ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་།


ཟླ12པའི་ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཐེངས57པ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚོགས་འདུའི་ཡིག་ཆའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། བྱ་བའི་སྙན་ཞུར་གསན་ཏེ་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་།

ཚོགས་འདུའི་ཐོག ཟླ12པའི་ཚེས8ཉིན་འཚོགས་པའི་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱས་ནས་ལོ་མགོར་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་སོ་སོ་དང་ཞིབ་བསྡུར་བྱས་ཏེ་ད་ལོའི་བྱ་བར་ཕྱོགས་སྡོམ་ནན་ཏན་བྱེད་དགོས་པ་དང་། ཞན་ཆ་དང་གནད་དོན་ལ་ལྟ་སྟངས་ཡང་དག་འཛིན་པ། ལས་གཞི་གལ་ཆེན་དང་གཙོ་གནད་ལས་འགན་ལ་དམིགས་ཏེ། སང་ལོའི་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བར་ཞིབ་འཇུག་དང་ཇུས་འགོད་ཡག་པོ་བྱེད་དགོས། གནད་སྨིན་དང་ནུས་ལྡན་གྱི་བྱ་ཐབས་སྤྱད་དེ་ཞན་ཆ་ཁ་གསབ་པ་དང་། དམངས་འཚོའི་འགན་ལེན་དང་བདེ་འཇགས་ཐོན་སྐྱེད། གེགས་འགོག་གེགས་སེལ་བཅས་ཀྱི་བྱ་བར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ་དང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ། དམངས་འཚོའི་བདེ་སྐྱིད་མུ་མཐུད་ཆེ་རུ་གཏོང་བ་བཅས་བྱས་ནས་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་ལ་བརྟེན་ནས་ལོ་ཧྲིལ་པོའི་བྱ་བའི་ཕན་འབྲས་ལ་ཞིབ་དཔྱད་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བའི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ་དང་། ཆབ་སྲིད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་པ། སྤྱོད་ཚུལ་ཇེ་ལེགས་དང་སྒྲིག་ཁྲིམས་ནན་དུ་གཏོང་བ། “གཏན་འགོག་བཅུའི”སྒྲིག་ཁྲིམས་ཀྱི་བླང་བྱ་བསྐྱར་དཔྱད་བྱེད་པ། སྒྲིག་འགལ་ངང་བཟའ་འཐུང་གི་གནད་དོན་བསྐྱར་ལོག་བྱ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་པ། གཅིག་གྱུར་ཐོག“རུལ་མི་ནུས་པ་གསུམ”ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་གཏིང་ཟབ་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པར་བསྟན།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་བཅུ་པའི་སྐབས་སུ་གནང་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་། རྩ་ཁྲིམས་ཀྱི་གཏན་འབེབས་དང་རྩ་ཁྲིམས་ཀྱི་རྩ་དོན། རྩ་ཁྲིམས་ཀྱི་དགོངས་དོན་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ་དང་། རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་ལམ་ལུགས་ལག་བསྟར་ཡག་པོ་བྱེད་པ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོ་འགོད་ཞིབ་བཤེར་བྱ་བར་ཤུགས་སྣོན་པ་བཅས་བྱས་ཏེ་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་སྒྲིག་སྲོལ། དེ་བཞིན་ཚད་ལྡན་རང་བཞིན་གྱི་ཡིག་ཆ་བཅས་བཟོས་པ་དག་རྩ་ཁྲིམས་ཀྱི་དགོངས་དོན་དང་ཁྲིམས་འཛུགས་ཀྱི་དགོངས་དོན་དང་འཚམ་རྒྱུའི་འགན་ལེན་བྱེད་དགོས། ཁྲིམས་སྐྱོང་རིག་གནས་གཡུལ་ས་འཛུགས་སྐྱོང་ལ་ཤུགས་སྣོན་པ་དང་། ཁྲིམས་ལུགས་ཁྱབ་གདལ་གཏོང་སྟངས་གསར་གཏོད་བྱེད་པ། “སྦྲེལ་དྲ+ཁྲིམས་སྐྱོང་དྲིལ་སྒྲོག”གི་འགུལ་སྐྱོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། “ཁྲིམས་ལུགས་བསྐྱོད་པ་བཅུ་གཉིས+”ཀྱི་དྲིལ་སྒྲོག་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཏེ། ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ཁྱབ་འགྱེད་རྒྱ་ཁྱོན་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྩ་ཁྲིམས་ཁྲིམས་སྐྱོང་གི་སློབ་གསོ་གསར་གཏོད་ཀྱིས་སྤེལ་ནས་གཞོན་ནུ་ལོ་ཆུང་ལ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་ཤེས་བྱ་ཁོང་དུ་ཆུད་པར་བྱེད་པ་དང་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱི་འདུ་ཤེས་འཛུགས་པ། ཁྲིམས་བཀུར་ཁྲིམས་སྲུང་གི་གོམས་གཤིས་ཆགས་པར་ཁྲིད་སྟོན་བྱེད་དགོས་པ་ནན་གྱིས་བསྟན།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲང་ཧའེ་དང་ཅང་སུའུ་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་ནན་ཏན་གྱིས་ཧྲང་ཧའེ་ཡི་བཅོས་སྒྱུར་འཕེལ་རྒྱས་དང་འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་ཉམས་མྱོང་དང་བྱེད་སྟངས་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་དང་། “མདུན་གྲལ་དུ་བསྐྱོད་པ་གསུམ་གྱི”བླང་བྱར་དམིགས་ཏེ་བྱ་བའི་བསམ་ཕྱོགས་དང་བྱ་ཐབས། སྒྲུབ་སྟངས་བཅས་ཟམ་མི་ཆད་པར་འཐུས་ཚང་དུ་བཏང་ནས“མཚོ་བྱང་ལྔའི”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། ས་ཁོངས་ཧྲིལ་པོའི་དུས་ཚིགས་ཧྲིལ་པོ་དང་དུས་ཚོད་ཧྲིལ་པོར་ཡུལ་སྐོར་བྱེད་སྟངས་ཁྱད་པར་ལྡན་པའི་ངང་སྐུལ་འདེད་གཏོང་བ་དང་། “ཆས་རྟགས་ཆེན་མོ་བཞིའི”འགྲན་བསྡུར་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་པ། འགྲིམ་འགྲུལ་ཡུལ་སྐོར་དང་ཞིང་ལས་ཡུལ་སྐོར། རིག་གནས་ཡུལ་སྐོར་སོགས“ཡུལ་སྐོར+”མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། བརྗོད་དོན་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་གཏོང་བ་དང་། མཚོ་སྔོན་པོའི་དམིགས་བསལ་ཐོན་ཁུངས་ཀྱི་ལེགས་ཆ་དང་སྨོན་ལམ་མཐོན་པོའི་གསར་བརྗེའི་རིག་གནས་ཀྱི་ནང་དོན་གང་ལེགས་སྤྱད་དེ་གསར་བརྗེའི་སློབ་གསོའི་ཕན་འབྲས་མུ་མཐུད་རྒྱ་ཆེར་གཏོང་དགོས་པར་བསྟན།


ཚོགས་འདུའི་ཐོག རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་གཞུང་ཞབས་པའི་བྱ་བའི་བཞུགས་མོལ་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་ཆབ་སྲིད་ཚད་གཞིའི་ཐོག་ནས་གནད་འགག་དམ་འཛིན་དང་ཁ་ཕྱོགས་གཏན་འཁེལ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཏང་སྲིད་མགོ་ཁྲིད་ལས་བྱེད་པའི་ཆབ་སྲིད་བྱང་ཚད་ཀྱི་ཚོད་ལྟའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས་ཆབ་སྲིད་བྱང་ཚད་ཀྱི“1+N”དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ་ཏང་གིས་ལས་བྱེད་པར་དོ་དམ་བྱེད་པ་དང་མཁས་འདེམས་འཇོན་བསྐོ་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། ལས་འགན་ཐོག་མར་འཁུར་བའི་གསོ་སྦྱོང་དང་ལས་གནས་འཁུར་བའི་གསོ་སྦྱོང་། ཆེད་ལས་ལས་སྒོའི་གསོ་སྦྱོང་། ལས་ཐོག་གསོ་སྦྱོང་བཅས་ཏན་ཏིག་ངང་སྤེལ་ནས་བྱང་ཚད་མཐོ་བའི་གཞུང་ཞབས་པའི་དཔུང་ཁག་འཛུགས་སྐྱོང་བྱ་རྒྱུའི་ཐད་མུ་མཐུད་འབད་བརྩོན་བྱ་དགོས། དོ་དམ་ནན་མོ་དང་གཅེས་སྐྱོང་ཟུང་འབྲེལ། སྐུལ་ལྕག་དང་གཅུན་སྡོམ་གལ་ཆེ་མཉམ་འཛིན་བཅས་རྒྱུན་འཁྱོངས་དང་། ལས་བྱེད་པའི་ལུས་སེམས་བདེ་ཐང་ལ་སེམས་ཁུར་དང་གཅེས་སྐྱོང་བྱེད་པའི་བྱེད་ཐབས་འགའ་ཞིག་དོན་འཁྱོལ་གཏན་འབེབས་ནན་ཏན་བྱེད་པ་དང་། གཞུང་ཞབས་པའི་གོ་གནས་དང་འགན་རིམ་མཉམ་སྒྲུབ་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ་ལས་བྱེད་པའི་ལས་སྒྲུབ་ལས་གཏོད་དང་ལེགས་སྐྱེས་འབུལ་ཕོད་པའི་སྤྲོ་སེམས་རྒྱུན་མཐུད་ངང་འཕེལ་བར་བྱེད་དགོས་པ་ནན་གྱིས་བསྟན།


ཚོགས་འདུའི་ཐོག རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་དགོས་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱ་རྒྱུ་དེ་བརྗོད་དོན་དུ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་འཆར་འགོད་བཏོན་ཏེ་ལས་བྱེད་པའི་སློབ་གསོ་གསོ་སྦྱོང་བྱ་བའི་སྤྱིའི་བླང་བྱ་ཁ་གསལ་བཟོ་དགོས། རིམ་པ་སོ་སོའི་མགོ་ཁྲིད་ལས་བྱེད་པ་དང་། ཏང་གི་སློབ་གྲྭའི་དགེ་རྒན། ཁྱབ་ཁོངས་ཁག་གི་ལས་སྒོའི་རྐང་འཛིན་པ། “ས་གནས་ཀྱི་ཆེད་མཁས་པ།” “གྲོང་གསེབ་ཀྱི་ཤེས་ཡོན་ཅན”སོགས་ལས་གྲུབ་པའི་དགེ་རྒན་དཔུང་སྡེ་འཐུས་ཚང་དང་སྟོབས་ལྡན་དུ་གཏོང་བ་དང་། “མགོ་ཁྲིད་ལས་བྱེད་པ་འཆད་ཁྲིད་སྟེགས་བུའི་ཐོག་སྐྱོད་རྒྱུ”མུ་མཐུད་དམ་འཛིན་ཡག་པོ་བྱས་ཏེ“འཆད་བརྟེན་སློབ་སྐུལ་དང་། སློབ་བརྟེན་ལས་སྐུལ། གོང་འོག་མཉམ་འགུལ”བཅས་ཀྱི་སློབ་གསོ་དང་གསོ་སྦྱོང་བྱེད་སྟངས་ལ་ཕན་འབྲས་དངོས་ཐོན་པར་སྐུལ་འདེད་ཏན་ཏིག་གཏོང་དགོས། དགེ་རྒན་དཔུང་ཁག་འཛུགས་སྐྱོང་དང་སློབ་མ་གསོ་སྦྱོང་གི་དོ་དམ་བྱ་བར་མུ་མཐུད་ཤུགས་སྣོན་པ་དང་། སློབ་ཚན་བཀོད་སྒྲིག་དང་སློབ་དེབ་འདེམས་སྤྱོད་རྒྱུན་ཆད་མེད་པར་ཇེ་ལེགས་སུ་གཏོང་བ། རྒྱུན་རྣམ་ཅན་གྱི་ཐོག་ནས་སློབ་སྲོལ་ལྟ་སྐུལ་ཞིབ་བཤེར་བྱེད་པ། ཕན་འབྲས་མཐོ་བའི་དོ་དམ་ལ་བརྟེན་ནས་སློབ་སྲོལ་གཏོད་པ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་གི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཧུར་ཐག་ཆེ་རུ་གཏོང་དགོས་པར་བསྟན།


ཚོགས་འདུའི་ཐོག “རྒྱལ་དོན་གྱི་ཆེ་ཕྱོགས”ཀྱི་ཆབ་སྲིད་མཐོ་ཚད་ཐོག་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་སྤྱོད་ཚུལ་ནན་མོ་ཡིན་པ་དང་། ལས་ཕྱོད་མཐོ་ཤོས་ལྡན་པ། བྱེད་ཐབས་གནད་ལ་འཁེལ། སྤྱོད་ཚུལ་ཉམས་སད་ཐེག་པ་བཅས་ཀྱི་ཐོག་ནས་ལྟ་ཞིབ་བྱ་བ་ཡག་པོར་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས། དཔེ་མཚོན་གྱོད་གཞི་དང་གཙོ་གནད་ཡིག་བསྐུར་ངོ་བཅར། མང་ཚོགས་ཀྱི་བསམ་འཆར་མང་བའི་གནད་དོན་སོགས་ལ་དམིགས་ཏེ་བཅོས་སྒྲིག་གི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། བྱ་བའི་དུས་ནུས་རང་བཞིན་དང་གཟབ་ནན་རང་བཞིན་ལ་མཐོང་ཆེན་བྱེད་པ། རིམ་དབྱེ་རིགས་དབྱེ་བྱས་ཏེ་བཅོས་སྒྲིག་ཏན་ཏིག་བྱེད་པ། གཅིག་ཤེས་ཀུན་གྲོལ་གྱིས་རྩ་ལག་མཉམ་བཅོས་བྱེད་པ། མང་ཚོགས་བློ་ཡིད་ཚིམ་ཚད་ཀྱིས་བྱ་བའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས། དྲིལ་སྒྲོག་སྤེལ་གཏོང་དང་ཆ་འཕྲིན་ཡོངས་བསྒྲགས་ཡག་པོ་བྱས་ནས་དུས་ལྟར་བཅོས་སྒྲིག་བྱས་ཚུལ་མང་ཚོགས་ལ་ཤེས་སུ་འཇུག་པ་དང་། མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱས་ཏེ་མང་ཚོགས་བློ་ཡིད་ཚིམ་དུ་འཇུག་པ་དང་། ལྟ་ཞིབ་བཅོས་སྒྲིག་ལ་རྣམ་པ་བཟང་པོ་གཏོད་དགོས་པའི་བླང་བྱ་བཏོན།


ཚོགས་འདུའི་ཐོག་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ལྷན་གྱི(རྒྱ་སྐྱེད)ཚོགས་འདུའི་ཐོག་བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་གནང་བའི་དཔྱད་བརྗོད་བསམ་འཆར་དང་ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་འགུལ་སྐོར་ཞིབ་ཕྱོགས་བསྡུས་གནས་ཚུལ་སྐོར་གྱི་སྙན་ཞུར་གསན་ཞིང་འབྲེལ་ཡོད་དོན་ཚན་ལ་གྲོས་ཞིབ་གནང་། 


ཚོགས་འདུའི་ཐོག་འབྲེལ་ཡོད་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号