང་གྲོང་རྡལ་དང་རྐང་ཚ་རྫོང་ཆུ་ཁོལ་ཐོན་ལས་གླིང་ཁུལ།  མཚོ་སྔོན་ཞིང་ཆེན་ནུབ་མཚོ་རྡོ་སོལ་གསར་སྤེལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་བཅས་ལ་བསྐྱོད་པ་དང་། ཡུལ་དངོས་ནས་ཀྲུང་དབྱང་ནགས་ལས་བཅོས་སྒྱུར་བཅོས་འཕེལ་རྒྱས་མ་དངུལ་གྱི་རྩྭ་ཐང་ཞན་འགྱུར་ལ་རྩྭ་འདེབས་ལས་གཞི་དང་རི་ཆུ་ནགས་ཞིང་མཚེའུ་རྩྭ་བཅས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོའི་ཚོད་ལྟའི་ལས་གཞིའི་གནད་དོན་བཅོས་སྒྲིག་གི་མགྱོགས་ཚད། ཆི་ཆན་སྤྱི་གཉེར་ཁང་གི་ཧྲ་ལུང་ཐང་རྡོ་རྒྱུ་བཟོ་སྣོན་ཁུལ་གྱི་སྙིགས་རོ་སྤུངས་ར། ཚེ་ཐར་རྡོ་སོལ་གཏེར་ཁུལ་དང་ཚེ་ཐར་ཞན་ཧྥིན་རྡོ་སོལ་གཏེར་ཁུལ་ཀྱི་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས་བཅོས་སྒྲིག་བྱ་བ་ལ་དམ་འཛིན་ཡག་པོ་བྱེད་པའི་གལ་ཆེའི་རང་བཞིན་དང་། ཁ་ཚ་དགོས་གཏུག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་བསྒྲུབ་རྒྱུར་སྤྲད་པའི་གནད་དོན་བཅོས་སྒྲིག་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་ཁོངས་གཏོགས་ཀྱི་འགན་འཁྲི་དང་དོ་དམ་གྱི་འགན་འཁྲི་ཏན་ཏིག་འཁུར་ནས“གནད་དོན་རྩད་ཞིབ་གསལ་པོ་མ་བྱས་ན་མི་གཏོང་བ་དང་།  བཅོས་སྒྲིག་གནད་ལ་མ་འཁེལ་ན་མི་གཏོང་བ། འགན་འཁྲི་དོན་འཁྱོལ་མ་བྱས་ན་མི་གཏོང་བ།  མང་ཚོགས་བློ་ཡིད་མ་ཚིམ་ན་མི་གཏོང་བ”བཅས་ཀྱི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་བཅོས་སྒྲིག་གི་ལས་འགན་སོ་སོར་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས་ཏེ།  གཅིག་ནས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་པ་དང་ཆེད་སྒྲུབ་ཚན་ཆུང་འཛུགས་པ།  འགན་འཁྲི་ཁ་གསལ་དང་འགན་འཁྲི་ཏན་ཏིག་འཁུར་བ།   དུས་རིམ་ལྡོག་སྒྲིག་དང་དཔེ་རིས་བཀལ་ནས་ལས་སྒྲུབ་བྱེད་པ། རིགས་དབྱེ་ཐག་གཅོད་དང་དུས་བཀག་ལྟར་ལེགས་སྒྲུབ་བཅས་བྱས་ནས་བཅོས་སྒྲིག་བྱ་བ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་འདེད་གཏོང་དགོས།   གཉིས་ནས་བྱ་བའི་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་པ།  ཞིང་ཆེན་གྱི་ཐད་གཏོགས་འབྲེལ་ཡོད་ཐིན་དང་ཅུས་ཀྱི་བྱ་བའི་འབྲེལ་གཏུག་སྙན་སེང་ལ་ཤུགས་སྣོན་པ།  བཅོས་སྒྲིག་དང་ལེགས་བཅོས་ཀྱི་གནད་དོན་ཁྱོན་ཡོངས་ནས་གསེད་དཀྲོལ་བྱེད་པ།   གནད་དོན་གྱི་འབྱུང་རྩ་འཚོལ་ཞིབ་གཏིང་ཟབ་བྱེད་པ།   དོན་དངོས་ལ་གཞི་ཚུགས་ནས་བཅོས་སྒྲིག་དང་ལེགས་བཅོས་ཀྱི་ཇུས་གཞི་བཟོ་བ། ཕྱོགས་མང་པོའི་ཐད་ནས་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱེད་པ། ཟུར་བསྟན་ལེབ་མཐོང་དང་འཕྲལ་མར་བཅོས་སྒྲིག་དང་ལེགས་བཅོས་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས་བཅོས་སྒྲིག་དང་ལེགས་བཅོས་དོན་འཁྱོལ་བྱས་ཚུལ་མཐིལ་མཐོང་ཕན་འབྲས་ཐོན་པ་དང་ཁྱོན་ཡོངས་ནས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་ཏན་ཏིག་བྱེད་དགོས། གསུམ་ནས་ཕུགས་ཕན་ལྟ་སྐུལ་དོ་དམ་ལམ་སྲོལ་བཙུགས་ནས་རྒྱུན་རྣམ་ཅན་གྱི་རྗེས་འདེད་ཕན་འབྲས་འདྲི་རྩད་རྒྱུན་འཁྱོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བཤིག་གཏོང་བའི་ཁྲིམས་འགལ་བྱ་སྤྱོད་མཐའ་གཅིག་ཏུ་གཏན་འགོག་དང་།  བཅོས་སྒྲིག་གི་ཕན་འབྲས་ཟམ་མི་ཆད་པར་བརྟན་དུ་གཏོང་བ་དང་བཏོན་པའི་གནད་དོན་ཐག་གཅོད་མཐར་ཕྱིན་བཅས་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་སུང་ཞུག་ཙུང་། མ་རུའུ་ཞང་། ཧན་ཧྲི། འཇུ་ལག་རྫོང་དང་མདོ་ལ་རྫོང་སྲིད་གཞུང་གི་འགན་ཁུར་བློ་མཐུན་གཙོ་བོ་དང་དེ་བཞིན་ཁུལ་སྲིད་གཞུང་གཞུང་ལས་ཁང་དང་ཁུལ་སྐྱེ་ཁམས་ཁོར་ཡུག བཟོ་ལས་དང་ཆ་འཕྲིན། ནགས་རྩྭ། རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཀྱིས་མཉམ་དུ་ཞིབ་བཤེར་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号