ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ཁུལ་ཐད་གཏོགས་དང་དེ་བཞིན་ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་གསར་འགྱུར་སྨྱན་སྦྱོར་ལས་སྒྲུབ་པར་འཚམས་འདྲི་གནང་པ།



ཟླ11པའི་ཚེས8ཉིན། ཀྲུང་གོའི་གསར་འགོད་པའི་དུས་ཆེན་ཐེངས24ཉིན་གྱི་ཉིན་མོར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་བྱས་ཏེ་མདོ་ལ་ཚགས་པར་ཁང་དང་། མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་འཐབ་ས་དང་པོའི་གསར་འགྱུར་ལས་སྒྲུབ་པ་དང་། ཁུལ་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་གྱི་སྨྱན་སྦྱོར་གསར་འགོད་པར་འཚམས་འདྲི་གནང་ནས་ཚང་མར་དུས་ཆེན་གྱི་སྨོན་འདུན་ཞུས་པར་མ་ཟད། ཚང་མས་དཀའ་སྤྱད་འབད་བརྩོན་བྱས་པར་ཐུགས་རྗེ་ཆེ་ཞུས་ལ། ཁོང་ཚོས་ཁུལ་ཡོངས་ཀྱི་རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པར་དུས་ཆེན་གྱི་འཚམས་འདྲི་དང་སེམས་གཏིང་ནས་སྨོན་འདུན་ཞུས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའི་པུའུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་གཡུ་སྒྲོན་མཚོ་དང་། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ་ཝང་ཡུང་ཁྲང་གིས་ཕེབས་རོགས་བྱས།


ཤ་བོ་སྐྱབས་འཁོར་དང་བཅས་པ་ཐོག་མར་མདོ་ལ་ཚགས་པར་ཁང་དུ་ཕེབས་ནས་སྨྱན་སྦྱོར་ལས་སྟེགས་སོ་སོའི་འཕེལ་རྒྱས་ཀྱི་གནས་ཚུལ་སྙན་ཞུར་གསན་པ་དང་། སྨྱན་སྦྱོར་ལས་སྟེགས་སོ་སོ་བཀོལ་སྤྱོད་འགྲེམས་སྟོན་ལ་གཟིགས་ཤིང་། རྩོམ་སྒྲིག་པ་དང་གསར་འགོད་པ་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་བྱས། “མཚོ་བྱང་མདོ་ལ་ཚགས་པར”དང“མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར”སྐད་འཕྲིན་སྤྱི་སྟེགས་ལ་དོ་ཁུར་བྱས་པའི་མི་གྲངས་དང་ཤུགས་རྐྱེན་ཐེབས་ནུས་ཞིང་ཆེན་ཡོངས་ཀྱི་ཁུལ་དང་གྲོང་ཁྱེར་རིམ་པའི་སྐད་འཕྲིན་སྤྱི་སྟེགས་ལས་མདུན་གྲལ་དུ་སླེབས་ཡོད་པས་ཤ་བོ་སྐྱབས་ཀྱིས་ཁས་ལེན་གང་ལེགས་གནང་། ཁོང་གིས་དུས་ཡུན་རིང་པོའི་ནང་མདོ་ལ་ཚགས་པར་ཁང་གིས་ཡང་དག་པའི་གླེང་ཕྱོགས་ཀྱི་ཁྲིད་སྟོན་རྒྱུན་འཁྱོངས་དང་གཙོ་རྒྱུག་སྨྱན་སྦྱོར་གྱི་ནུས་པ་འདོན་སྤེལ་བྱས་ནས་བསམ་བློ་ལྡན་པ་དང་དྲོད་ཚད་ཡོད་པ། སྤུས་ཚད་ལྡན་པ་བཅས་ཀྱི་བརྩམས་ཆོས་ཁག་ཅིག་གསར་རྩོམ་བྱས་ཏེ་མཚོ་བྱང་དྲིལ་སྒྲོག་གླེང་ཕྱོགས་ལ་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ལ། མ་འོངས་པར་ཁྱབ་སྤེལ་བྱེད་ཐབས་འཛུགས་སྐྱོང་དང་གསར་གཏོད་བྱེད་པར་མུ་མཐུད་ཤུགས་སྣོན་པ་དང་། སྲོལ་རྒྱུན་སྨྱན་སྦྱོར་དང་མཉམ་འདྲེས་བྱེད་ཤུགས་ཆེ་རུ་གཏོང་བ།  ལྟེ་བའི་བྱ་བར་དམིགས་ནས་སྲིད་ཇུས་རང་བཞིན་གྱི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་གཏོང་དགོས་པར་མ་ཟད། དུས་མཚུངས་སུ་མང་ཚོགས་ཀྱི་འཚོ་བའི་ཁྲོད་དུ་ཞབས་ཞུ་རང་བཞིན་གྱི་དྲིལ་སྒྲོག་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྔར་ལས་མང་ཞིང་སྔར་ལས་ལེགས་པའི་ཆ་འཕྲིན་གྱི་ཞབས་ཞུ་མཁོ་འདོན་བྱ་དགོས་པར་བསྟན།       


དེའི་རྗེས་སུ།    ཤ་བོ་སྐྱབས་འཁོར་དང་བཅས་པ་མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་ཁང་དུ་ཕེབས་ནས་བརྙན་འཕྲིན་ཁང་གི་འཕེལ་རྒྱས་ལོ་རྒྱུས་འགྲེམས་ཁང་ལ་གཟིགས་སྐོར་གནང་རྗེས།   འགྲེམས་ཁང་གིས་ཕྱོགས་མང་པོ་དང་ཟུར་ཚད་མང་པོའི་ངོས་ནས་མཚོ་བྱང་ཁུལ་རྒྱང་སྒྲོག་བརྙན་འཕྲིན་གྱི་འཕེལ་རྒྱས་ལོ་རྒྱུས་མཚོན་པ་དེ་ནི་རྒྱ་ཆེའི་རྒྱང་སྒྲོག་བརྙན་འཕྲིན་གསར་འགྱུར་ལས་སྒྲུབ་པའི་གོང་བུ་སྒྲིལ་ཤུགས་སྔར་བས་ཆེ་རུ་གཏོང་རྒྱུ་དང་ལས་སྒྲུབ་ལས་གཏོད་ཀྱི་ཡིད་ཆེས་འཕེལ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད་པར་བསྟན། འཁྲབ་སྟོན་ཁང་དང་། བཅར་འདྲི་རྩོམ་སྒྲིག་ཁང་། ཁྱབ་གཏོང་ཚོད་འཛིན་ལྟེ་གནས་བཅས་སུ་ཤ་བོ་སྐྱབས་ཀྱིས་ཚང་མ་དང་ལྷན་དུ་བརྗེ་རེས་བྱས་ནས་སྨྱན་སྦྱོར་མཉམ་འདྲེས་ཀྱི་འཛུགས་སྐྲུན་དང་བརྗོད་དོན་གཙོ་བོའི་གནས་ཚུལ་གལ་ཆེན་སྤེལ་གཏོང་། བརྙན་འཕྲིན་ལེ་ཚན་བརྒྱུད་སྒྲོག་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོང་གིས་རྒྱང་སྒྲོག་བརྙན་འཕྲིན་ནི་ཏང་དང་སྲིད་གཞུང་གི་མགྲིན་ཚབ་དང་ཏང་གི་གསར་འགྱུར་གླེང་ཕྱོགས་བྱ་བའི་གྲུབ་ཆ་གལ་ཆེན་ཞིག་ཡིན་ལ་བསམ་བློ་དྲིལ་སྒྲོག་བྱ་བའི་གཡུལ་ས་གལ་ཆེན་ཞིག་ཀྱང་ཡིན་པས་གསར་འགྱུར་ལས་སྒྲུབ་པས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་། གླེང་ཕྱོགས་ཀྱི་ཁྲིད་སྟོན། གསར་འགྱུར་གྱི་ཕུགས་འདུན། བྱ་བའི་ཁ་ཕྱོགས་བཅས་རྒྱུན་འཁྱོངས་ཀྱིས་ལས་འགན་སྟངས་འཛིན་ནན་མོ་བྱས་ནས་ཏང་དང་མི་དམངས་ཀྱིས་བློས་འགེལ་ཆོག་པའི་གསར་འགྱུར་ལས་སྒྲུབ་པ་ཞིག་བྱེད་དགོས་པ་ནན་གྱིས་བསྟན།


འཚམས་འདྲི་གནང་སྐབས་ཤ་བོ་སྐྱབས་ཀྱིས་དུས་ཡུན་རིང་པོའི་ནང་། གསར་འགྱུར་ཚན་ཁག་དང་རྒྱ་ཆེའི་གསར་འགྱུར་ལས་སྒྲུབ་པས་ལྟེ་བར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བ་བཅས་རྒྱུན་འཁྱོངས་ཀྱིས་ཏང་གི་བསམ་ཕྱོགས་དྲིལ་སྒྲོག་ཧུར་ཐག་དང་མང་ཚོགས་ཀྱི་འབོད་སྒྲ་ཚུར་སྣང་གཏིང་ཟབ་གནང་ནས་མཚོ་བྱང་གི་བཅོས་སྒྱུར་འཕེལ་རྒྱས་བརྟན་ལྷིང་ཡོང་ཆེད་གླེང་ཕྱོགས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུས་པ་དང་གླེང་ཕྱོགས་ཀྱི་ཁོར་ཡུག་བཟང་པོ་བཏོད་ཡོད། མཚོ་བྱང་གསར་འགྱུར་འཐབ་ཕྱོགས་དེ་ཁུལ་ཡོངས་ཀྱི་དྲིལ་སྒྲོག་དཔུང་ཁག་གི་རྐང་འཛིན་སྟོབས་ཤུགས་ཤིག་ཡིན་པའི་ངོས་ནས་ཁུལ་ཡོངས་ཀྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས། སྤྱི་ཚོགས། སྐྱེ་ཁམས་སོགས་བྱ་གཞག་སོ་སོར་དམིགས་ནས་གྲུབ་འབྲས་གཟེངས་སུ་ཐོན་པའི་བྱ་བ་འབོར་ཆེན་བསྒྲུབས་པར་བརྟེན་ཁུལ་ཡོངས་ཀྱི་གསར་འགྱུར་དྲིལ་སྒྲོག་གི་སྤུས་ཚད་མུ་མཐུད་མཐོ་རུ་ཕྱིན་པ་དང་མཚོ་བྱང་གི་སྐད་སྒྲ་རྒྱུན་མཐུད་ངང་མཐོ་རུ་ཕྱིན་ཡོད། ལག་ལེན་གྱི་ཐོག་ནས་ཁུལ་ཡོངས་ཀྱི་གསར་འགྱུར་ལས་སྒྲུབ་པའི་དཔུང་ཁག་ནི་ཆབ་སྲིད་ཐད་ཉམས་སད་ཐེག་པ། ལས་སྒོ་བྱང་ཆུབ་པ། སྤྱོད་ཚུལ་ཏན་ཏིག་ཡིན་པ། རྒྱལ་ཁ་ལེན་ཐུབ་པ་བཅས་ཀྱི་དཔུང་ཁག་ཅིག་ཡིན་པ་ར་སྤྲོད་བྱུང་ཡོད་པར་བསྟན།




ཤ་བོ་སྐྱབས་ཀྱིས་མཚོ་བྱང་འདི་ཉིད“243”གྱི་འཕེལ་རྒྱས་ཀྱི་བཀོད་སྒྲིག་མགྱོགས་སུ་བཏང་ནས་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འགག་རྩའི་དུས་མཚམས་སུ་གནས་ཡོད་ལ། ཁུལ་ཡོངས་ཀྱི་གསར་འགྱུར་ལས་སྒྲུབ་པས་འགན་འཁྲི་ཡིད་ལ་བརྟན་པོར་བཅངས་ནས་རང་འགན་གཙང་སྒྲུབ་བྱེད་པ་དང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བྱ་བར་དམིགས་པ། “བཙན་ས་གཉིས”གཏོད་པ་དང་ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཁུལ་གཏོད་པ། གསར་བརྗེའི་ཉམས་ཞིབ་ཐོན་ལས་སྐྱེད་སྲིང་བྱེད་པ། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ། གྲོང་གསེབ་དར་སྤེལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་ཞིང་ཕྱུགས་ལས་རིམ་སྤོར་སོགས་གཙོ་གནད་བྱ་བའི་བཀོད་སྒྲིག་ལ་དམ་པོར་གཞིགས་ནས། མཚོ་བྱང་གི་རིན་ཐང་དང་ལེགས་ཆར་ངོས་འཛིན་གང་ལེགས་བྱེད་པར་སྨྱན་སྦྱོར་སྡེ་ཁག་ཡོངས་ཀྱི་བརྒྱུད་སྒྲོག་ལེགས་ཆ་འདོན་སྤེལ་བྱས་ཏེ། མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་བྱ་ཐབས་ཀྱིས་མཚོ་བྱང་གི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་གཏམ་རྒྱུད་དང་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད། གསར་བརྗེའི་རིག་གནས་གཏམ་རྒྱུད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གཏམ་རྒྱུད་བཅས་ནུས་ཤུགས་ཡོད་རྒུས་བཤད་པ་དང་། ཕྱི་ཕྱོགས་དྲིལ་སྒྲོག་བྱེད་པའི་ཕན་འབྲས་ཆེ་རུ་གཏོང་བ། མཚོ་བྱང་གི་སྐད་སྒྲ་བརྒྱུད་སྒྲོག་ཡག་པོ་བྱེད་པ། མཚོ་བྱང་གི་སྣང་བརྙན་ཡག་པོ་གཏོད་པ་བཅས་བྱས་ནས་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་དུས་མཚུངས་སུ་ཁུལ་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་མགྱོགས་པོ་བཏང་ནས་འདུ་ཤེས་དང་ནང་དོན། རྣམ་པ། བྱེད་ཐབས་སོགས་གསར་གཏོད་ལ་ཤུགས་སྣོན་པ་དང་ནང་དོན་གཙོ་བོར་བྱེད་པ། སྔོན་ཐོན་ལག་རྩལ་འདེགས་སྐྱོར་དུ་བྱེད་པ། གསར་གཏོད་དོ་དམ་འགན་ལེན་དུ་བྱེད་པ་བཅས་ཀྱི་སྨྱན་སྦྱོར་ཡོངས་ཀྱི་བརྒྱུད་སྒྲོག་མ་ལག་ནུས་ཤུགས་ཡོད་རྒུས་འཛུགས་པ་དང་། བྱང་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་ཅིག་སྐྱེད་སྲིང་བྱེད་པ། བརྒྱུད་སྒྲོག་ནུས་པ་དང་། ཁྲིད་སྟོན་ནུས་པ། ཤུགས་རྐྱེན་ནུས་པ། ཀུན་གྱིས་ཡིད་ཆེས་བྱེད་ཚད་བཅས་ཆེན་པོ་ལྡན་པའི་ཁུལ་རིམ་པའི་གཙོ་རྒྱུག་སྨྱན་སྦྱོར་གསར་གཏོད་བྱས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་མཚོ་བྱང་གི་ལེའུ་ཞིག་གཏོད་ཆེད་སྲ་ཞིང་བརྟན་པའི་གླེང་ཕྱོགས་ཀྱི་འགན་ལེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་གཏོད་དགོས་པ་ནན་གྱིས་བསྟན།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号