མཚོ་བྱང་ཁུལ་གྱི་ཏང་སྲིད་མགོ་ཁྲིད་ཀྱིས་ནུས་ཤུགས་ཡོད་རྒུས་སྒྲུབ་སྐུལ་ལ་དམ་འཛིན་བྱས་ནས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི“རྒྱུགས་ལན”ཡག་པོ་ཕུལ་དགོས།


རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་སྤེལ་ཚུན། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཚན་གཙོ་བྱས་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་མཐུན་སྦྱོར་བྱ་བའི་མགོ་ཁྲིད་ཚན་ཆུང་བཙུགས་ཏེ《རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་གི་མཚོ་བྱང་དུས་ཀྱི་མཐུན་སྦྱོར་བྱ་བའི་ཇུས་གཞི》དུས་ཐོག་ཏུ་བཟོས་ནས་མི་སྣ་སྐོང་འཐེན་གྱིས་ཆེད་དོན་འཛིན་གྲྭ་བཙུགས་པ་དང་། དུས་ཐོག་ཏུ་སྒྲིག་འཛུགས་བྱས་ནས་བྱ་བར་བཀོད་སྒྲིག་བྱས་ཤིང་དབྱེ་ཞིབ་ཞིབ་འཇུག བཀོད་གཏོང་ལྟ་སྐུལ་མཛུབ་ཁྲིད་སོགས་ཆེད་དོན་ཚོགས་འདུ་ཚོགས་ཏེ་བསམ་བློའི་ངོས་འཛིན་གཅིག་གྱུར་དང་བྱ་བའི་འགན་འཁྲི་ཁ་གསལ་བཟོས་པ། བྱ་བའི་གོ་རིམ་ཞིབ་ཚགས་སུ་བསྒྱུར་པ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་གོང་ནས་འོག་ལ་སྣེ་ཁྲིད་དེ་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་ཞུ་ཡིག་ནང་བཏོན་པའི་གནད་དོན་ལ་སྐུ་ངོ་མས་འདྲི་རྟོག་དང་མཐུན་སྦྱོར། སྒྲུབ་སྐུལ་བཅས་བྱས་ནས་ས་གནས་སོ་སོར་ལྟ་སྐུལ་ཞིབ་བཤེར་བྱེད་པར་བསྐྱོད་པ་དང་ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་བྱ་བ་སྤེལ་རྒྱུར་གཞོགས་འདེགས་བྱས།


ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་ཀྱིས་སྣེ་ཁྲིད་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པར་སློབ་སྦྱོང་གཏིང་ཟབ་བྱས་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་ལ་ལྟ་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་གནད་དོན་བཅོས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་ཐད་མཆན་བཀོད་མཛུབ་སྟོན་དང་བླང་བྱ་ཐེངས་མང་བཏོན་ཞིང་། ས་གནས་སོ་སོའི་ཡུལ་དངོས་སུ་བསྐྱོད་དེ་སྐྱེ་ཁམས་སྲུང་སྐྱོབ་དང་ཁོར་ཡུག་བཅོས་སྐྱོང་བྱ་བར་ལྟ་ཞིབ་བྱས་པ་དང་། ཡུལ་དངོས་ནས་མང་ཚོགས་ཀྱི་ཡིག་བསྐུར་ངོ་བཅར་དང་ཐེར་འདོན་གནད་དོན་བཅོས་སྒྲིག་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་ཏེ། ཡིག་བསྐུར་ངོ་བཅར་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ནས་གནད་དོན་རེ་རེར་ཨ་ལན་སྤྲོད་པ་དང་དོན་དག་རེ་རེར་དོན་འཁྱོལ་ཐུབ་པར་བྱས། གཞན་པའི་པར་གཞི་འགན་གཙང་ལེན་དང་སྒྲུབ་རྒྱུར་ལྟ་སྐུལ་བྱེད་མཁན་ཁུལ་རིམ་པའི་མགོ་ཁྲིད་ཀྱིས་རང་དཔེ་གཞན་སྟོན་གྱིས་ཡུལ་དངོས་ནས་བཀོད་འདོམས་དང་། ས་ཡིག་བཀལ་ནས་དམག་འཐབ་བྱེད་པ་དང་། རེ་རེ་བཞིན་བཅོས་སྒྲིག་ལ་དམ་འཛིན་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་བྱ་བ་སོ་སོ་ཏན་ཏིག་ངང་སྒྲུབ་ཡོད།



ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པ་མཚོ་སྔོན་དུ་བཅའ་སྡོད་བྱས་ཏེ་བྱ་བ་སྤེལ་བ་ནས་བཟུང་། ཤ་བོ་སྐྱབས་ཀྱིས་སྣེ་ཁྲིད་དེ་རྫོང་སོ་སོར་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཡུལ་དངོས་ནས་ཞིབ་བཤེར་དང་མཛུབ་ཁྲིད་བྱས།  ཁོང་གིས་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་མགོ་ཁྲིད་པར་ཤུགས་སྣོན་དགོས་པ་དང་འགན་འཁྲི་ཏན་ཏིག་འཁུར་ནས་ནུས་ཤུགས་ཡོད་རྒུས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ལ་རྒྱབ་སྐྱོར་དང་གཞོགས་འདེགས་བྱས་ཏེ་གནད་དོན་བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བྱེད་པ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། འགན་འཁྲི་བདའ་འདེད་ནན་མོ་བཅས་བྱས་ཏེ་འགུལ་སྐྱོད་དངོས་ཀྱི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་ཡང་ཡང་གནང་། 



ཤ་བོ་སྐྱབས་ཀྱིས་མཚོ་སྔོན་པོའི་བྱང་ངོགས་སུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ལྟ་སྐུལ་མཛུབ་ཁྲིད་བྱེད་སྐབས། ཡུལ་དངོས་ནས་མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཉམས་གསོའི་བཅོས་སྐྱོང་དང་སྲུང་སྐྱོབ་བྱ་བར་ལྟ་ཞིབ་བྱས་ཤིང་འབྲེལ་ཡོད་བྱ་བའི་སྙན་ཞུར་ཡུལ་དངོས་ནས་ཉན་ཏེ་བསྟན་དོན། མཚོ་བྱང་འདི་ཉིད་མཚོ་སྔོན་པོའི་བྱང་ངོགས་སུ་གནས་པ་དང་སྐྱེ་ཁམས་གནས་བབ་ཧ་ཅང་གལ་ཆེན་ཡིན་པས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་བཙུགས་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གཏོད་རྒྱུ་གོ་སྐབས་སུ་བྱས་ཏེ། སྐྱེ་ཁམས་བཅོས་སྐྱོང་དང་སྐྱེ་ཁམས་ཐོན་ལས་འཕེལ་རྒྱས་ལ་ཤུགས་བསྣན་ནས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ཁྲོད་འགན་འཁྲི་འཁུར་དགོས་ཟེར། ཁོང་གིས་ནན་གྱིས་བསྟན་དོན་ཏེ“ཆེས་ཆེ་ཤོས་གསུམ”གྱི་ཞིང་ཆེན་གྱི་གནས་ཚུལ་ངེས་གནས་ལ་དམ་པོར་དམིགས་པ་དང་། “སྲུང་སྐྱོབ་ཆེན་པོ་བྱེད་པ་ལས་གསར་སྤེལ་ཆེན་པོ་མི་བྱེད་པའི”བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པའི་འདུ་ཤེས་བརྟན་པོར་འཛུགས་པ། ཁྲིམས་དང་སྒྲིག་སྲོལ་ལྟར་ལས་གཞི་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བཅས་བྱེད་དགོས། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་མཚོ་བྱང་མངའ་ཁོངས་ཀྱི་ཆུའི་ཁོར་ཡུག་དང་ཆུའི་སྐྱེ་ཁམས་སླར་གསོ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མཚོ་སྐོར་བྱང་ངོགས་ཀྱི་རྩྭ་ཐང་སྐྱེ་ཁམས་སླར་གསོ་དང་ས་ནག་གྲམ་ཐང་བཅོས་སྒྲིག་སོགས་གཙོ་གནད་སྐྱེ་ཁམས་ལས་གཞི་ལ་དམ་འཛིན་ཡག་པོ་བྱེད་དགོས་ལ། རོང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་ཇེ་ལེགས་སུ་གཏོང་བའི་འགུལ་སྐྱོད་དང་རྒྱལ་ཁོངས་ལྗང་སྒྱུར་བྱ་བ་ཏན་ཏིག་སྤེལ་བ་བཅས་བྱས་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་དམར་ཐིག་བརྟན་པོ་བསྲུང་དགོས། ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ“མཚོ་རྒྱ་བསྡམས་ནས་ཉ་གསོའི”འཐབ་ཇུས་ལག་བསྟར་གཏིང་ཟབ་དང་དགོ་སྐྱ་སྐོར་ཞིབ་དང་མྱུར་སྐྱོབ་ཀྱི་བྱ་བ་སྤེལ་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་། ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་བཏང་སྟེ་མཚོ་སྔོན་པོའི་གསེར་ཉས་མཚོ་སྣང་ཕྲུ་གུ་གཏོང་བ་དང་དགོ་སྐྱ་འཚོ་གནས་ཀྱི་ཁོར་ཡུག་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས་ཏེ་སྟོངས་ལ་ཉེ་བའི་སྲོག་ཆགས་ཀྱི་འཚོ་གནས་ཁོར་ཡུག་ཇེ་ལེགས་སུ་འགྱུར་བར་འགན་ལེན་བྱེད་དགོས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆབ་སྲིད་འགན་འཁྲི་དང་བྱེད་པོའི་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས་པ་དང་། ཆུ་མཚེའུ་དཔོན་དང་ནགས་རྩྭ་དཔོན་གྱི་འགན་འཁྲི་ནན་དུ་གཏོང་དགོས་ལ། མཚོ་སྐོར་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྒྲིག་དང་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱ་བར་ཤུགས་བསྣན་ནས་ནམ་མཁའ་སྔོན་པོ་དང་རྩྭ་ཐང་ལྗང་ཁུ། ཆུ་བོ་དྭངས་མོ་བཅས་ཀྱི་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཟེར། 


ཤ་བོ་སྐྱབས་ཀྱིས་མདའ་བཞི་རྫོང་དུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་ཞིབ་བཤེར་དང་མཛུབ་ཁྲིད་གནང་སྐབས། ནུབ་མཚོ་བཙོག་ཆུ་ཐག་གཅོད་བཟོ་གྲྭ་དང་གསེར་ཐང་ཡུལ་ཚོའི་གད་སྙིགས་སྦས་ཡུལ་དུ་བྱ་བའི་སྙན་ཞུར་ནན་ཏན་ངང་ཉན་ལ། བཙོག་ཆུ་ཐག་གཅོད་སྒྲིག་ཆས་འཁོར་སྐྱོད་དང་ཉིན་རེའི་ཐག་གཅོད་གཞི་ཁྱོན། ཆུའི་མང་ཉུང་། ཆུ་སྤུས་དམིགས་ཚད་དེ་བཞིན་བཟོ་གྲྭའི་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་པར་མ་ཟད།  ཡུལ་དངོས་སུ་གད་སྙིགས་སྦས་ཡུལ་འཛུགས་སྐྲུན་འཁོར་སྐྱོད་དང་འཚོ་བའི་གད་སྙིགས་གཙང་སེལ་ནུས་པ། ཉེ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པར་མ་ཟད་མིག་སྔའི་བྱ་བའི་ཁྲོད་ལྷག་པའི་གནད་དོན་ལ་ཞིབ་འཇུག་བརྡར་གཅོད་དང་བྱ་བའི་བླང་བྱ་བཏོན་ནས་ནན་གྱིས་བསྟན་དོན། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པའི་བྱ་བར་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་ཡག་པོ་བྱས་ཏེ་ཚུར་ལན་གནད་དོན་བཅོས་སྒྲིག་གི་ལས་འགན་ཏན་ཏིག་ངང་ལེགས་སྒྲུབ་བྱེད་དགོས་ཤིང་། ཕྱོགས་བསྡུས་ཀྱིས་སྲིད་ཇུས་ལག་བསྟར་དང་ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་རྒྱུན་འཁྱོངས། ཁོར་ཡུག་གདེང་འཇོག་དང་མིག་སྔའི་ཁོར་ཡུག་སྲུང་སྐྱོབ་ཀྱི་བླང་བྱ་ལྟར་བཙོག་ཆུ་ཐག་གཅོད་དང་འཚོ་བའི་གད་སྙིགས་གཙང་སེལ། བཀོལ་སྤྱོད་བྱེད་རིམ་ཚད་ལྡན་དུ་གཏོང་བ་བཅས་བྱས་ཏེ་བཟོ་གྲྭ་རེ་རེ་ཚན་རིག་དང་མཐུན་ཞིང་ཞིབ་ཕྲ་ཅན་དང་ཚད་ལྡན་ཅན་གྱི་སྒོ་ནས་འཛུགས་སྐྲུན་འཁོར་སྐྱོད་ཐུབ་པར་འགན་ལེན་ཏན་ཏིག་བྱེད་དགོས།  སྐོར་ཞིབ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་བཟོ་གྲྭའི(ར་བ)འཁོར་སྐྱོད་དང་དོ་དམ་བྱ་བར་ཁྱོན་ཡོངས་ནས་དམ་འཛིན་ཡག་པོ་བྱས་ཏེ་འཁོར་སྐྱོད་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དུས་ཐོག་ཏུ་ཚན་རིག་དང་མཐུན་པའི་སྒོ་ནས་བརྡར་ཤ་གཅོད་པ་དང་གནད་དོན་ལ་དམིགས་ནས་བཅོས་སྒྲིག་བྱེད་པ། བཅོས་སྒྲིག་ལ་དམ་འཛིན་ཡག་པོ་བཅས་བྱེད་དགོས།  རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ་བཟོ་གྲྭའི(ར་བ)ཕྱི་ནང་གི་རྨང་གཞིའི་སྒྲིག་བཀོད་སྔར་ལས་འཐུས་ཚང་དུ་གཏོང་བ་དང་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་ལྗང་སྒྱུར་མཛེས་བཟོའི་བྱ་བ་ཡག་པོར་བསྒྲུབ་ནས་ཁྱོན་ཡོངས་དང་ཆ་ཚང་བའི་སྒོ་ནས་མི་སྡོད་དང་བྱ་བའི་ཁོར་ཡུག་ཇེ་ལེགས་སུ་གཏོང་དགོས། ཕུགས་ཕན་ལམ་སྲོལ་སྔར་ལས་འཛུགས་པ་དང་འཐུས་ཚང་དུ་བཏང་སྟེ་འབྲེལ་ཡོད་ལམ་ལུགས་གང་མགྱོགས་སྒོས་འཐུས་ཚང་དུ་གཏོང་བ་དང་བྱེད་ཐབས་ནུས་ལྡན་སྤྱད་དེ་ཁོར་ཡུག་བདེ་འཇགས་ཀྱི་མི་མངོན་པའི་རྐྱེན་ངན་བསལ་ནས་ཕྱོགས་གཅིག་གི་ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་ལ་ས་གཞི་གཙང་བའི་འགན་ལེན་བྱེད་དགོས་ཟེར།


འཇུ་ལག་རྫོང་ཧའེ་ཞིན་གསེར་གཏེར་དང་འཇུ་ལག་གྲོང་རྡལ་ཤར་ཁྲོམ་གཞུང་དང་བཙོག་ཆུ་ཐག་གཅོད་བཟོ་གྲྭ། ཤར་ཐང་གྲོང་རྡལ་གྱི་འཚོ་བའི་གད་སྙིགས་སྦས་ཡུལ་བཅས་སུ་ཤ་བོ་སྐྱབས་ཀྱིས་ཡུལ་དངོས་ནས་ལྗང་མདོག་གཏེར་རི་འཛུགས་སྐྲུན་དང་གཏེར་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་བྱ་བར་ལྟ་ཞིབ་བྱས་ཤིང་། ཡུལ་དངོས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལྗང་སྒྱུར་དང་ཁོར་ཡུག་བཅོས་སྒྲིག་བྱ་བར་མཛུབ་ཁྲིད་གནང་སྟེ། བཟོ་ཁུལ(ར་བ)གྱི་ཐོན་སྐྱེད་འཚོ་བ་དང་རྨང་གཞིའི་སྒྲིག་བཀོད་བཀོད་སྒྲིག་བྱ་བར་རྒྱུས་ལོན་བྱས་ནས་ཁེ་ལས་ཀྱིས་བདེ་འཇགས་ཐོན་སྐྱེད་འགན་ཁུར་དོན་འཁྱོལ་བྱས་ཚུལ་ལ་ཞིབ་བཤེར་བྱས་ནས་ནན་གྱིས་བསྟན་དོན།  ཐེངས་འདིའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པ་མཚོ་བྱང་དུ་ཡོང་ནས་ཞིབ་བཤེར་མཛུབ་ཁྲིད་བྱ་བ་སྤེལ་བ་དེ་མཚོ་བྱང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་ཏན་ཏིག་གཏོང་ཆེད་ཡིན་པ་དང་། ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཚད་མཐོའི་ཆབ་སྲིད་ཀྱི་འགན་ཁུར་འདུ་ཤེས་ཐོག་ནས་ལྟ་ཞིབ་ཚན་ཆུང་ལ་གཞོགས་འདེགས་བྱས་ཏེ་བྱ་བ་སྒྲུབ་ནས་གནད་དོན་ལ་ཐད་ཀར་ཕྱོགས་པ་དང་གསལ་ཐོ་བཅོས་སྒྲིག་བྱེད་པ། འགན་ཁུར་ཏན་ཏིག་སྒྲུབ་པ། ཁྱོན་ཡོངས་ནས་ཐོ་བསུབ་བྱེད་པ་བཅས་བྱས་ནས་མཚོ་བྱང་གི་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་དགོས། འཇུ་ལག་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མངའ་ཁུལ་གྱི་འགན་ཁུར་ཏན་ཏིག་འཁུར་ནས་བྱ་བ་སོ་སོ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་ཏེ། ལྗང་མདོག་གཏེར་རི་གསར་འཛུགས་བྱས་པའི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་བདེ་འཇགས་ཐོན་སྐྱེད་ཀྱི་འགན་ཁུར་ནན་དུ་གཏོང་བ། དུས་བཀག་ལྟར་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པ། རི་ཉིལ་བ་དང་བརྡིབས་པ་སོགས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྔོན་འགོག་ནན་མོ་བྱེད་པ། སྐྱེ་ཁམས་ཀྱི་དམར་ཐིག་ལ་རེག་པ་ནན་འགོག་བཅས་བྱས་ནས་ཐོན་ཁུངས་གསར་སྤེལ་དང་སྐྱེ་ཁམས་སྲུང་སྐྱོབ་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་བྱེད་དགོས་ལ། བཙོག་ཆུ་ཐག་གཅོད་བཟོ་གྲྭའི་འཁོར་སྐྱོད་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་དང་གད་སྙིགས་སྦས་ཡུལ་གཉེར་སྐྱོང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། བཙོག་ཆུ་དང་གཞི་གྲངས་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་པ། བཙོག་ཆུ་གཙང་སྒྱུར་སྒྲིག་བཀོད་བརྟན་པོའི་ངང་འཁོར་སྐྱོད་དང་ཆུ་རྔའི་ཚད་མཐུན་ཕྱིར་འབུད་འགན་ལེན་བཅས་བྱས་ནས་གཙང་ཆུ་དྭངས་མོ་ཞིག་ཤར་ཕྱོགས་སུ་བཞུར་བར་འགན་ལེན་བྱེད་དགོས་ཟེར།       


“ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་བཅོས་སྒྲིག་བྱེད་པར་ངེས་པར་དུ་འགུལ་སྐྱོད་མགྱོགས་སུ་སྤེལ་ནས་བཅོས་སྒྲིག་གནད་འཁེལ་དང་བསྐྱར་ལོག་མི་ཡོང་བ་བྱེད་དགོས” ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་དུ་ལྟ་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུ་འཚོགས་རྗེས་ཀྲང་ཧྲིང་ཡོན་སྔ་རྗེས་སུ་རྐང་ཚ་དང་མདའ་བཞི། མཚོ་སྔོན་པོའི་བྱང་ངོགས་སོགས་སུ་བསྐྱོད་དེ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་ལྟ་ཞིབ་བྱས་ཤིང་། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་དང་མཚོ་སྔོན་པོའི་བྱང་ངོགས་ཀྱི་ཡུལ་སྐོར་ལས་རིགས་ཐད་ལྷག་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ལ་ལྟ་སྐུལ་ཞིབ་བཤེར་བྱས། ཁོང་གིས་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་ངེས་པར་དུ“རི་སྔོ་ཆུ་དྭངས་ནི་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་བརྟན་པོར་བཅངས་ནས་མཐའ་གཅིག་ཏུ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་འགན་ཁུར་འཁུར་དགོས། རིམ་པ་སོ་སོའི་སྡེ་ཁག་གིས་ཡུལ་སྐོར་ལས་གཞིའི་དུས་མགོའི་འཆར་འགོད་ལ་ཤུགས་སྣོན་པ་དང་སྐྱེ་ཁམས་ཡུལ་སྐོར་གྱི་གནད་དོན་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ། སྐྱེ་ཁམས་ཡུལ་སྐོར་གྱི་ལྟ་སྐུལ་མཛུབ་ཁྲིད་ཞིབ་བཤེར་ལ་ཤུགས་སྣོན་པ། འཕེལ་རྒྱས་ཁྲོད་སྲུང་སྐྱོབ་འཚོལ་ཞིབ་དང་སྲུང་སྐྱོབ་ཁྲོད་འཕེལ་རྒྱས་གཏོང་དགོས་པ་ནན་གྱིས་བསྟན།       



མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ་རུ་ལྟ་སྐུལ་མཛུབ་ཁྲིད་དང་བརྟག་ཞིབ་གནང་སྐབས། ཀྲང་ཧྲིང་ཡོན་གྱིས་ཡུལ་དངོས་ནས་ལྟ་ཞིབ་དང་ངོ་སྤྲོད་ལ་ཉན་པ། ཡུལ་དངོས་ནས་བརྗེ་རེས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་རྩྭ་ཕྱུགས་དོ་སྙོམས་དང་མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་དང་དེ་བཞིན་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ནན་གྱིས་བསྟན་དོན། སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་ཀྱིས་ཕྱུགས་བཀག་རྩྭ་གསོ་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་བར་མུ་མཐུད་དམ་འཛིན་ཡག་པོ་བྱས་ནས་རང་བྱུང་རྩྭ་ཐང་ཚན་རིག་དང་མཐུན་པའི་ངང་བེད་སྤྱོད་གཏོང་བ་དང་རྩྭ་ཐང་གི་འབྲོག་ལས་འཕེལ་རྒྱས་གཏོང་སྟངས་ལ་འགྱུར་ལྡོག་ཏན་ཏིག་བཏང་སྟེ་ཕྱུགས་བཀག་ཕྱུགས་གསོ་དང་ཁུལ་བགོས་ཕྱུགས་གསོ་སོགས་ཚན་རིག་དང་མཐུན་པའི་གསོ་ཚགས་བྱེད་སྟངས་བརྒྱུད་དེ་སྤྱིལ་ཁང་དང་རྩྭ་ཁང་སོགས་རྨང་གཞིའི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་ལ་ཤུགས་བསྣན་ནས་རང་བྱུང་རྩྭ་རའི་ཕྱུགས་འཚོའི་གནོན་ཤུགས་ཟམ་མི་ཆད་པར་ཆུང་དུ་བཏང་སྟེ། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོབ་དང་ཕྱུགས་ལས་གཉིས་ཕན་ཡོང་བའི་སྐྱེ་ཁམས་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་དགོས་ཟེར།  



ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་ལྟར་ཁག་བགོས་དོ་དམ་གྱི་ཁུལ་རིམ་པའི་མགོ་ཁྲིད་སོ་སོས་ཁུལ་ཡོངས་ཀྱི་རྫོང4ལ་བརྒྱུད་སྤྲོད་དང་སྒྲུབ་རྒྱུར་སྤྲད་པའི་གནད་དོན་ཁག་བགོས་ཀྱིས་བསྒྲུབ་རྒྱུར་ལྟ་སྐུལ་བྱ་རྒྱུའི་འགན་འཁུར་ནས་བཅོས་སྒྲིག་བྱ་བའི་སྐུལ་སྤེལ་ཚོགས་འདུ་དང་ཆེད་དོན་ཚོགས་འདུ། ཡུལ་དངོས་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་རྣམ་པའི་ཐོག་ནས་ལྟ་ཞིབ་ཚན་ཆུང་གིས་བཏོན་པའི་གནད་དོན་དང་མང་ཚོགས་ཀྱི་འབོད་སྒྲར་མགྱོགས་མྱུར་ངང་ཨ་ལན་སྤྲོད་པ་དང་མགྱོགས་མྱུར་ངང་ཕར་རྒོལ་བྱེད་པ། མགྱོགས་མྱུར་ངང་ཐག་གཅོད་བྱེད་པ།    མགྱོགས་མྱུར་ངང་ལྡོག་ལན་འཇལ་བ་རེད།  ཉིན་ཤས་རིང་བསྟུད་མར་རྫོང་བཞི་དང་འབྲེལ་ཡོད་ལས་ཁུངས་སུ་བསྐྱོད་དེ་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏིང་ཟབ་བཏང་བ་དང་། འགན་ཁུར་དང་གནོན་ཤུགས་བརྒྱུད་འདྲེན་ནུས་ལྡན་བྱེད་པ། ཁུལ་ཡོངས་ཀྱི་གོང་འོག་ཚང་མར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བའི་མཉམ་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་རྒྱུར་ཤུགས་རྐྱེན་དང་སྐུལ་ཁྲིད་བྱེད་པ། གནད་དོན་གང་དུ་ཡོད་ན་བྱ་བ་དེ་རུ་སྤེལ་བ། སྤྱོད་ཚུལ་བསྒྱུར་བ་དང་ནུས་པ་འདོན་པའི་ཁྲོད་གནད་དོན་ཐག་གཅོད་བྱེད་པ་བཅས་བྱས་ནས་སྤྱི་ཚོགས་ཡོངས་ཀྱིས་ཁོར་ཡུག་སྲུང་སྐྱོབ་ལ་མཐོང་ཆེན་དང་ཁོར་ཡུག་སྲུང་སྐྱོབ་ནང་ཞུགས་པ།    ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱེད་པ་བཅས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་པར་བྱས།      



གནད་དོན་ལ་ཁ་གཏད་འཇལ་བ་ལས་གཡོལ་ཐབས་མི་བྱེད་པ་དང་རྒྱ་ཡན་དུ་མི་གཏོང་བར། གནད་དོན་ཐག་གཅོད་བྱེད་པར་ཐབས་ཤེས་ངོ་མ་འདོན་པ་དང་ཐབས་ཤེས་འཚོལ་དགོས། མགོ་ཁྲིད་པས་སྣེ་ཁྲིད་པ་དང་འཐབ་ཕྱོགས་སོ་སོའི་མཉམ་འགུལ་བྱེད་པ། རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་བླང་བྱ་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ། མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་གི་བྱ་བ་ཇི་མ་ཇི་བཞིན་དམ་འཛིན་བྱེད་པ། བྱ་སྤྱོད་ཏན་ཏིག་གི་ཐོག་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱ་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་བ་བཅས་བྱས་ནས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཡོངས་ཀྱི་མི་དམངས་བཅས་ལ་ཧུར་ཐག་སྒོས་བློ་ཡིད་ཚིམ་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་རྒྱུགས་ལན་ཞིག་ཕུལ་དགོས།   


གཡང་འབུམ་ཚེ་རིང་དང་དབང་ཆེན་དོན་འགྲུབ་ཀྱིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号