མཚོ་བྱང་ཁུལ་གྱིས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་འཚོགས།


     ཉེ་ཆར།  ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་ཚོགས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ཤིང་། ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་གནས་ཚུལ་བརྡ་ཁྱབ་བཏང་ལ། མིག་སྔ་དང་ད་ལོའི་ལོ་མཇུག་དང་སང་ལོའི་ལོ་མགོའི་བདེ་འཇགས་ཐོན་སྐྱེད་ཀྱི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན། ཁུལ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རིན་ཀྲང་ཧྲིང་ཡོན་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་སྲིད་གཞུང་གི་རྒྱུན་ལས་ཁུལ་དཔོན་གཞོན་པ། ཁུལ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ཨ་ཁྱུང་གིས་ཚོགས་འདུ་གཙོ་སྐྱོང་གནང་།



ཚོགས་འདུའི་ཐོག་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཉེན་ཁའི་འདུ་ཤེས་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། “དུས་དང་རྣམ་པ་ཀུན་ཏུ་སེམས་ཁུར་བྱེད་པའི”འགན་འཁྲིའི་འདུ་ཤེས་ལ་བརྟེན་ནས་ཉེན་ཁར་དོ་དམ་ཚོད་འཛིན་དང་ཞན་ཆ་ཁ་གསབ་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས། སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོབ་ཏན་ཏིག་བྱེད་དགོས་པ་ནན་གྱིས་བསྟན།



ཚོགས་འདུའི་ཐོག་ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་བདེ་འཇགས་ཐོན་སྐྱེད་ཀྱི་ཕྱོགས་སོ་སོའི་འགན་འཁྲི་སྔར་བས་ནན་དུ་བཏང་ནས་དོན་རྐྱེན་སྣ་ཚོགས་ཐོན་རྒྱུར་དོགས་ཟོན་དང་བཀག་འགོག་གང་ཐུབ་བྱས་ཏེ་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་བྱེད་དགོས་པ་དང་། རང་ཁུལ་གྱི་བདེ་འཇགས་དོན་རྐྱེན་ཐོན་སླ་བའི་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ལ་ཕྱོགས་ཡོངས་ནས་གྲལ་བཤེར་བཅོས་སྒྲིག་བྱས་ཏེ་དོན་རྐྱེན་ཚབས་ཆེན་ཐོན་རྒྱུར་དོགས་ཟོན་དང་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་ཁུལ་ཡོངས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་དུས་བབ་བརྟན་ལྷིང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱེད་དགོས། ནགས་ཚལ་དང་རྩྭ་ཐང་གི་མེ་ཟོན་མེ་གསོད་དང་དགུན་དཔྱིད་དུས་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་གནད་འཁེལ་དབྱེ་ཞིབ་དང་ཞིབ་འཇུག་བརྡར་གཅོད། ཕྱོགས་སོ་སོའི་འགན་འཁྲི་ནན་དུ་བཏང་ནས་རྒྱུན་གཏན་གྱི་མེ་ཟོན་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་དགོས། དགུན་དུས་ཀྱི་བདེ་འཇགས་ཐོན་སྐྱེད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་ཁྲིམས་སྲོལ་ལྟར་གནད་འཁེལ་ཁྲིམས་འཛིན་བྱེད་དགོས། དོན་རྐྱེན་ཚབས་ཆེན་དང་ཤིན་ཏུ་ཚབས་ཆེན་ལ་བཀག་འགོག་བྱེད་པའི་དམིགས་ཚད་དེར་དམ་པོར་དམིགས་ནས་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག་རྒྱུན་མཐུད་བྱས་ཏེ་ཐོན་སྐྱེད་བདེ་འཇགས་ཀྱི་དོན་རྐྱེན་སྣ་ཚོགས་ཐོན་རྒྱུར་དོགས་ཟོན་མཐའ་གཅིག་ཏུ་བྱེད་དགོས། གཙོ་གནད་ས་ཁུལ་དང་གཙོ་གནད་སྡེ་ཁག གཙོ་གནད་ཁེ་ལས་བཅས་ལ་འཐེན་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་རྩ་བཅོས་ས་ཁུལ་དང་ལས་རིགས་དེ་གའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་དུས་ཐོག་ཏུ་གྲལ་བཤེར་བྱེད་དགོས། རིམ་པ་སོ་སོའི་བདེ་འཇགས་ཨུ་ལྷན་གཞུང་ལས་ཁང་གིས་རྒྱུན་གཏན་ཅན་གྱི་སྒོ་ནས་བདེ་འཇགས་ཐོན་སྐྱེད་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་ཏེ་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་དང་བདེ་འཇགས་དོགས་ཟོན་གྱི་འགན་འཁྲི་དང་བྱེད་ཐབས་ལ་ཤུགས་སྣོན་དགོས། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་འགན་འཁྲི་ལག་བསྟར་ཏན་ཏིག་བྱས་ནས་མངོན་གསལ་དོད་པའི་གནད་དོན་བཅོས་སྒྲིག་ནན་མོ་བྱས་ཏེ་བདེ་འཇགས་ཐོན་སྐྱེད་ཀྱི་འགག་སྒོ་སྔོན་དུ་བསྣུར་བར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། གསལ་འདེབས་ལམ་སྲོལ་དོན་འཁྱོལ་ནན་མོ་བྱས་ཏེ་ནུས་ཤུགས་ཡོད་རྒུས་གྲང་ངར་ཆེ་བའི་འཁྱགས་རོམ་གྱི་གནམ་གཤིས་གནོད་འཚེ་འགོག་ཟོན་ཡག་པོ་བྱས་ནས་ཕྱུགས་རིགས་བདེ་འཇགས་ངང་དགུན་སྒྲོལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན།


ཁུལ་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་སོ་སོ་དང་། ཁོངས་མིའི་ལས་ཁུངས་སོ་སོའི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་ར་གཙོ་བོར་ཚོགས་འདུར་ཞུགས། རྫོང་སོ་སོའི་བདེ་འཇགས་ཨུ་ལྷན་གྱི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། དེ་བཞིན་བདེ་འཇགས་ཨུ་ལྷན་གྱི་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་གཙོ་བོ་ཡན་ལག་ཚོགས་རའི་ཚོགས་འདུར་ཞུགས། ཁུལ་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་དང་ཁུལ་སྡོད་ཁང་འཛུགས་སྐྲུན་ཅུས། ཁུལ་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་བཅས་ཀྱིས་སོ་སོར་བགྲོད་ལམ་འགྲིམ་འགྲུལ་དང་སོལ་རླངས་བདེ་འཇགས་ཆེད་དོན་བཅོས་སྐྱོང་། དགུན་དཔྱིད་དུས་ཀྱི་མེ་སྐྱོན་སྔོན་འགོག་ཚོད་འཛིན་བཅས་ལ་དམིགས་ནས་ཡིག་ཐོག་ནས་བརྗེ་རེས་གཏམ་བཤད་སྤེལ།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号