ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་མདའ་བཞི་རྫོང་དུ་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པའི་ཚུར་ལན་གནད་དོན་བཅོས་སྒྲིག་ལ་མཐའ་གཅིག་ཏུ་དམ་འཛིན་ཡག་པོ་བྱེད་དགོས་པ་ནན་གྱིས་བསྟན།


ཟླ12པའི་ཚེས12ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གཉིས་མདའ་བཞི་རྫོང་དུ་བསྐྱོད་དེ་ཡུལ་དངོས་ནས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་ཚུར་ལན་གནད་དོན་བཅོས་སྒྲིག་བྱས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་པ།  


མདའ་བཞི་རྫོང་གསེར་ཐང་ཡུལ་ཚོ་ཡོས་ཧྥིན་སྡེ་བ་རུ་ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཡུལ་དངོས་སུ་ཡིག་བསྐུར་ངོ་བཅར་གྱི་ཐེར་འདོན་གནད་དོན་ལ་ལྟ་ཞིབ་བྱས་ནས་གནད་དོན་ལ་བརྟག་དཔྱད་དང་ཐག་གཅོད་བྱེད་པའི་འཕེལ་རིམ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ་ནན་གྱིས་བསྟན་དོན། རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་མངའ་ཁུལ་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ནས་གནད་དོན་བཅོས་སྒྲིག་གི་རྗེས་མཐུད་ལྟ་སྐུལ་དོ་དམ་དང་སྲ་བརྟན་མཐོར་གཏོང་བྱ་བ་ཏན་ཏིག་ངང་ཡག་པོར་སྒྲུབ་དགོས་པ་དང་རྒྱུན་རྣམ་གྱི་རྗེས་འདེད་འདྲི་རྩད་ཀྱི་ཕན་འབྲས་རྒྱུན་འཁྱོངས་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་བྱ་བར་དམ་འཛིན་ཡག་པོ་བྱེད་པའི་རང་རྟོགས་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་ཏན་ཏིག་བཏང་ནས། གཅིག་ཤེས་ཀུན་གྲོལ་དང་གནད་གཅིག་གིས་ཡོངས་ལ་སྐུལ་ཁྲིད་བྱས་ཏེ་ཁྱོན་ཡོངས་ལ་སྣེ་ཁྲིད་ཀྱིས་གྲལ་བཤེར་དང་བཅོས་སྒྲིག་བྱས་ནས་གནད་དོན་གཅིག་གི་རྐྱེན་གྱིས་སྐྱོན་ཆ་རིགས་གཅིག་སེལ་ཐུབ་པར་བརྩོན་ལེན་བྱེད་དགོས། མངའ་ཁུལ་གྱི་གད་སྙིགས་སོགས་ཁྱོན་ཡོངས་ནས་གཙང་བཅོས་བྱས་ཏེ་སེམས་ཤུགས་ཡོད་རྒུ་བཏོན་ནས་མང་ཚོགས་ཀྱིས་བཏོན་པའི་གནད་དོན་ཐག་གཅོད་བྱེད་དགོས་ཟེར། 


སྟོང་མདའ་ཆུ་ཤུགས་གློག་ཁང་དུ་ཤ་བོ་སྐྱབས་ཀྱིས་ཁེ་ལས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་བྱེད་པོའི་འགན་འཁྲི་སྒྲུབ་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས་ཏེ་བསྟན་དོན། ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་བསྟན་པའི་ཆུ་གློག་ཆུང་གྲས་གཙང་བཤེར་དང་དག་ཐེར་ནན་མོ་མིན་པའི་གནད་དོན་དེ་གཏིང་ཟབ་ལ་མི་རྣམས་ལ་གོ་རྟོགས་ཟབ་མོ་ཐེབས་ངེས། ང་ཚོས་ངེས་པར་དུ་བསམ་གཞིགས་གཏིང་ཟབ་དང་ཞིབ་བསྡུར་ནན་ཏན་བྱས་ཏེ་ཧ་ཅང་བློ་རྩ་བརྟན་པོའི་རྣམ་འགྱུར་དང་ཧ་ཅང་ནུས་ལྡན་གྱི་བྱ་ཐབས་ཐོག་ནས་འཕྲལ་སྒྲུབ་འཕྲལ་བཅོས་དང་བཅོས་སྒྲིག་ནན་མོ། བཅོས་སྒྲིག་མཐར་ཕྱིན་པ་བཅས་བྱེད་དགོས་ལ། ཞིང་ཆེན་ཏང་ཨུའི་མགོ་ཁྲིད་གཙོ་བོའི་མཆན་བཀོད་མཛུབ་སྟོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། “ས་ཚིགས་གཅིག་ལ་ཐབས་ཇུས་གཅིག”རྒྱུན་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་ངང་བཅོས་སྒྲིག་བྱེད་ཐབས་བཟོ་བ། བྱ་བའི་བྱེད་ཐབས་ཞིབ་ཕྲ་བཟོ་བ་བཅས་བྱས་ནས་ཚུར་སྣང་ཡོད་པ་དང་། བྱེད་ཐབས་ཡོད་པ། ཕན་འབྲས་ཐོན་པ་བཅས་བྱེད་དགོས། འགན་འཁྲི་ཇེ་ནན་དུ་གཏོང་བ་དང་ཞིང་ཆེན་དང་ཁུལ་མཉམ་འགུལ་དང་། ལྟ་སྐུལ་དང་རོགས་རམ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་ཀྱིས་མངའ་ཁུལ་གྱི་འགན་འཁྲི་དང་ལས་རིགས་གཙོ་གཉེར་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་གྱི་འགན་འཁྲི། ཆུ་མཛོད་ཀྱི་བྱེད་པོའི་འགན་འཁྲི་བཅས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་དགོས། ཁེ་ལས་ཀྱིས་བཅོས་སྒྲིག་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་དགོས་པ་དང་། བཅོས་སྒྲིག་གི་བླང་བྱ་ལག་བསྟར་ནན་མོ་བྱེད་པ། དུས་ཚིགས་ཁ་གསལ་བཟོ་བ་དང་། བྱ་བའི་བྱེད་ཐབས་དོན་འཁྱོལ་བྱེད་པ། ཁྱོན་ཡོངས་བཅོས་སྒྲིག་མཐར་ཕྱིན་བྱེད་པ། ཆུ་བོ་བཞུར་རྒྱུན་གྱི་སྐྱེ་ཁམས་མ་ལག་སྐྱོན་བྲལ་ཡོང་བར་འགན་ལེན་བྱེད་དགོས་པ་དང་། སྐྱེ་ཁམས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས། སྤྱི་ཚོགས་ཀྱི་ཕན་འབྲས་བཅས་གཅིག་གྱུར་ཡོང་བར་འབད་བརྩོན་བྱེད་དགོས་པ་ནན་གྱིས་བསྟན།  


མཁར་ཟུར་གསུམ་གྲོང་རྡལ་གྱི་བཙོག་ཆུ་ཐག་གཅོད་བཟོ་གྲྭར་ཤ་བོ་སྐྱབས་ཀྱིས་སྒྲིག་ཆས་འཁོར་སྐྱོད་དང་ཐག་གཅོད་བརྒྱུད་རིམ་འདྲི་རྩད་ཞིབ་ཕྲ་གནང་བར་མ་ཟད། ཡུལ་དངོས་ནས་བཙོག་ཆུའི་སྒྲིག་བཀོད་ཀྱི་འཁོར་སྐྱོད་གནས་ཚུལ་ལ་གཟིགས་ཞིབ་ཀྱང་གནང་སྟེ་ནན་གྱིས་བསྟན་དོན། སྐོར་ཞིབ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་དང་ཁེ་ལས་ཀྱི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་དགོས་པ་དང་། བྱ་བའི་ཚད་གཞི་མཐོ་རུ་གཏོང་བ། བཙོག་བཅོས་སྒྲིག་བཀོད་དང་དྲ་ཐོག་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཚད་ལྡན་དུ་གཏོང་བ། བཙོག་ཆུའི་གཞི་གྲངས་ལ་ལྟ་ཞིབ་ཚད་ལེན་ཡག་པོ་བྱེད་པ་དང་བཙོག་ཆུ་བསྡུ་རུབ་དང་ཐག་གཅོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། ཆུའི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་ཆུ་སྤུས་བརྟན་པོ་དང་ཚད་གཞིར་སླེབས་རྒྱུར་འགན་ལེན་བྱེད་དགོས། ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་ཁྲིམས་འཛིན་སྡེ་ཁག་གིས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་ནས་སྒྲིག་འགལ་གྱི་གནད་དོན་ཤེས་རྟོགས་ཐུབ་ཚེ་འགན་འཁྲི་བདའ་འདེད་ནན་མོ་གཏོང་བ་དང་དུས་བཀག་ནང་བཅོས་སྒྲིག་བྱེད་དགོས་ཟེར། 


ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། མ་རུའུ་ཞང་། མདའ་བཞི་རྫོང་སྲིད་གཞུང་དང་ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཅུས་ཀྱི་འགན་འཁུར་བློ་མཐུན་གཙོ་བོས་མཉམ་དུ་ལྟ་སྐུལ་མཛུབ་ཁྲིད་གནང་རོགས་བྱས་པ་དང་། ཁུལ་ཆུ་བེད་ཅུས་དང་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་སོ་སོར་འགྲོ་རོགས་བྱས།

གཡང་འབུམ་ཚེ་རིང་གིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号