མཚོ་བྱང་ཁུལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པར་སྤྲིངས་པའི་འཚམས་འདྲིའི་འཕྲིན་ཡིག


མཚོ་བྱང་ཁུལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པ་རྣམས་ལ།

ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་སྐབས་འདིར། ང་ཚོས་ཀྲུང་གོའི་གསར་འགོད་པའི་དུས་ཆེན་སྐབས་ཉེར་བཞི་པ་བསུས་ལ། འདིར་ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་གསར་འགྱུར་དྲིལ་སྒྲོག་ལས་སྒྲུབ་པ་རྣམས་ལ་དུས་ཆེན་གྱི་བཀྲ་ཤིས་རྟེན་འབྲེལ་དང་བྱམས་བརྩེའི་འཚམས་འདྲི་ཞུས་པ་ཡིན་ལ། སྔ་ཕྱི་བར་གསུམ་དུ་རང་ཁུལ་གྱི་གསར་འགྱུར་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་མཁན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།    

དུས་ཚོད་ནི་ཆེས་རླབས་ཆེ་བའི་ཟིན་བྲིས་མཁན་ཡིན་ལ་དེའི་ནང་དུ་འབད་འཐབ་བྱས་པའི་རྗེས་ཤུལ་ཟིན་ཐོར་བཀོད་ཡོད། ལོ་གཅིག་གི་རིང་ཁུལ་ཡོངས་ཀྱི་རིམ་པ་སོ་སོའི་གསར་འགྱུར་སྡེ་ཁག་དང་རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་གཙོ་རྐང་ལ་དམ་པོར་དམིགས་ནས་རང་རྟོགས་ངང“དར་ཆ་སྒྲེང་བ་དང་དམངས་སེམས་གཅིག་སྡུད། མི་གསར་སྐྱེད་སྲིང་། རིག་གནས་དར་སྤེལ། སྣང་བརྙན་བསྐྲུན་པ”བཅས་ཀྱི་ལས་འགན་ཕྲག་ཏུ་འཁུར་ནས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་གླེང་ཕྱོགས་ཀྱི་སྟོན་ཕྱོགས། གསར་འགྱུར་གྱི་བསམ་ཕྱོགས། བྱ་བའི་ཁ་ཕྱོགས་བཅས་རྒྱུན་འཁྱོངས་ཀྱིས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ཕྱོགས་སོ་སོའི་གསོན་ཉམས་དོད་པའི་ལག་ལེན་དུས་ཐོག་ངང་དྲིལ་སྒྲོག་བྱས་ཤིང་། རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བ་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་གཏོད་པ། ཐོན་ལས་ཀྱི“གནས་བཞིབསྐྲུན་པ། 2023ལོའི་མཚོ་སྔོན་པོའི་སྙན་ངག་དུས་ཆེན། སྨོན་ལམ་མཐོན་པོའི་གསར་བརྗེའི་ཉམས་ཞིབ། གྲོང་གསེབ་དར་སྤེལ་སོགས་བརྗོད་བྱ་གལ་ཆེན་རབ་དང་རིམ་པའི་དྲིལ་སྒྲོག་ལས་འགན་ལེགས་གྲུབ་བྱས་པ་དང་། སྤུས་ཚད་ལྡན་པའི་གསར་འགྱུར་བརྩམས་ཆོས་མང་པོ་བྲིས་ཡོད་ལ། བརྩམས་ཆོས་མང་པོ་ཞིག་ལ་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་མཚོ་སྔོན་གསར་འགྱུར་བྱ་དགའ་ཐོབ་པར་མ་ཟད། བརྗོད་དོན་གཙོ་བོ་དར་སྤེལ་དང་དྲང་ནུས་བརྒྱུད་སྒྲོག་བྱས་ཏེ། མཚོ་བྱང་གིས་དྲིན་ཚོར་ཡར་བརྩོན་བྱ་རྒྱུའི་མངགས་བཅོལ་བྱས་པའི་དུས་རབས་ཀྱི་འབོད་སྐུལ་བྲིས་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གླེང་ཕྱོགས་ཀྱི་རྣམ་པ་བཟང་པོ་ཞིག་བཏོད་ཡོད།

ལེ་དབར་ཁྲི་ཡི་རྒྱང་སྐྱོད་ལམ་བུ་བརྒྱུད།  སྨྱུ་གུས་རྩལ་གྱིས་འཕེལ་རྒྱས་ལེའུ་བརྩམས།  མིག་སྔར་ཁུལ་ཡོངས་ཀྱི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཀོད་སྒྲིག་བྱས་པའི་བརྗིད་ཆེའི་འཆར་གཞི་ལྟར་ནུས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས་བཏོད་ཅིང་། སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་བཅས་ཕྱོགས་གསུམ་གྱི་ཐད་ནས་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་ཡོད་ལ། “ཞིང་ཆེན་ཡོངས་ཀྱི་རྩེར་སོན་ཡིན་པ་དང་རྒྱལ་ཡོངས་ནས་སྙན་པ་ཆེ་བའི”རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་ཕུགས་བསམ་དད་སེམས་ཀྱི་སློབ་གསོ། གསར་བརྗེའི་ཉམས་ཞིབ་རྟེན་གཞི་བཅས་མགྱོགས་མྱུར་བསྐྲུན་ནས་བཅོས་སྒྱུར་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་མང་ཚོགས་དེ་བས་མང་བར་ཕན་ཐོགས་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད། གསོན་ཉམས་ལྡན་པའི་ལག་ལེན་འདི་དག་གིས་གསར་འགྱུར་གྱི་དཔྱད་གཞི་དེ་བས་མང་བ་ཐོན་ངེས་ཡིན་ལ། གསར་རྩོམ་གྱི་སྟེགས་བུ་ཡང་དེ་བས་རྒྱ་ཆེ་བ་ཞིག་གཏོད་ངེས། རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པ་ཚོས་ཞི་ཅིན་ཕིང་གི་རིག་གནས་བསམ་བློར་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། རྒྱལ་ཡོངས་ཀྱི་བསམ་བློ་རིག་གནས་དྲིལ་སྒྲོག་ལས་དོན་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པ། དྲ་རྒྱའི་འདུ་ཤེས་འཛིན་སྟངས་ཀྱི་རང་འགུལ་དབང་ཆ་སྟངས་འཛིན་ནན་མོ་བྱེད་པ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ་དེ་བས་སྤོབས་པ་ཆེར་བསྐྱེད་ཀྱི་རྣམ་པའི་ཐོག་ནས་ཏང་གི་འབོད་སྒྲ་རྒྱ་ཁྱབ་ངང་བརྒྱུད་སྒྲོག་བྱེད་པ་དང་། མང་ཚོགས་ཀྱི་བསམ་འདུན་མཚོན་པར་བྱས་ནས་གླེང་ཕྱོགས་ཀྱི་ཁྲིད་སྟོན་དང་བསམ་བློའི་སྣེ་ཁྲིད། རིག་གནས་རྒྱུན་འཛིན། མི་དམངས་ལ་ཞབས་འདེགས་ཞུ་བ་བཅས་ཀྱི་ཁྱབ་སྤེལ་གཏོང་ས་བརྟན་པོ་འཛིན་དགོས་ལ། ནུས་པ་དང་ཡོན་ཏན་སྦྱོང་བ་དང“ནུས་བཞིའི”འཇོན་ཐང་ཟམ་མི་ཆད་པར་ཆེ་རུ་བཏང་ནས་བསམ་བློ་ལྡན་པ་དང་བརྩེ་སེམས་ཀྱིས་ཕྱུག་པ། རྒྱུ་སྤུས་བཟང་བ། གཞི་རིམ་གྱི་སྣང་བརྙན་ཡོད་པ། ཀུན་གྱིས་དོ་སྣང་བྱེད་པའི་གསར་འགྱུར་བརྩམས་ཆོས་རྒྱུན་མཐུད་ངང་གསར་རྩོམ་བྱེད་དགོས། གཞི་རིམ་རམ་འཐབ་ས་དང་པོར་བསྐྱོད་དེ་སེམས་གཏིང་ནས་མཚོ་བྱང་གི་གཏམ་རྒྱུད་ལེགས་པོ་བཤད་པ་དང་། མཚོ་བྱང་གི་སྐད་སྒྲ་བརྒྱུད་སྒྲོག་བྱེད་པ། མཚོ་བྱང་གི་སྣང་བརྙན་མངོན་པ་བཅས་བྱས་ཏེ་བརྗོད་དོན་གཙོ་བོའི་གཏམ་སྙན་དེ་བས་གསལ་བ་དང་དྲང་ནུས་དེ་བས་ཆེ་རུ་ཕྱིན་ནས་འབྱོར་ཕྱུག་དང་དཔལ་ཡོན། འཆམ་མཐུན།  མཛེས་སྡུག བདེ་སྐྱིད་བཅས་ཀྱི་མཚོ་བྱང་གསར་པ་གཏོད་ཆེད་ལེགས་སྐྱེས་གསར་པ་དབུལ་རྒྱུའི་རེ་བ་ཡོད། 

མཐར་ཁུལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པའི་དུས་ཆེན་སྤྲོ་བས་ཁེངས་ཤིང་བྱ་བ་ལམ་འགྲོ་དང་སྐུ་གཟུགས་བདེ་ཐང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་། མཚོ་བྱང་གི་གསར་འགྱུར་བྱ་བ་ཡར་ངོའི་ཟླ་ལྟར་འཕེལ་ནས་འཕེལ་རིམ་གསར་པ་ཞིག་ཏུ་སླེབས་པར་སྨོན་འདུན་ཞུ།     

ཀྲུང་གུང་མཚོ་བྱང་ཁུལ་ཨུ། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་།

2023ལོའི་ཟླ11པའི་ཚེས7ཉིན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号