ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་རྐང་ཚའི་རྩྭ་ཐང་གི་བུ་རྒོད་མཁའ་འགྲོ་ཐར་གྱི་སྔོན་ཐོན་བྱས་རྗེས་བརྗོད་པའི་ཡུལ་སྣང་ཏང་གི་སློབ་ཚན་སྐོར་སྐྱོད་འཁྲབ་སྟོན་བྱས་པ།


ཟླ12པའི་ཚེས7ཉིན་གྱི་དགོང་མོར། མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་དང་རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འགན་སྒྲུབ་བྱས་པའི་ཞིང་ཆེན་ཡོངས་ཀྱི་ཕུལ་བྱུང་གུང་ཁྲན་ཏང་ཡོན་རྐང་ཚའི་རྩྭ་ཐང་གི་བུ་རྒོད་མཁའ་འགྲོ་ཐར་གྱི་སྔོན་ཐོན་བྱས་རྗེས་བརྗོད་པའི་ཡུལ་སྣང་ཏང་གི་སློབ་ཚན་དེ་མཚོ་སྔོན་ཟློས་གར་ཁང་ཆེན་མོ་ནས་འཁྲབ་སྟོན་བྱས། ཞིང་ཆེན་དང་ཁུལ་གྱི་ཚན་ཁག་ཆེན་མོ་བཞི་དང་། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་སྐྱོད་ལྟ་སྐུལ་མཛུབ་ཁྲིད་ཚན་ཆུང་ལྔ་པ། ཞིང་ཆེན་ཐད་གཏོགས་དང་། ཁུལ་ཐད་གཏོགས་ལས་ཁུངས་དང་སྡེ་ཁག སྤུན་ཟླ་རྫོང་དང་དེ་བཞིན་ཁ་གཏད་རོགས་སྐྱོར་ས་ཁུལ་དང་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་བཅས་གདན་ཞུས་ལྟར་སྙན་ཞུ་འཁྲབ་སྟོན་མཛད་སྒོར་ཞུགས་པ་དང་འབྲེལ་འཁྲབ་སྟོན་ལ་གཟིགས། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་འཁྲབ་སྟོན་བྱེད་སྒོར་ཕེབས་ནས་ཤིས་ཚིག་ཕུལ།



ཡུལ་སྣང་ཏང་གི་སློབ་ཚན་ཐད“ཏང་ཡོན་གྱི་རང་བཞིན་མངོན་པ་དང་དམར་དམག་གི་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ། ས་གནས་ཀྱི་ཁྱད་ཆོས་མངོན་པ། བློ་གྲོས་ཀྱི་ནུས་པ་མངོན་པ། ལོ་རྒྱུས་ཀྱི་ཐོག་ནས་མ་འོངས་པར་ལྟ་བ”སོགས་གསར་རྩོམ་གྱི་འདུ་ཤེས་སུ་བྱས་ནས“མཛེས་སྡུག་གི་རྩྭ་ཐང་དང་ཡུལ་དུས་ཀྱི་ཁྱོད། དཔལ་ངར་ཞུམ་མེད། གྱེས་བྲལ། བརྩེ་བའི་སྐྱེལ་མ”སོགས་འཁྲབ་ཚན་དགུའི་རྒྱུན་མཐུད་འཁྲབ་ཚན་བརྒྱུད་དེ་ཆེད་དོན་བརྙན་ཐུང་དང་གཙོ་སྐྱོང་གླེང་མོལ། སྐུ་མགྲོན་གྱིས་གནས་ཚུལ་བརྗོད་པ། ཡུལ་སྣང་འཁྲབ་སྟོན། ཐོག་མའི་གླུ་གར་འཁྲབ་སྟོན་སོགས་ཀྱི་མཚོན་ཚུལ་ཐོག་ནས་མི་སྣའི་གཏམ་རྒྱུད་ཀྱི་ཆུང་ས་ནས་མགོ་བརྩམས་ཏེ། ལ་རྒྱ་དང་རང་གཤིས་མངའ་བའི་རྩྭ་ཐང་གི་བུ་རྒོད་ཅིག་གི་བླ་ན་མེད་པའི་སྙིང་སྟོབས་གཏོད་པ་དང་རླབས་ཆེན་གྱི་དུས་རབས་ཀྱིས་རླབས་ཆེན་སྙིང་སྟོབས་དར་སྤེལ་དང་བླ་ན་མེད་པའི་བྱ་གཞག་ལ་དཔེ་ལེགས་སྣེ་ཁྲིད་ཀྱི“ལས་འགན་ཆེན་པོ”དགོས་པ་བསྟན་ཡོད། དེ་དང་ཆབས་ཅིག་འཁྲབ་སྟོན་མཁན་མང་ཆེ་བ་རྐང་ཚ་རྫོང་གི་ལས་ཁུངས་དང་སྡེ་ཁག་ནས་སྐོང་འཐེན་བྱས་པའི་ལས་བྱེད་ལས་བཟོ་བ་ཡིན་པས་བརྩེ་སེམས་མཚོན་པར་བྱས་ནས་འཁྲབ་སྟོན་བྱས་པར“ཉེ་འགྲམ་གྱི་མི་རྣམས་ཀྱིས་ཉེ་འགྲམ་གྱི་གཏམ་རྒྱུད་བརྗོད་པའི”བག་ཆགས་ཟབ་མོ་བཞག་པའི་གཏམ་བཤད་ཀྱི་ཕན་འབྲས་ཐོན་པ་དང་། ཟུར་ཚད་མི་འདྲ་བའི་ཐོག་ནས་མཁའ་འགྲོ་ཐར་གྱིས་མི་ཚེ་གང་བོར་གུང་ཁྲན་ཏང་ཡོན་གྱི་རང་གཤིས་བརྟན་སྲུང་དང་སྤྱོད་གཙང་རང་གཅུན་དང་། ཧུར་བརྩོན་གྲོན་ཆུང་རྒྱུན་འཁྱོངས། ཕུགས་བསམ་དད་སེམས་བརྟན་པོ་བཅས་རྒྱུན་འཁྱོངས་བྱས་ཏེ་བརྩེ་སེམས་ཕ་ཡུལ་ལ་བཅངས་ནས་རང་ཉིད་བློས་གཏོང་ཕོད་པ་བཅས་ཀྱི་བླ་ན་མེད་པའི་སྙིང་སྟོབས་དང་སྔོན་ཐོན་བྱས་རྗེས་གསལ་བཤད་བྱས་ཡོད།




མཚོ་སྔོན་དུ་བཅའ་སྡོད་བྱས་པའི་ཀྲུང་དབྱང་གི་གསར་འགྱུར་སྨྱན་སྦྱོར་གཙོ་བོ་དང་དེ་བཞིན་ཞིང་ཆེན་དང་ཁུལ(གྲོང་ཁྱེར)རིམ་པའི་གཙོ་རྒྱུག་སྨྱན་སྦྱོར་གྱིས་གདན་ཞུས་ལྟར་འཁྲབ་སྟོན་ལ་བལྟས་པ་དང་འབྲེལ་དྲིལ་སྒྲོག་འཕྲིན་སྤེལ་བྱ་བ་སྤེལ་ཞིང་། ཞིང་ཆེན་ནང་ཁུལ་གྱི་ལས་རིགས་ལག་རྩལ་སློབ་གླིང་ཆེ་གྲས་སོ་སོའི་སློབ་མ500ལྷག་ཙམ་གྱིས་གདན་ཞུས་ལྟར་འཁྲབ་སྟོན་ལ་བལྟས། ཡུལ་དངོས་སུ་ཁྱོན་འཁྲབ་སྟོན་པ་དང་ལྟད་མོ་བ1100ལྷག་ཙམ་ཟིན་པ་རེད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号