ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་གངས་དཀར་རི་བོ་དང་མདོ་ལ་རྫོང་སྟོང་སོ་ཆེ་བ་ལྗོངས་ཁུལ་དུ་བརྟག་ཞིབ་གནང་པ།


ཟླ12པའི་ཚེས20ཉིན་ནས་ཚེས21ཉིན་བར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་སྔ་རྗེས་སུ་འཇུ་ལག་རྫོང་གངས་དཀར་རི་བོ་དང་མདོ་ལ་རྫོང་སྟོང་སོ་ཆེ་བ་ལྗོངས་ཁུལ་དུ་བསྐྱོད་དེ་ལྗོངས་ཁུལ་གྱི་གདང་རིམ་སྤོར་བར་སྐུལ་འདེད་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ། ཡུལ་སྐོར་བའི་སྣ་མང་ཅན་གྱི་དགོས་མཁོ་སྐོང་བ་བཅས་ལ་དམིགས་ནས་བརྟག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་གངས་དཀར་རི་བོ་ནི་མཚོ་སྔོན་ཞིང་ཆེན་ནང་ཁུལ་དུ་རི་འཛེག་ལ་འཚམ་ཞིང་སྙན་པ་མཐོ་ལ། ཡུལ་སྐོར་བས་དགའ་སྣང་བྱེད་པའི་གངས་རི་ཞིག་ཡིན་ལ། ཞིང་ཆེན་གྱི་ལྟེ་བའི་གྲོང་ཁྱེར་ཟི་ལིང་དང་བར་ཐག་སྤྱི་ལེ100ལྷག་དང་འཇུ་ལག་རྫོང་དང་བར་ཐག་སྤྱི་ལེ30ལྷག་ཙམ་ལས་མེད། རྒྱལ་ལམ227དང་ཀྲང་ཝུན་མྱུར་བགྲོད་གཞུང་ལམ། ལན་ཤིན་མྱུར་བགྲོད་ལྕགས་ལམ་སོགས་འགྲིམ་འགྲུལ་མ་ལམ་གཙོ་བོ་དག་ལྗོངས་ཁུལ་འདིའི་འཇུག་སྒོ་བརྒྱུད་ཡོད་ལའགྲིམ་འགྲུལ་ཆ་རྐྱེན་ལེགས་པ་དང་ས་བབ་ཀྱི་ལེགས་ཆ་མངོན་གསལ་དོད་པོ་ཡོད། ཉེ་དུས་ལྗོངས་ཁུལ་གྱི་སྙན་པ་རྒྱུན་མཐུད་ངང་ཡར་འཕར་ནས་ཉིན་ལྟར་ཡུལ་སྐོར་བ་མང་པོལྟ་སྐོར་དུ་སླེབས་ས་ཟི་ལིང་མཐའ་འཁོར་གྱི་ས་ཁུལ་གྲགས་ཅན་ཞིག་ཏུ་གྱུར་ཡོད། སྟོང་སོ་ཆེ་བ་ལྗོངས་ཁུལ་དུ་ནགས་ཚལ་སྟུག་པོ་ཡིན་པ་དང་བརྗིད་ཆགས་ཀྱི་རི་རྒྱུད། པིར་གྱིས་བཞེངས་འདྲའི་ཡུལ་ལྗོངས། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གཞི་གྲངས་ཆེན་མོའི་ལྟེ་གནས་བཅས་ལ་བརྟེན་ནས་ཞིང་ཆེན་ཕྱི་ནང་གི་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུག་སྟེ་ཡུལ་སྐོར་དང་སྐྱེ་ཁམས་ཉམས་ཞིབ་བྱེད་དུ་སླེབས་པས“མདོ་ལ་རི་ཡིས་ཕྱུག་པའི”མཚན་སྙན་མི་སེམས་ཀྱི་གཏིང་རིམ་དུ་ཟུག་ཡོད་པར་བསྟན།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་དང་མདོ་ལ་རྫོང་། ཁུལ་ཐད་གཏོགས་བཅས་ཀྱི་འབྲེལ་ཡོད་སྡེ་ཁག་གིས་གཅིག་ནས་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་སྟེ་ཚགས་པར་དང་། བརྙན་འཕྲིན། དྲ་བ། སྤྱི་སྟེགས། སྤྱོད་སྣེ། འཆར་ངོས་སོགས་སྨྱན་སྦྱོར་ལས་སྟེགས་གང་ལེགས་སྤྱད་དེ་ལྗོངས་ཁུལ་དུ་རྟར་ཞོན་པ་དང་གླུ་གཞས་གཏོང་བ། ཞབས་བྲོ་འཁྲབ་པ། རྐང་བགྲོད་བྱེད་པ་སོགས་ཁྱད་ལྡན་རིག་རྩལ་བྱེད་སྒོ་ཇུས་འགོད་དང་འོས་སྦྱོར་བྱེད་པ་དང་། ལས་བྱེད་ལས་བཟོ་བ་སྒྲིག་འཛུགས་ཀྱིས་འགྲན་ཐེངས་སོ་སོ་རེ་བགོས་ནས་རིག་གནས་བྱེད་སྒོ་སྤེལ་ཏེ་ལྗོངས་ཁུལ་གྱི་སྙན་པ་དང་ཤུགས་རྐྱེན་ཐེབས་ནུས། ཡིད་དབང་འགུག་ཤུགས་བཅས་མུ་མཐུད་ཆེ་རུ་གཏོང་དགོས། གཉིས་ནས་གངས་དཀར་རི་བོ་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་ཞབས་ཞུ་ལྟེ་གནས་དང་སྟོང་སོ་ཆེ་བ་སྒེར་འཁོར་ཡུལ་སྐོར་སྒར་ས་གང་མགྱོགས་སྤྱོད་དགོས་པ་དང་། དེ་མཚུངས་ཀྱི་གཞུང་ལས་སྒྲིག་ཆས་བཀོད་སྒྲིག་བྱེད་དགོས་ལ། བཏུང་ཆུ་དང་གློག་གི་གནད་དོན་ཐག་གཅོད་བྱེད་དགོས། ཆེད་བསྐོས་མི་སྣས་ལྗོངས་ཁུལ་དུ་ཞབས་ཞུ་འགན་ལེན་གྱི་བྱ་བ་ཡག་པོ་སྒྲུབ་ནས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་ནུས་པ་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་དགོས། གནམ་གཤིས་འགྱུར་ལྡོག་གི་གནས་ཚུལ་ལ་དོ་སྣང་ཆེན་མོ་བྱས་ནས་གནམ་གཤིས་ངན་པའི་སྔོན་བརྡ་དུས་ཐོག་ཏུ་བཏང་སྟེ་ཡུལ་སྐོར་བ་རི་འཛེག་ལ་དོགས་ཟོན་བྱེད་པའི་དྲན་སྐུལ་དང་རོགས་སྐྱོབ་ཀྱི་གྲ་སྒྲིག་བྱ་བ་ཡག་པོ་སྒྲུབ་དགོས། གསུམ་ནས་བདེ་འཇགས་ཐོན་སྐྱེད་ཀྱི་བྱ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་གཙོ་གནད་ཁྱབ་ཁོངས་དང་གཙོ་གནད་ལྷུ་ཚིགས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་ཏན་ཏིག་བྱས་ཏེ་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ནས་དོན་རྐྱེན་ཚབས་ཆེན་མི་ཐོན་པའི་མཐའ་ཚད་མཐའ་གཅིག་ཏུ་སྲུང་དགོས། ལྗོངས་ཁུལ་གྱི་འགྲོ་ལམ་དང་ལྗོངས་ཁུལ་གྱི་ལས་སྟེགས། རླངས་འཁོར་འཇོག་ས་སོགས་ས་ཁོངས་ཀྱི་འཁྱགས་སེལ་བྱ་བ་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ནས་ལྗོངས་ཁུལ་གྱི་འགྲོ་ལམ་ཤར་བགྲོད་ཐུབ་པ་དང་མི་སྣ་བདེ་འཇགས་ཡོང་བའི་འགན་ལེན་བྱེད་དགོས། རྒྱུན་རྣམ་ཅན་གྱིས་དངོས་འཐབ་ནང་སྦྱོང་བྱས་ཏེ་རིགས་སོ་སོའི་མཁོ་བསྟུན་རོགས་སྐྱོབ་གྲ་སྒྲིག་བྱ་བ་ཡག་པོ་སྒྲུབ་ནས་དམིགས་བསལ་གནས་ཚུལ་འཕྲད་སྐབས་འཕྲལ་མར་ཁ་གཏད་གཅོག་རྒྱུ་དང་འཕྲལ་མར་རོགས་སྐྱོབ་བྱ་ཐུབ་པའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་འཇུ་ལག་རྫོང་གིས་ལྗོངས་ཁུལ་གྱི་ལོ་རྒྱུས་རིག་གནས་དང་དམངས་ཁྲོད་གཏམ་རྒྱུད་སྔོག་འདོན་བྱས་ནས་རིག་གནས་ལ་བརྟེན་ནས་ཡུལ་སྐོར་དར་སྤེལ་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་བའི་བྱ་གཞག་ཆེན་མོ་ཡག་པོ་སྒྲུབ་དགོས། ལྗོངས་ཁུལ་གྱི་ཕྱོགས་སྟོན་དང་ས་བབ་མཐོ་ཚད་སོགས་ཀྱི་བརྡ་སྟོན་བྱང་བུ་ལུགས་མཐུན་ངང་བཀོད་སྒྲིག་བྱས་ཏེ་ཚོན་མདོག་སྣ་བདུན་གྱི་རྦབ་ཆུའི་ལྗོངས་ཁུལ་ལ་ལྟ་བའི་སྟབས་བདེའི་ལམ་བུ་བསྐྲུན་པ་དང་། ཆེད་མངགས་མི་སྣ་དམིགས་འཛུགས་བྱས་ནས་གད་སྙིགས་གཙང་སེལ་ཡག་པོ་བྱེད་པ། ཆེད་ལས་མི་སྣ་གདན་ཞུ་བྱས་ནས་ཆུ་མགོའི་ཆུ་སྤུས་ལ་ལྟ་ཞིབ་ཚད་ལེན་བྱས་ཏེ་སྨན་ཆུ་སྲུང་སྐྱོབ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་།   ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་སྣ་ཚོགས་རྒྱུན་མཐུད་ངང་འཐུས་སྒོ་ཚང་དུ་གཏོང་དགོས།《ལུས་རྩལ་སྤྱི་ཁྱབ་ཅུས་གཞུང་ལས་ཁང་གི་ལུས་རྩལ་ཁྱབ་ཁོངས་ཀྱི་བདེ་འཇགས་དོ་དམ་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བརྡ་ཐོ》དང་།《མཚོ་སྔོན་ཞིང་ཆེན་གྱི་རི་འཛེག་དོ་དམ་སྲོལ་ཡིག》《ཉེ་དུས་རི་འཛེག་གི་གངས་དཀར་རི་བོར་རི་འཛེགས་བྱེད་པའི་འབྲེལ་ཡོད་བླང་བྱ》སོགས་ཡིག་ཆའི་བླང་བྱ་གཞིར་བཟུང་སྒར་ས་ཆེན་མོ་ཡན་གྱི་ཆེད་ལས་རི་འཛེག་དཔུང་ཁག་ཏུ་སྐྱོད་སྐབས་མཚོ་སྔོན་ཞིང་ཆེན་སྲིད་འཛིན་ཞབས་ཞུའི་ཚོམས་ཆེན་དང་ཞིང་ཆེན་ལུས་རྩལ་ཅུས་ཀྱི་སྐར་ཁུང་དུ་ཞིབ་བཤེར་ཆོག་མཆན་འགོད་པའི་འགྲོ་ལུགས་གཉེར་དགོས། མདོ་ལ་རྫོང་གིས་རྐང་བགྲོད་བྱ་ཡུལ་དང་ལམ་ཐིག་འཆར་འགོད། ཕྱོགས་སྟོན་བྱང་བུ་མང་དུ་གཏོང་བ། ཤིང་ཟམ་བཟོ་བ།  སྦུག་ལམ་བཟོ་བ། རོགས་སྐྱོབ་བགྲོད་ལམ་འཛུགས་པ་སོགས་ཀྱི་དུས་མགོའི་གྲ་སྒྲིག་བྱ་བ་ཡག་པོ་སྒྲུབ་དགོས། སྟོང་སོ་ཆེ་བ་རུ་སྒེར་འཁོར་ཡུལ་སྐོར་སྒར་སར་ཕྱི་རོལ་དུ་སྒར་བརྒྱབ་ནས་སྡོད་པའི་མགྲོན་ཁང་དང་གུར་སོགས་སྒྲིག་བཀོད་མང་དུ་བཏང་ནས་ཆེད་བསྐོས་མི་སྣས་སྒར་སའི་བྱ་བ་བཀོད་སྒྲིག་བྱས་ཏེ་ལྗོངས་ཁུལ་གྱི་གཉེར་སྐྱོང་ཆུ་ཚད་དང་ཕན་འབྲས་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས།  གཙོ་རྒྱུག་སྨྱན་སྦྱོར་དང་རང་སྨྱན་སྦྱོར། དྲ་རྒྱ་སོགས་ཐབས་ལམ་སྣ་ཚོགས་ལ་བརྟེན་ནས་སྟོང་སོ་ཆེ་བའི་ནགས་མཚོའུ་གངས་རི་སོགས་དམིགས་བསལ་ཐོན་ཁུངས་དྲིལ་སྒྲོག་དང་འོས་སྦྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ལྗོངས་ཁུལ་གྱིས་འགྲུལ་པ་སྣེ་ལེན་བྱེད་ཚད་མུ་མཐུད་ཆེ་རུ་བཏང་སྟེ་ཆས་རྟགས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་བསྒྱུར་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

དེའི་རིང་། ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས“མི་བྱེད་པ་བཞི་དང་ཐད་བསྐྱོད་གཉིས”ཀྱི་བྱེད་ཐབས་ཐོག་ནས་མདོ་ལ་རྫོང་འབྲོང་ལུང་ཡུལ་ཚོ་སྤེན་མ་སྡེ་བའི་ཏང་ཡོན་བྱེད་སྒོ་ཁང་གི་གཞུང་ལས་ཁོར་ཡུག་དང་། གཞི་རིམ་རིག་གནས་བྱ་ཡུལ། སྡེ་སྡོད་ལས་བྱེད་པ་ལས་གནས་སུ་སྐྱོད་པའི་གནས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱས་ཏེ་སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་དང་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་བེད་སྤྱོད། འགལ་ཟླ་དང་རྩོད་གཞི་གྲལ་བཤེར་སེལ་བ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་།  སུང་ཞུག་ཙུང་།  མ་རུའུ་ཞང་།  འཇུ་ལག་རྫོང་དང་མདོ་ལ་རྫོང་སྲིད་གཞུང་།  དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཀྱིས་ཕེབས་རོགས་ཞུས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号