ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་ཚོགས་པ། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ཆེད་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ།


ཟླ12པའི་ཚེས14ཉིན། ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི(རྒྱ་སྐྱེད)ཚོགས་འདུ་ཚོགས་པ་དང་། ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་དགོངས་དོན་ཆེད་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པའི་བྱ་བའི་ཐད་བླང་བྱ་བཏོན།

ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུའི་སྟེང་གི་གསུང་བཤད་གལ་ཆེན་གྱིས་ད་ལོའི་དཔལ་འབྱོར་བྱ་བར་ཁྱོན་ཡོངས་ནས་ཕྱོགས་སྡོམ་དང་། མིག་སྔའི་དཔལ་འབྱོར་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ། སང་ལོའི་དཔལ་འབྱོར་བྱ་བ་བཀོད་སྒྲིག་བརྒྱུད་རིམ་ལྡན་པ་བཅས་བྱས་ནས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་རྩ་བའི་རང་བཞིན་དང་། ཁྱོན་ཡོངས་རང་བཞིན། ཁ་ཕྱོགས་རང་བཞིན་བཅས་ཀྱི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ངང་ལན་བརྒྱབ་པས་ཆབ་སྲིད་རང་བཞིན་དང་། བསམ་བློའི་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་ཁྲིད་རང་བཞིན་བཅས་ཆེན་པོ་ལྡན་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་།  ཞིབ་འཇུག་དང་ཇུས་འགོད་ནན་ཏན་བྱེད་པ། དངོས་གཉེར་བྱ་ཐབས་སྤྱོད་པ་བཅས་བྱས་ནས་ཚོགས་འདུའི་དགོངས་དོན་དེ་ལོ་མཇུག་གི་བྱ་བ་ཡོད་ཚད་ཕུན་སུམ་ཚོགས་པོའི་ངང་མཇུག་བསྡུ་བ་དང་། སང་ལོའི་བྱ་བའི་མགོ་ཡག་པོ་རྩོམ་པའི་བྱ་སྤྱོད་དངོས་ཀྱི་སྟེང་སྤྱོད་དགོས་ཟེར།

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། གཅིག་ནས་བསམ་བློའི་ངོས་འཛིན་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་འབྲེལ་ཡོད་དཔལ་འབྱོར་བྱ་བའི་སྐོར་གྱི་ཐབས་ཇུས་བཀོད་སྒྲིག་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱའི་ཐོག་གཅིག་གྱུར་ཡོང་བར་བྱས་ནས2024ལོའི་དཔལ་འབྱོར་བྱ་བའི་སྤྱིའི་བླང་བྱ་དང་སྲིད་ཇུས་ཀྱི་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱས་ཏེ་བརྟན་ཐོག་ཡར་འཕེལ་དང་། བརྟན་པོའི་ངང་སྐུལ་འདེད། སྔོན་ལ་ལག་བསྟར་དང་རྗེས་སུ་དོན་འཁྱོལ་བཅས་ཀྱི་མཛུབ་ཁྲིད་རང་བཞིན་གྱི་བླང་བྱ་ཁོང་དུ་ཏན་ཏིག་ཆུད་པར་བྱས་ནས་བརྟན་པོའི་ངང་འཕར་བ་དང་གྲུབ་ཆ་ལེགས་སྒྲིག བཅོས་སྒྱུར་ལ་སྐུལ་འདེད། དམངས་འཚོར་ཕན་པ་དང་ཉེན་ཁ་འགོག་པ་སོགས་ཀྱི་བྱ་བ་སོ་སོར་བརྟེན་ནས་འབད་འབུངས་ཡར་བརྩོན་གྱི་བསམ་པའི་ཉམས་འགྱུར་དང“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ཐོག་ནས་དཔལ་འབྱོར་བྱ་བ་ཡག་པོ་བསྒྲུབས་ཏེ་དཔལ་འབྱོར་ཁྱོན་ཡོངས་ནས་ཇེ་ལེགས་སུ་འགྲོ་བ་དང་། ཉེན་ཁ་དོ་དམ་ཚོད་འཛིན་ནུས་ལྡན་ཐུབ་པ། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བཅས་ཡོང་རྒྱུར་སྐུལ་འདེད་བཏང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྔར་ལས་ལེགས་པའི་ངང་འཕེལ་རྒྱས་འགྲོ་རྒྱུར་འབད་བརྩོན་བྱེད་དགོས། གཉིས་ནས་འཕེལ་རྒྱས་ཀྱི་བསམ་ཕྱོགས་གསལ་པོ་བཟོས་ཏེ“མཚོ་བྱང་ལྔའི”འཛུགས་སྐྲུན་ལས་འགན་ལ་དམིགས་ཏེ་འཕེལ་རྒྱས་ཀྱི་དམིགས་ཚད་ཁ་གསལ་དང་འཕེལ་རྒྱས་ཀྱི་བྱེད་ཐབས་གསར་གཏོད་ཀྱིས་མཚོ་བྱང་འཕེལ་རྒྱས་དེ་ཞིང་ཆེན་ཡོངས་ཀྱི་རྒྱལ་ཡོངས་འཕེལ་རྒྱས་ཀྱི་ཁྱོན་ཡོངས་ནང་ཧུར་ཐག་བཅུག་ནས་ཀྲུང་དབྱང་གི་དཔལ་འབྱོར་བྱ་བའི་ཚོགས་འདུར་ཁྱབ་པའི་སྲིད་ཇུས་ཀྱི་གོ་སྐབས་ལ་ཞིབ་འཇུག་མཐར་ཕྱིན་བྱེད་དགོས། ད་ལོའི་བྱ་བར་ཕྱོགས་སྡོམ་ནན་ཏན་བྱེད་པ་དང་ཞན་ཆ་ལ་ལྟ་སྟངས་ཡང་དག་འཛིན་པ།“མདུན་དུ་བསྐྱོད་པ་གསུམ”གྱི་བླང་བྱར་དམིགས་པ། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་དང་ལས་གཞི་གལ་ཆེན་ལ་དམིགས་ཏེ་བརྩོན་ལེན་བྱེད་པ། དམངས་འཚོ་འགན་ལེན་དང་ཇེ་ལེགས་སུ་གཏོང་བ། བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ། ཚོང་འགུགས་མ་འདྲེན་སོགས་ཀྱི་གཙོ་གནད་ལས་འགན་ལ་དམིགས་ཏེ་སང་ལོའི་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་བརྒྱད”ཀྱི་བཟོ་སྐྲུན་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེར་གཏོང་། “123”Aརིམ་པའི་ལྗོངས་ཁུལ་གཏོད་པ་དང་སྨོན་ལམ་མཐོན་པོ་གསར་བརྗེ་ཉམས་ཞིབ་རྟེན་གཞི་དང221རྟེན་གཞིའི་གནའ་ཤུལ་སྲུང་སྐྱོབ་བེད་སྤྱོད་སོགས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་སྤེལ་དགོས། གསུམ་ནས་ལོ་མཇུག་གི་བྱ་བ་སོ་སོ་ཡག་པོ་བསྒྲུབས་ནས་ལོ་སྟོད་དུ་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་སོ་སོ་དང་ཞིབ་བསྡུར་བྱས་ཏེ་ནུས་ཤུགས་ཡོད་རྒུས་མཐའ་མའི་གདོང་མཆོང་ཡག་པོ་བྱས་ནས་ལས་རིགས་ཀྱི་གཞི་གྲངས་དང་བསྡོམས་རྩིས་སྡེ་ཁག གོང་རིམ་སྡེ་ཁག་བཅས་ཀྱི་སྙན་ཞུ་འབྲེལ་མཐུད་གཙོ་གནད་ཐོག་ཡག་པོ་བྱས་ནས་གཅིག་གྱུར་ཡོང་བ་བྱས་ཏེ་ལོ་ཧྲིལ་པོའི་དམིགས་ཚད་ལས་འགན་སྤུས་ཚད་མཐོན་པོའི་ངང་ལེགས་འགྲུབ་ཐུབ་པའི་འགན་ལེན་བྱེད་དགོས། དམངས་འཚོ་འགན་ལེན་གྱི་བྱ་བར་གཙོ་གནད་ཐོག་དམ་འཛིན་ཡག་པོ་བྱས་ནས་ཁྲོམ་རའི་མཁོ་སྤྲོད་འགན་ལེན་དང་རིན་གོང་བརྟན་པོ། འགྲིམ་འགྲུལ་ཟོག་འགྲེམས་ཤར་གཏོང་འགན་ལེན་བྱེད་པ། བདེ་འཇགས་ཐོན་སྐྱེད་དང་གེགས་འགོག་གེགས་སེལ་གྱི་བྱ་བར་དམ་འཛིན་ནན་མོ་བྱེད་པ། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་སེམས་ཁུར་བྱེད་པ། ཞིང་པ་ལས་མིའི་གླ་ཆ་སྤྲོད་རྒྱུ་འགན་ལེན་བྱེད་པ། ནུས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ཐག་གཅོད་བཅས་བྱེད་དགོས་ཟེར།

ཁུལ་དུ་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་དང་ཁུལ་ཨུའི་སྡེ་ཁག་སོ་སོ། ཁུལ་ཐད་གཏོགས་ལས་ཁུངས་སོ་སོ། མང་ཚོགས་ཚོགས་པའི་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཚོགས་འདུར་ཞུགས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号