ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་དང་གསར་བརྗེའི་ཉམས་ཞིབ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་།


ཟླ12པའི་ཚེས14ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་མཚོ་སྔོན་པོའི་བྱང་ངོགས་ཀྱི་མཁའ་དམག་ས་གནམ་འཕུར་མདེལ་དམག་སྡེ་བརྒྱད་པའི་དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་དང་སྨོན་ལམ་མཐོན་པོ་མཁའ་དམག་མཐོ་འཕེན་མེ་སྒྱོགས་རྗེས་ཤུལ་གྱི་གསར་བརྗེའི་ཉམས་ཞིབ་རྟེན་གཞིར་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་སྐྱེ་ཁམས་ཡུལ་སྐོར། གསར་བརྗེའི་ཉམས་ཞིབ་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་བྱས་ཏེ་ཡུལ་དངོས་ནས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱས། 

ཤ་བོ་སྐྱབས་ཀྱིས་ཀྲུང་དབྱང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་སྤེལ་བ་དེ་ནི་ང་ཚོས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱེད་པའི་ཆབ་སྲིད་ཀྱི་བརྟག་དཔྱད་ཅིག་ཡིན་ལ། ང་ཚོས“རྒྱལ་ཁབ་སྤྱི་གླིང་གཉིས”གཏོད་པའི་སྐུལ་འདེད་ནུས་ལྡན་ཞིག་ཀྱང་ཡིན། ཆབ་སྲིད་ལ་མཐོང་ཆེན་དང་ཁྱོན་ཡོངས་ལ་མཐོང་ཆེན་བྱེད་པའི་མཐོ་ཚད་ཐོག་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བའི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྲོད་ལྷག་པའི་མངོན་གསལ་དོད་པའི་གནད་དོན་ལ་ཞིབ་བཤེར་ནན་ཏན་བྱས་ཏེ་རྐང་ཚ་དང་མདའ་བཞི། ཁུལ་ཐད་གཏོགས་སྡེ་ཁག་སོ་སོས་ཟུར་བསྟན་ལེབ་མཐོང་རྒྱུན་འཁྱོངས་ཀྱིས་ཏན་ཏན་ཏིག་ཏིག་གི་བྱ་ཐབས་ཐོག་ནས་མཚོ་སྔོན་པོའི་བྱང་ངོགས་ཀྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས་པར་བསྟན།

ཤ་བོ་སྐྱབས་ཀྱིས་སྨོན་ལམ་མཐོན་པོ་མཁའ་དམག་མཐོ་འཕེན་མེ་སྒྱོགས་རྗེས་ཤུལ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་དང་མཁའ་དམག་ས་གནམ་འཕུར་མདེལ་དམག་སྡེ་བརྒྱད་པའི་དམག་སྒར་བཅུ་གཉིས་པའི་རྗེས་ཤུལ་ནི་མཚོ་བྱང་ཁུལ་གྱིས་སྐྱེ་ཁམས་སྲུང་སྐྱོབ་དང་གསར་བརྗེའི་ཡུལ་སྐོར། རྒྱལ་སྲུང་སློབ་གསོ་བཅས་མཉམ་འདྲེས་འཕེལ་རྒྱས་གཏོང་བའི་དཔེ་སྟོན་བཟོ་སྐྲུན་ཞིག་ཡིན་པས་མདའ་བཞི་རྫོང་དང་ཁུལ་ཐད་གཏོགས་སྡེ་ཁག་སོ་སོས་སྲུང་སྐྱོབ་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ལ་སྐུལ་འདེད་གཏོང་བའི་དུས་མཚུངས་སུ་སྐྱེ་ཁམས་ཐོན་ཁུངས་དང་གསར་བརྗེའི་ཐོན་ཁུངས་དཔལ་འབྱོར་གྱི་ལེགས་ཆར་འགྱུར་ལྡོག་གཏོང་རྒྱུའི་ཇུས་འགོད་ཧུར་ཐག་བྱེད་དགོས་པ་སྟེ། གཅིག་ནས་འཆར་འགོད་ཀྱི་སྣེ་ཁྲིད་རྒྱུན་འཁྱོངས་བྱེད་དགོས། “སྲུང་སྐྱོབ་ཆེན་མོ་ལས་གསར་སྤེལ་ཆེན་མོ་མི་བྱེད་པའི”བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། མཚོ་སྐོར་བྱང་ངོགས་ཀྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས་ཀྱི་སྤྱི་ཡོངས་བཀོད་སྒྲིག་ལ་སྤྱི་འདོམས་བསམ་གཞིག་བྱེད་པ། ཞིང་ཆེན་ཁོངས་གཏོགས་ཀྱི་འབྲེལ་ཡོད་ཐིན་དང་ཅུས་ལ་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ། བྱེ་མ་རྔ་རྡུང་དང་། ཁེ་ཐུའུ་བྱེ་བཅོས་ས་ཚིགས། ལྷ་ཆབ་ཁུག་སྐྱེ་ཁམས་ཉམས་ལེན་ཁུལ་གྱི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས6རིམ་སྤོར་མགྱོགས་སུ་གཏོང་བ།“རྒྱལ་ཁབ་སྤྱི་གླིང་གཉིས”ནང་གི་དམིགས་བསལ་ཆོག་འཐུས་གཉེར་སྐྱོང་ས་ཚིགས་ཀྱི་འཆར་འགོད་རེ་ཞུ་དང་དུས་འགོའི་ཞིབ་མཆན་འགོད་པའི་བྱ་བ་ཡག་པོ་སྒྲུབ་དགོས། གཉིས་ནས་སྐྱེ་ཁམས་བཅོས་སྐྱོང་ལ་ཤུགས་སྣོན་དགོས། རྒྱུན་རྣམ་ཅན་གྱི་ཐོག་ནས་མཚོ་སྔོན་པོའི་འགྲམ་དང་རྒྱལ་ལམ315 མཚོ་སྐོར་གཞུང་ལམ་གྱི་གཡས་གཡོན། སྨོན་ལམ་མཐོན་པོའི་སྒར་འདེབས་རྟེན་གཞིའི་ཉེ་འཁོར་གྱི་སྒེར་བཙུགས་བགྲོད་ལམ། གང་བྱུང་དུ་བསྐྲུན་པའི་བཟོ་བསྐྲུན། རྩྭ་ཐང་ལ་གཏོར་བཤིག་གཏོང་བ་སོགས་ཀྱི་ཟང་ཟིང་སྣང་ཚུལ་གྲལ་བཤེར་དང་བཅོས་སྒྲིག་བྱས་ནས་རྩྭ་ཐང་གི་རིས་ཁྲ་བཅོས་སྒྲིག་ལ་ཤུགས་སྣོན་པ་དང་། རྩྭ་འདེབས་པ་དང་ཕྱུགས་འགོག་པ། རྩྭ་ཐང་བྱེ་འགྱུར་བཅས་ཀྱི་ཕྱོགས་བསྡུས་བཅོས་སྒྲིག་ལས་གཞི་རེ་ཞུ་བྱེད་ཤུགས་ཆེ་རུ་གཏོང་བ། ཙོང་ཆུའི་ཆུ་མགོའི་བརླན་སའི་སྤྱི་གླིང་བསྐྲུན་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་མཚོ་སྐོར་བྱང་ངོགས་ཀྱི་སྐྱེ་ཁམས་བཅོས་སྐྱོང་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས། གསུམ་ནས་རྨང་གཞིའི་སྒྲོག་བཀོད་སྲ་བརྟན་དུ་གཏོང་དགོས། སྨོན་ལམ་མཐོན་པོ་གསར་རྗེའི་ཉམས་ཞིབ་རྟེན་གཞི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། སྨོན་ལམ་མཐོན་པོའི་མེ་ཏོག་དང་ལམ་བར་གྱི་ལྗོངས་ཁུལ་གྱི་འཆར་འགོད་ལ་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱེད་པ། ལྗོངས་ཁུལ་གྱི་ཕྱི་ནང་དུ་ཤིང་ལམ་དང་རླངས་འཁོར་འཇོག་ས། ལམ་སྒྲོམ། རི་རྩེའི་གློག་སྒྲོན། འཕྲོད་བསྟེན་གསང་སྤྱོད། ཡུལ་སྐོར་ཞབས་ཞུ་ལྟེ་གནས། སྟོན་བྱང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་མགྱོགས་མྱུར་དམ་འཛིན་ཡག་པོ་བྱས་ནས་ལྗོངས་ཁུལ་གྱི་ཆུ་གློག་སོགས་གཞི་རྩའི་རྒྱུ་རྐྱེན་འགན་ལེན་ཡག་པོ་བྱེད་དགོས། བདེ་འཇགས་ཐོན་སྐྱེད་བྱ་བར་ཧ་ཅང་མཐོང་ཆེན་བྱས་ནས་དགུན་དཔྱིད་རྩྭ་ཐང་གི་མེ་ཟོན་བྱ་བ་ཏན་ཏིག་སྤེལ་དགོས། བཞི་ནས་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་དགོས། སྨོན་ལམ་མཐོན་པོ་མཁའ་དམག་ས་སྲུང་དཔུང་སྡེའི་རྒྱབ་ཀྱི་གསར་བརྗེའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་ནས་གསར་བརྗེའི་ཐོན་ཁུངས་ཀྱི་གཞི་གྲངས་མཐིལ་རྟོགས་ཀྱིས་དྲིལ་སྒྲོག་དང་གནས་ཚུལ་སྤེལ་གཏོང་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས་འབར་མདེལ་དང་ཉིང་རྡུལ་མཚོན་ཆ། མཐོ་འཕེན་མེ་སྒྱོགས། ས་གནམ་འཕུར་མདེལ་གྱི་དཔེ་དབྱིབས་སོགས་ཀྱི་རིག་གནས་གསར་གཏོད་ཐོན་རྫས་དང་དེ་བཞིན་དངོས་མིན་ཤུལ་བཞག་ཐོན་རྫས་ལྗོངས་ཁུལ་དུ་སྤེལ་རྒྱུར་སྐུལ་འདེད་བཏང་སྟེ་སང་ལོའི་ཟླ5པའི་སྔོན་ལ་སྨོན་ལམ་མཐོན་པོ་གསར་བརྗེའི་ཉམས་ཞིབ་རྟེན་གཞི་དང་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ལས་གཞི་སྐྲུན་རྒྱུ་འགན་ལེན་བྱེད་དགོས། “རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་ལ་ནམ་མཁའ་སྔོ་ལ་གངས་རི་མཛེས་པ་དེའང་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོ་བཙུགས་ནས་རྒྱལ་ཁབ་སྤྱི་གླིང་ནང་གི“རི་ཆུ་ནགས་ཞིང་མཚེའུ། བྱེ་མ། འཁྱགས་རོམ”བཅས་ཀྱི་ཐོན་ཁུངས་ལ་བརྟེན་ནས“རྐང་ཐང+ཡུལ་སྐོརལམ་ཐིག་རྩེ་གྲ་བཏོད་དེ་ཉི་ནུབ་དང་རྟ་རྒྱུག་འགྲན་བསྡུར། གངས་འཁྱགས་ལུས་སྦྱོང་། སྒར་འདེབས་སོགས་ཀྱི་བྱེད་སྒོ་རྒྱུན་མཐུད་ངང་སྤེལ་ཏེ་ཡུལ་སྐོར་བ་དེ་བས་མང་བའི་ཡིད་དབང་བཀུག་ནས་གསར་བརྗེའི་སློབ་གསོ་དང་ལེན་བྱས་ཏེ་མཚོ་བྱང་གི་ཤུགས་རྐྱེན་ཐེབས་ཤུགས་དང་མཚན་སྙན་མུ་མཐུད་ཆེ་རུ་གཏང་དགོས་པ་ནན་གྱིས་བསྟན།

དེའི་རིང་། ཤ་བོ་སྐྱབས་ཀྱིས“གནམ་ལོ་གསར་བ་བསུ་བའི”མཚོ་སྔོན་པོ·མདོ་ལ་རི་བོའི་རྟ་མཆོག་ཁྲི་ཡི་བང་རྒྱུག་དང་མི་ཚོགས་ཁྲི་ཡི་རྐང་བགྲོད་འགྲན་བསྡུར་ཆེན་མོ་སྐབས་གཉིས་པའི་འགྲན་བསྡུར་གྱི་འགྲན་ལམ་འཛུགས་པ་སོགས་ཀྱི་གྲ་སྒྲིག་གནས་ཚུལ་ལ་ལྟ་ཞིབ་བྱས་ནས་སྤུས་ཚད་མཐོ་ལ་ཚད་གཞི་མཐོ་བའི་སྒོ་ནས་མཚོ་སྔོན་པོ་རྟེན་མཛོད་ཁང་སྐྲུན་པ་སོགས་ཀྱི་འབྲེལ་ཡོད་བྱ་བར་སླར་ཡང་བཀོད་སྒྲིག་བྱས། མཚོ་བྱང་གློག་ཤུགས་སྤྱི་གཉེར་ཁང་གིས་དཀའ་ངལ་ཁྱད་གསོད་བྱས་ཏེ་སྨོན་ལམ་མཐོར་པོར་གློག་གཏོང་བའི་ལས་འགན་ལེགས་སྒྲུབ་བྱུང་བར་ཁས་ལེན་གང་ལེགས་གནང་།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་སངས་འབུམ། མ་རུའུ་ཞང་དང་། ཁུལ་འཕེལ་སྒྱུར་དང་འགྲིམ་འགྲུལ། རིག་གནས་ཡུལ་སྐོར། རང་བྱུང་ཐོན་ཁུངས་སོགས་སྡེ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གྱིས་མཉམ་དུ་བརྟག་ཞིབ་ལ་ཕེབས་རོགས་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号