མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་གསར་བརྗེའི་སློབ་གསོའི་རྟེན་གཞིའི་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་ཚོགས།


ཉེ་ཆར། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཨུ་ཡོན་གྱི་གསར་བརྗེའི་སློབ་གསོའི་རྟེན་གཞིའི་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོ་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་དུ་འཚོགས། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུའམ་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། དམངས་གཙོ་མནའ་འབྲེལ་མཚོ་སྔོན་ཞིང་ཨུའི་ཀྲུའུ་རིན་ཨུ་ཡོན་ཝང་ཞོན་དང་། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་གཉིས་ཀྱིས་སློབ་གསོའི་རྟེན་གཞིའི་སྒོ་བྱང་གི་ཡོལ་བ་ཕྱེས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་ཞིང་ཆེན་སྲིད་གྲོས་ཀྱི་དྲུང་ཡིག་ཆེན་མོ་གཞོན་པ་ཏུའུ་ཅིན་ཕིང་གཉིས་ཀྱིས་ཤིས་ཚིག་ཕུལ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་དབྱང་ཧའེ་ལུང་སྒོ་བྱང་གི་ཡོལ་བ་ཕྱེ་བའི་མཛད་སྒོར་ཞུགས། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་ཀྱིས་མཛད་སྒོར་གཙོ་སྐྱོང་གནང་།

ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱིས་ནམ་རྒྱུན་མཚོ་བྱང་ལ་དོ་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། དུས་ཡུན་རིང་པོའི་ནང་ཞིང་ཆེན་སྲིད་གྲོས་ཀྱིས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས། ལྷག་པར་དུ་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་འཛུགས་སྐྲུན། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་ཁུལ་གྱི་སྣེ་ཁྲིད་ས་ཁུལ་གཏོད་པ། གཞི་རིམ་གྱི་སྤྱི་ཚོགས་བཅོས་སྐྱོང་། ས་ཁོངས་ཀྱི་སྤུན་ཟླའི་གྲོང་ཁྱེར་དང་ཁུལ་གྱི་མཉམ་འགུལ་ལམ་སྲོལ་འཛུགས་པ། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་འཕེལ་རྒྱས་སོགས་ཀྱི་ཐད་རོགས་རམ་ཤུགས་ཆེན་བྱས་ཡོད། མཚོ་བྱང་གིས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་པོ་བཙུགས་ནས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་སྲིད་གྲོས་ཀྱི་འགན་འཁྲི་སྒྲུབ་རྒྱུར་རྒྱབ་སྐྱོར་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། སྲིད་གྲོས་ཀྱི་བྱ་བ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཁྱབ་ཁོངས་ཧྲིལ་པོར་ཁྱབ་པར་བྱས་ནས། མི་དམངས་སྲིད་གྲོས་ལ་ཆབ་སྲིད་ཀྱི་གོ་གནས་ཡོད་པ་དང་ཇུས་འབུལ་ལ་སྤུས་ཀ་ཡོད་པ།ནུས་པ་འདོན་པར་གར་སྟེགས་ཡོད་པ་བཅས་འགན་ལེན་བྱ་རྒྱུ་ཡིན་པ་བསྟན།

ཏུའུ་ཅིན་ཕིང་གིས་ཤིས་ཚིག་ཁྲོད་མཚོ་བྱང་གི་གསར་བརྗེའི་ཐོན་ཁུངས་ལེགས་ཆར་ཧུར་ཐག་གིས་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་རིམ་ཁག་སྲིད་གྲོས་ཨུ་ཡོན་སྒྲིག་འཛུགས་བྱས་ཏེ། གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་དང་གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན། གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན། རྒྱལ་གཅེས་བརྩེ་སེམས་ཟབ་མོ་གསོ་སྐྱོང་། ཨུ་ཡོན་དཔུང་ཁག་འཛུགས་སྐྱོང་བཅས་ལ་ཤུགས་སྣོན་བྱས་ཏེ།“སྲིད་གྲོས་ཤེས་རྟོགས་དང་གྲོས་མོལ་བྱེད་ཤེས་པ། སྲིད་གླེང་བར་མཁས་པ། སྒྲིག་ཁྲིམས་སྲུང་བ། སྒྲིག་ལམ་ལ་སྣང་ཆེན་བྱེད་པ། སྤྱོད་ཚུལ་ལ་མཐོང་ཆེན་བྱེད་པ”བཅས་ཀྱི་བླང་བྱ་ལག་ལེན་དུ་བསྟར་བ་དང་། ཚད་མཐོའི་བསམ་བློ་དང་ཆབ་སྲིད། བྱ་སྤྱོད་རང་རྟོགས་བཅས་ཀྱི་སྒོ་ནས་རང་འཁྲིའི་བྱ་བར་གཞི་བཙུགས་ཏེ། “རྒྱལ་དོན་གྱི་ཆེ་ཕྱོགས”སེམས་སུ་ངེས་པ་དང་བློ་ནུས་གང་ཡོད་འདོན་པ། རང་འགན་གཙང་སྒྲུབ་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་འཛུགས་སྐྲུན་ཁྲོད་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བའི་དོན་སྙིང་ལྡན་པར་བསྟན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号