མཚོ་བྱང་ཁུལ་གྱིས་བརྗོད་དོན་སློབ་གསོ་བརྟག་ཞིབ་གྲུབ་འབྲས་ཀྱི་བརྗེ་རེས་ཚོགས་འདུ་འཚོགས་པ།


ཟླ12པའི་ཚེས11ཉིན། མཚོ་བྱང་ཁུལ་ཨུས་བརྗོད་དོན་སློབ་གསོ་བརྟག་ཞིབ་གྲུབ་འབྲས་ཀྱི་བརྗེ་རེས་ཚོགས་འདུ་འཚོགས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འབྲེལ་ཡོད་བརྟག་དཔྱད་ཞིབ་འཇུག་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་སྤྱད་དེ་བརྟག་ཞིབ་གྲུབ་འབྲས་ཀྱི་བརྗེ་རེས་དང་ཧེ་བག་གསལ་འབྱེད། བསམ་ཕྱོགས་དང་བྱ་ཐབས་ཞིབ་འཇུག་བཅས་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་དེ་གནད་དོན་ཐག་གཅོད་དང“མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པའི་དོན་དངོས་ཀྱི་ཕན་འབྲས་སུ་བསྒྱུར་རྒྱུར་སྐུལ་འདེད་བཏང་། ཀྲུང་དབྱང་སྐོར་སྐྱོད་མཛུབ་ཁྲིད་ཚན་ཆུང་བཅུ་བཞི་པ་དང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་འབྲེལ་ཡོད་མགོ་ཁྲིད་ཚོགས་འདུར་ཕེབས་ནས་མཛུབ་སྟོན་གནང་། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་བརྗོད་དོན་སློབ་གསོའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ནས་ཕྱོགས་སྡོམ་གསུང་བཤད་གནང་། ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཚན་གཙོ་ཞུའེ་ཅན་ཧྭ་ཡིས་དཔྱད་བརྗོད་སྤེལ།  

     


ཚོགས་འདུའི་ཐོག་ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོ་བརྟག་དཔྱད་ཞིབ་འཇུག་གི་སྤྱིའི་གནས་ཚུལ་ཁྱབ་བརྡ་བཏང་བ་དང་། བློ་མཐུན8ཀྱིས་རང་སོ་སོའི་བརྟག་ཞིབ་གྲུབ་འབྲས་དང་ཟུང་འབྲེལ་བྱས་ཏེ་བརྗེ་རེས་གཏམ་བཤད་སྤེལ་ནས་གནད་དོན་གྱི་ཞན་ཆར་དབྱེ་ཞིབ་དང་ཐབས་ཇུས་བསམ་ཕྱོགས་ལ་ཞིབ་འཇུག བྱ་བའི་བྱེད་ཐབས་བཅས་བཏོན་པ་རེད། ཚང་མས་བརྟག་དཔྱད་ཞིབ་འཇུག་དང་བརྟག་ཞིབ་གྲུབ་འབྲས་བརྗེ་རེས་གཏིང་ཟབ་བྱས་པ་བརྒྱུད་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས། དེའི་ནང་ཁྱབ་པའི་ལངས་ཕྱོགས་དང་ལྟ་བ། བྱ་ཐབས་བཅས་སྔར་ལས་ཤེས་རྟོགས་གཏིང་ཟབ་ཐུབ་ནས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་སྤྱད་དེ་ལག་ལེན་ལ་མཛུབ་སྟོན་དང་བྱ་བར་སྐུལ་འདེད་གཏོང་བའི་ནུས་པ་དང་ཆུ་ཚད་སྔར་བས་ཆེ་རུ་ཕྱིན་ཡོད་པའི་ངོས་འཛིན་བྱས། ཚང་མས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་ཆབ་སྲིད་ཀྱི་འགན་འཁྲི་ཞིག་ལ་བརྩིས་ནས་བརྟག་དཔྱད་ཞིབ་འཇུག་གི་ཁྱིམ་རྒྱུད་ནོར་བུ་དེ་ཡག་པོར་སྤྱད་དེ། མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་བཟོ་བའི་དཀའ་གནད་ཁག་ཅིག་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་གནད་དོན་ཐག་གཅོད་བྱེད་པའི་དངོས་ཡོད་ཕན་འབྲས་ལ་བརྟེན་ནས་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ཞིབ་བཤེར་དངོས་འབྲེལ་བྱ་རྒྱུ་ཡིན་པར་བཤད།          



ཞིང་ཆེན་ཏང་ཨུའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པའི་ཚན་གཙོ་ཞུའེ་ཅན་ཧྭ་ཡིས་མཚོ་བྱང་ཁུལ་གྱི་བརྗོད་དོན་སློབ་གསོའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་འབྲས་བརྗེ་རེས་བྱས་ཚུལ་ལ་དཔྱད་བརྗོད་གནང་སྟེ།  བརྗོད་དོན་སློབ་གསོ་སྤེལ་བ་ནས་བཟུང་མཚོ་བྱང་ཁུལ་གྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བརྟག་དཔྱད་ཞིབ་འཇུག་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་ཡོན་མགོ་ཁྲིད་ལས་བྱེད་པས་བརྟག་དཔྱད་ཞིབ་འཇུག་བྱེད་པའི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་རྒྱུར་སྐུལ་འདེད་བཏང་བ་དང་། དྲང་ཕྱོགས་ཀྱི་དཔེ་མཚོན་ལ་དོན་སྙིང་ལྡན་པ་དང་ལྡོག་ཕྱོགས་ཀྱི་དཔེ་མཚོན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་འཕེལ་རྒྱས་ཀྱི་དགོས་མཁོ་དང་བཅོས་སྒྱུར་གྱི་དགོས་མཁོ། གཞི་རིམ་གྱི་རེ་སྒུག དམངས་ཀྱི་འདོད་བློ་བཅས་དང་འབྲེལ་བ་ཡོད་པའི་མངོན་གསལ་དོད་པའི་གནད་དོན་ཁག་ཅིག་ཞིབ་འཇུག་དང་ཐག་གཅོད་བྱས་པས་སྔོན་དཔག་གི་ཕན་འབྲས་ཐོབ་ཡོད་པར་བསྟན། གྲུབ་འབྲས་གཞན་སྒྱུར་ལ་སྐུལ་འདེད་གཏོང་བ་དང་བརྟག་ཞིབ་གྲུབ་འབྲས་གཞན་སྒྱུར་བཀོལ་སྤྱོད་ཀྱི་གསལ་ཐོ་གསེད་བཀྲོལ་བྱེད་པ། ལས་འགན་བླང་བྱ་ཁ་གསལ་དང་ཐག་གཅོད་བྱ་ཐབས་ཁ་གསལ་ཡོང་བར་བྱེད་པ་དང་ལམ་སྲོལ་ཆགས་རྒྱུར་སྐུལ་འདེད་བཏང་ནས་བརྟག་ཞིབ་ཀྱི་གྲུབ་འབྲས་དེ་མ་ལག་ཚན་རིག་དང་མཐུན་ལ་ཡང་དག་ལག་བསྟར་ཐུབ་པའི་སྒྲིག་སྲོལ་ལམ་སྲོལ་དུ་འགྱུར་བ་བྱས་ཏེ་བྱ་བར་སྐུལ་འདེད་དང་འགག་སྒྲོལ་དཀའ་སེལ་གྱི་དངོས་སྒྲུབ་བྱ་ཐབས་སུ་འགྱུར་བར་བྱས་ནས་དམངས་འཚོ་ལེགས་གཏོང་དང་བདེ་སྐྱིད་ཆེ་རུ་གཏོང་བའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཏུ་འགྱུར་བ་བྱེད་དགོས། གཏིང་ཟབ་དང་ཏན་ཏིག་ཡོང་རྒྱུར་སྐུལ་འདེད་བཏང་སྟེ་བརྗོད་དོན་སློབ་གསོའི་སྤྱིའི་བླང་བྱ་དང་རྩ་བའི་ལས་འགན། ཞིབ་ཕྲའི་བླང་བྱ་བཅས་ལ་མུ་མཐུད་དམིགས་ཏེ་གཙོ་གནད་གཤམ་སྒྱུར་རྒྱུན་འཁྱོངས་དང་རིགས་དབྱེ་མཛུབ་སྟོན་ལ་ཤུགས་སྣོན། དཔེ་མཚོན་སྣེ་ཁྲིད་ལ་སྣང་ཆེན་བཅས་བྱས་ནས་ཁུལ་ཡོངས་ཀྱི་བརྗོད་དོན་སློབ་གསོར་ཕན་འབྲས་དངོས་ཐོན་རྒྱུའི་འགན་ལེན་བྱེད་དགོས་པ་ནན་གྱིས་བསྟན།



ཤ་བོ་སྐྱབས་ཀྱིས་ཕྱོགས་སྡོམ་གསུང་བཤད་གནང་སྐབས། བརྗོད་དོན་གཙོ་རྐང་བརྟན་དུ་གཏོང་བ་དང་བརྟག་དཔྱད་ཞིབ་འཇུག་གི་གཞི་རྩའི་རྩལ་ནུས་བརྟན་དུ་བཏང་ནས“གཞི་རིམ་དུ་བསྐྱོད་པ་བཞིའི”སྤྱོད་ཚུལ་བཟང་པོ་རྒྱུན་འཁྱོངས་ཀྱིས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་རང་རྟོགས་ངང་སྤྱད་དེ་གནས་ཚུལ་གསར་པར་ཞིབ་འཇུག་དང་གནད་དོན་གསར་པ་ཐག་གཅོད་བྱས་ནས་བརྟག་དཔྱད་ཞིབ་འཇུག་གི་བརྒྱུད་རིམ་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པ་ནས་ལག་ལེན་དངོས་ཀྱི་ཕྱོགས་སུ་སྤྱོད་པའི་བརྒྱུད་རིམ་དུ་འགྱུར་བར་བྱེད་པ་དང་འགན་ཁུར་འཁུར་སེམས་ཆེ་རུ་གཏོང་བ་དང་འཇོན་ཐང་ཆེ་རུ་གཏོང་བའི་བརྒྱུད་རིམ་ཞིག་ཏུ་འགྱུར་བར་བྱེད་དགོས། དམིགས་ཚད་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཏན་ཏིག་བྱ་རྒྱུར་སྐུལ་འདེད་བཏང་སྟེ་རང་འགུལ་ངང་དཔེ་བསྡུར་སྒོས་ཐོན་ལས་ཀྱི“གནས་བཞིའི”འཕེལ་རྒྱས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མཚོ་བྱང་ལ་སྤྲད་པའི“མདུན་གྲལ་དུ་སྐྱོད་པ་གསུམ”གྱི་དམིགས་ཚད་བླང་བྱ་ལྟར་ཏན་ཏན་ཏིག་ཏིག་གི་ཕན་འབྲས་ཐོག་ནས་བརྟག་དཔྱད་ཞིབ་འཇུག་བྱ་བ་གཏིང་ཟབ་དང་ཏན་ཏིག་ངང་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས། གནད་དོན་ཁྲིད་ཕྱོགས་སུ་འཛིན་རྒྱུ་རྒྱུན་འཁྱོངས་ཀྱིས་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་འགག་སྒྲོལ་བྱེད་པ་དང་། དུས་ཡུན་རིང་པོའི་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཚོད་འཛིན་ཕོག་པའི“གནད་དོན་རྙིང་པ”དང་།  དུས་བབ་གསར་པ་དང་དུས་མཚམས་གསར་པར་ཐོན་པའི“གནད་དོན་གསར་པ”། མང་ཚོགས་ཀྱི་ཚུར་སྣང་ལན་ཆ་ཆེ་བའི“གནད་དོན་ངོ་མ”བཅས་ལ་དམ་པོར་དམིགས་ཏེ་བརྟག་ཞིབ་བྱ་བའི་ཁྲོད་ཀྱི“གནད་དོན་གྱི་གསལ་ཐོ”དེ“གྲུབ་འབྲས་ཀྱི་གསལ་ཐོར”བསྒྱུར་ནས་འགག་གནད་སེལ་བ་དང་དཀའ་གནད་སེལ་བ། ན་ཟུག་སེལ་བ་བཅས་ཀྱི་ཐོག་ནས་སྤྱི་ཡོངས་ཀྱི་བྱ་བར་སྐུལ་ཁྲིད་བྱས་ཏེ་ཕན་འབྲས་ཆེ་རུ་གཏོང་དགོས། ཕན་འབྲས་ཀྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་ཀྱིས་གྲུབ་འབྲས་གཞན་སྒྱུར་བེད་སྤྱོད་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་། སློབ་སྦྱོང་གཏིང་ཟབ་བྱས་ནས་བསམ་ཕྱོགས་འཚོལ་ཞིབ་བྱེད་པ། དོན་དངོས་དང་ཟུང་འབྲེལ་བྱས་ནས་སླར་ཡང་བྱེད་ཐབས་འཚོལ་བ། བསམ་འཆར་ལ་ཉན་རྗེས་སླར་ཡང་མདུན་ལམ་འཚོལ་བ། ཁྱོན་ཡོངས་ནས་བརྟག་དཔྱད་ཞིབ་འཇུག་བྱས་ཚུལ་གསེད་བཀྲོལ་དང་ཕྱོགས་སྡོམ་བྱེད་པ། རྗེས་འདེད་ལ་མུ་མཐུད་དམ་འཛིན་བྱེད་པ། བརྟག་དཔྱད་ཞིབ་འཇུག་གི“མཇུག་གི་ལེ་ཚན”བྱ་བ་ཏན་ཏིག་སྒྲུབ་པ། བརྟག་ཞིབ་གྲུབ་འབྲས་བྱ་སྤྱོད་ཅན་དང་ཇུས་གཞི་ཅན། ལམ་ལུགས་ཅན་བཅས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྱོན་ཡོངས་ནས་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པ་ནན་གྱིས་བསྟན།


ཁུལ་ཨུའི་རྒྱུན་ཨུ་སོ་སོ་དང་། ཁུལ་དམངས་ཆེན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་ཏང་ཙུའུ་ཡི་ཁོངས་མི། ཁུལ་ཁྲིམས་ཁང་གི་ཡོན་ཀྲང་དང་ཁུལ་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་མགོ་འཛིན། ཁུལ་ཨུའི་སྡེ་ཁག་སོ་སོ་དང་ཁུལ་ཐད་གཏོགས་ལས་ཁུངས་སོ་སོའི་ཏང་ཙུའུ(ཏང་ཨུ)ཡི་འགན་འཁུར་བློ་མཐུན་གཙོ་བོ་དང་བརྗོད་དོན་སློབ་གསོའི་ལྟ་སྐུལ་མི་སྣ་བཅས་ཞུགས།



གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号