མཚོ་བྱང་ཁུལ་གྱིས་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དག་ཐེར་བྱ་བའི་ཆེད་དོན་ཚོགས་འདུ་འཚོགས་པ།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་།


ཟླ12པའི་ཚེས8ཉིན། མཚོ་བྱང་ཁུལ་གྱིས་རེས་སྐོར་གསུམ་པའི་ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དག་ཐེར་བྱ་བའི་ཆེད་དོན་ཚོགས་འདུ་འཚོགས་ལ། ཚན་གཙོ་ལིག་ཝེ་ཡིས་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚན་ཆུང་ལྔ་པས་མཚོ་སྔོན་ཞིང་ཆེན་དུ་ལྟ་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་དང་། རེས་སྐོར་གསུམ་པའི་ཁག་དང་པོའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་ཁྱབ་བསྒྲགས་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་དཔེ་མཚོན་གནད་དོན་དག་ཐེར་དང་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཡིག་སྐུར་ངོ་བཅར་དང་ཐེར་འདོན་ཞུ་གཏུག་གནད་དོན་སྒྲུབ་རྒྱུར་སྤྲད་པའི་བྱ་བའི་ཆེད་དོན་ཚོགས་འདུའི་དགོངས་དོན་ལ་ཡང་བསྐྱར་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་ལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་དང་། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་གྲོང་ཁྱེར(ཁུལ)སོ་སོའི་ཧྲུའུ་ཅི་ལ་སྤྲིངས་པའི་འཕྲིན་ཡིག་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས།  མཚོ་བྱང་ཁུལ་གྱིས་རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱིས་སྒྲུབ་རྒྱུར་སྤྲད་པའི་ཡིག་བསྐུར་ངོ་བཅར་གནད་དོན་དོན་འཁྱོལ་བྱས་ཚུལ་ལ་ཉན་པ་དང་དུས་མཚམས་རྗེས་མའི་གཙོ་གནད་བྱ་བ་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་པད་རྒྱལ་བཀྲ་ཤིས་ཚོགས་འདུར་ཕེབས།    


ཤ་བོ་སྐྱབས་ཀྱིས་གཅིག་ནས་ཆབ་སྲིད་ཀྱི་ལངས་གནས་སྔར་ལས་ཆེ་རུ་གཏོང་དགོས་ཏེ།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི“རྒྱལ་དོན་གྱི་ཆེ་ཕྱོགས”དེ་ཐོག་མཐའ་བར་གསུམ་དུ་ཡིད་ལ་བརྟན་པོ་བཅངས་ནས་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཀྱི་ཆབ་སྲིད་རང་བཞིན་དང་གཟབ་ནན་རང་བཞིན་ལ་གོ་བ་གཏིང་ཟབ་ལེན་པ། འགན་ཁུར་འཁུར་སེམས་དང་དགོས་གཏུགས་ཀྱི་བསམ་པ། ལས་འགན་སྒྲུབ་སེམས་བཅས་སྔར་ལས་ཆེ་རུ་བཏང་སྟེ་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱས་ནས་བྱ་བའི་རང་འགུལ་རང་བཞིན་སྔར་ལས་ཆེ་རུ་བཏང་སྟེ་ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་བླང་བྱ་ཇི་མ་ཇི་བཞིན་ལག་བསྟར་དོན་འཁྱོལ་ཡག་པོ་བྱེད་དགོས། གཉིས་ནས་མཐུན་སྦྱོར་དང་གཞོགས་འདེགས་སྔར་ལས་དམ་འཛིན་ཡག་པོ་བྱེད་དགོས་ཏེ།  ཁུལ་གྱི་ཆེད་དོན་ལས་སྒྲུབ་ཚན་ཆུང་སོ་སོ་དང་ས་གནས་སོ་སོ། འབྲེལ་ཡོད་སྡེ་ཁག་སོ་སོ་བཅས་ཀྱིས་ཀྲུང་དབྱང་ལྟ་ཞིབ་ཚན་ཆུང་དང་ཞིང་ཆེན་མགོ་ཁྲིད་ཚན་ཆུང་གི་ལས་སྒྲུབ་ཚན་ཆུང་སོ་སོ། དེ་བཞིན་འབྲེལ་ཡོད་ཐིན་དང་ཅུས་དབར་མཐུན་སྦྱོར་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་གོང་གི་གནས་ཚུལ་འོག་ལ་བཤད་པ་དང་འོག་གི་གནས་ཚུལ་གོང་ལ་སྙན་ཞུ་བྱེད་པའི་ཐབས་ལམ་ཤར་བགྲོད་ཐུབ་པར་བྱས་ཏེ་སྤྱོད་ཚུལ་ནན་ཤོས་དང་ལས་ཕྱོད་ཆེ་ཤོས། བྱེད་ཐབས་གནད་ལ་འཁེལ་ཤོས། སྤྱོད་ཚུལ་ལེགས་ཤོས་བཅས་ཀྱི་ཐོག་ནས་ལྟ་ཞིབ་བྱ་བ་ཡག་པོར་བསྒྲུབ་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་དང་གཞོགས་འདེགས་བྱེད་དགོས། གསུམ་ནས་དག་ཐེར་དོན་འཁྱོལ་སྔར་ལས་ལེགས་པར་བྱེད་དགོས་ཏེ། རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཆབ་སྲིད་ཀྱི་ཐོག་ནས་ལྟ་བ་དང་ཆབ་སྲིད་ཀྱི་ཐོག་ནས་གཉེར་བ། ཆབ་སྲིད་ཀྱི་ཐོག་ནས་བཅོས་སྒྲིག་བཅས་བྱས་ཏེ་བཅོས་སྒྲིག་གི་འགན་ཁུར་མཐའ་གཅིག་ཏུ་འཁུར་བ་དང་། བྱ་བའི་དུས་ནུས་རང་བཞིན་དང་གཟབ་ནན་རང་བཞིན་ལ་སྣང་ཆེན་བྱེད་པ། དཔེ་མཚོན་གྱི་གནད་དོན་ལ་དམིགས་པ་དང་། ཡིག་བསྐུར་ངོ་བཅར་དང་མང་ཚོགས་ཀྱི་བསམ་འཆར་མང་བའི་གནད་དོན་ལ་གཙོ་གནད་ཐོག་དོ་ཁུར་བྱེད་པ། རིམ་པ་དབྱེ་ནས་དག་ཐེར་ཏན་ཏིག་བྱེད་པ། ཟུར་བསྟན་ལེབ་མཐོང་གིས་རྩ་ལག་མཉམ་བཅོས་བཅས་བྱས་ཏེ་མང་ཚོགས་བློ་ཡིད་ཚིམ་ཚད་ཐོག་ནས་བྱ་བའི་ཕན་འབྲས་ལ་ཞིབ་བཤེར་བྱེད་དགོས།  བཞི་ནས་ཕྱོགས་སོ་སོའི་འགན་ཁུར་སྔར་ལས་ནན་དུ་གཏོང་དགོས་ཏེ།  རྫོང་སོ་སོ་དང་ལས་རིགས་སོ་སོའི་ལྟ་སྐུལ་དོ་དམ་སྡེ་ཁག་གིས་གཏོགས་ཁོངས་ཀྱི་འགན་ཁུར་དང་ལྟ་སྐུལ་དོ་དམ་གྱི་འགན་ཁུར་མཐའ་གཅིག་ཏུ་ཏན་ཏིག་སྒྲུབ་པ་དང་ལྟ་ཞིབ་ལྡོག་འདྲེན་གྱི་གནད་དོན་སོ་སོར་གཞིགས་ནས་དོན་ཚན་རེ་རེ་བཞིན་ཞིབ་འཇུག་ནན་ཏན་བྱས་ཏེ་སྣེ་ཁྲིད་མགོ་ཁྲིད་དང་འགན་ཁུར་ལས་ཁུངས། ཞིབ་ཕྲའི་བྱེད་ཐབས། དག་ཐེར་དུས་བཀག་བཅས་ཁ་གསལ་བཟོས་ནས་བཀོད་གཏོང་རྗེས་འདེད་དང་ཡུལ་དངོས་སུ་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་བསྣན་ནས་གནད་དོན་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་བྱ་བ་ཚང་མར་ལན་ཡོད་པར་བྱེད་དགོས་ཤིང་། ཡོངས་བསྒྲགས་དོན་ཐོག་ཏུ་འཁྱོལ་བའི་འགན་ལེན་བྱས་ཏེ་དྲིལ་སྒྲོག་འཕྲིན་སྤེལ་དང་ཆ་འཕྲིན་ཡོངས་བསྒྲགས་ཡག་པོར་སྒྲུབ་ནས་དག་ཐེར་བྱས་ཚུལ་མང་ཚོགས་ལ་དུས་ཐོག་ཏུ་ཤེས་སུ་འཇུག་པ་དང་མང་ཚོགས་ཀྱི་ལྟ་སྐུལ་དང་ལེན་བྱེད་པ། མང་ཚོགས་བློ་ཡིད་ཚིམ་པོ་ཡོང་བ་བཅས་བྱས་ཏེ་ལྟ་ཞིབ་དང་དག་ཐེར་ལ་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན།          


ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་སོ་སོ་དང་། ཁུལ་ཨུའི་གཞུང་ལས་ཁང་། ཁུལ་ཨུའི་རྩ་འཛུགས་པུའུ། ཁུལ་ཨུའི་དྲིལ་སྒྲོག་པུའུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་སོགས་ཁུལ་ཐད་གཏོགས་སྡེ་ཁག་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས། 

དབང་ཆེན་དོན་འགྲུབ་ཀྱིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号