ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་པ། 

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་།


ཟླ12པའི་ཚེས7ཉིན། ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་ཐེངས་བདུན་པ་འཚོགས། ཚོགས་འདུའི་ཐོག་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་སྐོར་ཞིབ་བྱ་བའི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་མཉམ་འགུལ་སྐོར་ཞིབ་བྱས་ཚུལ་དང་ཁུལ་ཨུའི་རེས་སྐོར་གཉིས་པའི་སྐོར་ཞིབ་དག་ཐེར་ལྟ་སྐུལ་ཞིབ་བཤེར་བྱས་ཚུལ་གྱི་སྙན་ཞུར་གསན་ལ། ཁུལ་ཨུའི་སྐོར་ཞིབ་བྱ་བའི་འབྲེལ་ཡོད་ལམ་ལུགས་དང་ལམ་སྲོལ་ལ་གྲོས་ཞིབ་གནང་། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཀྱིས་ཚོགས་འདུ་གཙོ་སྐྱོང་བྱས་ནས་གསུང་བཤད་གནང་།

ཤ་བོ་སྐྱབས་ཀྱིས་ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་སུ་མཉམ་འགུལ་སྐོར་ཞིབ་བྱ་བ་སྤེལ་མགོ་བརྩམས་པ་ནས་བཟུང་སྐོར་ཞིབ་ཚན་ཆུང་སོ་སོས་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་འགུལ་སྐོར་ཞིབ་བྱ་བའི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་འགན་འཁྲིའི་ངེས་གནས་ལ་གཞི་ཚུགས་པ་དང་། གནད་དོན་ལ་དམ་པོར་དམིགས་ཏེ་ལྷོད་གཡེང་མི་གཏོང་བ། དག་ཐེར་མགྱོགས་པོ་དང་ཕན་འབྲས་ཐོན་པ་བཅས་བྱས་པས་སྐོར་ཞིབ་ཀྱི་རལ་གྲི་རྣོན་པོའི་ནུས་པ་འདོན་སྤེལ་ནུས་ལྡན་བྱས་ཡོད་པར་བསྟན།   

ཤ་བོ་སྐྱབས་ཀྱིས་གཅིག་ནས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་སྟེ་སྐོར་ཞིབ་དག་ཐེར་གྱི་ཆབ་སྲིད་འགན་ཁུར་མཐའ་གཅིག་ཏུ་འཁུར་དགོས་ཏེ། ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ཚན་པ་སོ་སོས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་འགུལ་སྐོར་ཞིབ་བྱ་བའི་མཐུན་སྦྱོར་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་ཏན་བྱས་ཏེ་སྐོར་ཞིབ་བྱ་བའི་ནང་དོན་དང་ཁ་ཕྱོགས་སྟངས་འཛིན་ཡང་དག་བྱས་ནས་ནོར་འཁྲུལ་ཡོ་བསྲང་གི་བླང་བྱ་དོན་འཁྱོལ་ཡོང་བར་བྱེད་དགོས། ཁུལ་སྒྲིག་ཨུ་ལྟ་ཞིབ་ཨུ་ལྷན་དང་ཁུལ་ཨུའི་རྩ་འཛུགས་པུའུ། ཁུལ་ཨུའི་སྐོར་ཞིབ་ཞིབ་བཤེར་གཞུང་ལས་ཁང་བཅས་ཀྱིས་སྐོར་ཞིབ་དག་ཐེར་ལ་མཛུབ་ཁྲིད་དང་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུར་ཤུགས་བསྣན་ནས་བསམ་ཕྱོགས་དང་བྱ་ཐབས་སྔར་བས་གཏོད་པ་དང་། འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་བ། ལམ་སྲོལ་སྣ་ཚོགས་ལེགས་སྒྲིག་བྱེད་པ། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་ནུས་ལྡན་ངང་སེལ་བ་བཅས་བྱས་ཏེ“བདེ་ཐང་མཚོ་བྱང”འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས། གཉིས་ནས་དག་ཐེར་འགན་ཁུར་ནན་དུ་བཏང་སྟེ་གནད་དོན་ལ་ལྡོག་ལན་བསློགས་ནས་དག་ཐེར་གནས་ཚུལ་གསལ་རྟོགས་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས་ཏེ།  ཁུལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་དང་རྩ་འཛུགས་སྡེ་ཁག་གིས་རྒྱུན་གཏན་གྱི་ལྟ་སྐུལ་འགན་ཁུར་ལག་བསྟར་ནན་མོ་བྱེད་པ་དང་། ཁུལ་ཨུའི་སྐོར་ཞིབ་གཞུང་ལས་ཁང་གིས་སྐོར་ཞིབ་དག་ཐེར་བྱ་བའི་དྲན་སྐུལ་ཡི་གེ་མུ་མཐུད་ཡག་པོར་སྤྱད་ནས་ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་གྱི་འགན་འཁུར་བློ་མཐུན་གཙོ་བོས་འགན་ཁུར་བ་དང་པོའི་འགན་འཁྲི་ནན་ཏན་སྒྲུབ་རྒྱུར་དུས་ཐོག་ཏུ་ལྟ་སྐུལ་བྱས་ཏེ་གནད་དོན་ལ་དམིགས་ཏེ་དག་ཐེར་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས“མིག་སྔ་ལེགས་བཅོས”དང“ཡུན་རིང་འཛུགས་པ”ཟུང་འབྲེལ་བྱས་ཏེ་དག་ཐེར་གནས་ཚུལ་ཁྱོན་ཡོངས་ནས་གཙང་བཤེར་བྱས་ཏེ་གནད་དོན་དག་ཐེར་མ་བྱས་ཚེ་མི་གཏོང་བ་དང་དག་ཐེར་མཐར་ཕྱིན་མ་བྱས་ཚེ་མི་གཏོང་བ་བྱེད་དགོས། རིམ་པ་སོ་སོའི་སྨན་བཅོས་འཕྲོད་བསྟེན་སྲིད་འཛིན་སྡེ་ཁག་གིས་ཞིང་ཆེན་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གི་སྨན་བཅོས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་མཉམ་འགུལ་སྐོར་ཞིབ་བྱ་བའི་མཐུན་སྦྱོར་ཚོགས་འདུ་དང་ཁུལ་ཨུས་སྐོར་ཞིབ་བྱས་ནས་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ཏེ་དཔེ་བསྡུར་ཚད་འཛིན་སྒོས་ཐུན་མོང་རང་བཞིན་གྱི་གནད་དོན་དང་ཁྱད་ཆོས་ཀྱི་གནད་དོན་ལེགས་སྒྲིག་ནན་ཏན་བྱས་ཏེ་རྩིས་ཁྲ་རེ་རེ་བཞིན་བཟོ་བ་དང་དག་ཐེར་བྱེད་ཐབས་ཞིབ་ཕྲ་བཟོ་བ། དག་ཐེར་གྱི་འགན་ཁུར་དོན་འཁྱོལ་བཅས་བྱས་ནས་དུས་ཐོག་ཏུ་སྤུས་ཚད་མཐོན་པོའི་སྒོ་ནས་བཅོས་སྒྲིག་ཐུབ་པ་བྱེད་དགོས།  གསུམ་ནས་བརྒྱུད་རིམ་ལྡན་པའི་བསམ་གཞིགས་རྒྱུན་འཁྱོངས་བྱས་ནས་སྐོར་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་དག་ཐེར་གྱི་ཕན་འབྲས་མུ་མཐུད་སྲ་བརྟན་དུ་གཏོང་དགོས་ཏེ། ཁུལ་ཨུའི་སྐོར་ཞིབ་བྱ་བའི་གཞུང་ལས་ཁང་གིས་བརྗོད་དོན་སློབ་གསོ་དང་ཁུལ་ཡོངས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་གི་སློབ་གསོ་དག་ཐེར་དང་ཟུང་འབྲེལ་བྱས་ཏེ་བརྟག་དཔྱད་ཞིབ་འཇུག་ལ་དམ་འཛིན་ཡག་པོ་བྱེད་པ་དང་། གནད་དོན་གྱི་ཞན་ཆ་བཙལ་འཚོལ་ཡང་དག་བྱེད་པ། རྒྱུན་རྣམ་ཅན་གྱི་སྒོ་ནས་སྐོར་ཞིབ་བྱེད་པ། བརྒྱུད་རིམ་དོ་དམ་ཚོད་འཛིན་ལ་ཤུགས་སྣོན་པ་བཅས་བྱས་ནས་སྐོར་ཞིབ་བྱ་བ་ཚད་ལྡན་ཅན་གྱི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་དགོས་པ་ནན་གྱིས་བསྟན།           

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ལའེ་མིན། ཁུལ་ཨུའི་སྐོར་ཞིབ་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མི་སོ་སོ་ཚོགས་འདུར་ཕེབས།

དབང་ཆེན་དོན་འགྲུབ་ཀྱིས་བསྒྱུར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号