མདའ་བཞི་རྫོང་གིས་དག་ཐེར་ཡོ་བསྲང་ལེགས་འཛིན་དང་སྤུས་འབྲས་ཇེ་མཐོར་བཏང་སྟེ། ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”བརྟན་པོར་བཏང་བ།


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདའ་བཞི་རྫོང་གིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་གཞི་རིམ་ཏང་འཛུགས་སྐྲུན་བྱ་བར་ཤུགས་སྣོན་པའི་སྐོར་གྱི་བཀོད་སྒྲིག་དང་བླང་བྱ་གཟབ་ནན་གྱིས་དོན་འཁྱོལ་དངོས་འབེབས་བྱས་པ་དང་། གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”ལ་དམིགས་ཏེ། གཞི་རིམ་གྱི་ཏང་གི་འཛུགས་སྐྲུན་ཁྱོན་ཡོངས་ནས་གོང་འཕེལ་དང་ནུས་ལྡན་དུ་གཏོང་བར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་།

མཐོ་ས་ནས་སྐུལ་སྤེལ་དང་། ཡན་ལག་བཅོས་སྐྱོང་ལ་རྐང་ཚུགས་ཏེ“འཕྲལ་མར་བཅོས་པ”།  དུས་ཐོག་ཏུ་རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་གི“ལས་དོན”ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་བསྡུ་རུབ་བྱས་ཏེ། མདའ་བཞི་རྫོང་གི་གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བྱ་བའི་སྐུལ་འདེད་གྲོས་ཚོགས་བསྡུས་པ་དང་། གནད་དོན་ལ་རྐང་ཚུགས་ཏེ་རྩ་ལག་མཉམ་བཅོས་ཀྱི་བླང་བྱ་གསར་པ་བཏོན་པར་མ་ཟད། རྫོང་ཡོངས་ཀྱི་རྩ་འཛུགས་བྱ་བའི་གྲོས་ཚོགས་ཐོག་སྔར་ལས་བཀོད་སྒྲིག་གང་ལེགས་བྱས་པ་དང་། གཙོ་གཞི་འགན་འཁྲི་དང་ལས་བགོས་སྔར་ལས་ཇེ་དམ་དང་ཇེ་ཞིབ་ཏུ་བཏང་བས། གཞི་རིམ་གྱི་ཏང་འཛུགས་སྐྲུན་བྱ་བ་ཁྱོན་ཡོངས་ནས་རྩ་བ་ཚུགས་ཤིང་ལོ་འབྲས་སྨིན་པ་མངོན་འགྱུར་བྱུང་།


དངོས་གཉེར་འབྲས་བརྩོན་དང་དག་ཐེར་ཡོ་བསྲང་ལ་དམིགས་ཏེ“ཡུན་རིང་བོར་བཙུགས་པ”། གཞི་རིམ་ཏང་འཛུགས་སྐྲུན་གྱི་སྤུས་འདེགས་ཕན་འཕར་ལོའི་བྱ་འགུལ་ལ་ཟུང་འབྲེལ་དང་། ཞང་གྲོང་སོ་སོའི་གཅིག་འདོམས་བཀོད་སྒྲིག་དང་གཞི་རིམ་ཏང་འཛུགས་སྐྲུན་གྱི“གཅིག་ཅན་དྲུག”གི་བྱ་བའི་བླང་བྱར་མཐུན་སྦྱོར་སྐུལ་འདེད་དང་དོན་འཁྱོལ་དངོས་འབེས་བྱས་པའི་གནས་ཚུལ་ལ་ཆེད་དམིགས་སྐུལ་ཁྲིད་བྱས་པ་དང་། ཤེས་རྟོགས་བྱུང་བའི་གནད་དོན13ལ་ཁ་གཏད་དེ་ཡུལ་དངོས་ནས་སྐུལ་ཁྲིད་བྱས་པར་མ་ཟད། གནད་དོན་ཞིབ་ཐོ་བཙུགས་པ་དང་། དག་ཐེར་ཡོ་བསྲང་གི་དུས་ཚོད་གཏན་འཁེལ་བྱས་པ། ཞང་གྲོང་གི་ཏང་ཨུའི་ཧྲུའུ་ཅི་ཡིས་དུས་ཐོག་ཏུ་དག་ཐེར་ཡོ་བསྲང་གི་བཀོད་གཏོང་གྲོས་ཚོགས་འཚོགས་པར་མཛུབ་སྟོན་བྱས་ཏེ། བྱ་བའི་ནང་དོན་ཞིབ་ཕྲ་དང་བྱ་བའི་འགན་འཁྲི་ནན་མོར་བཏང་།


སྤུས་འདེགས་ཕན་འཕར་དང་བདེན་འཛིན་དངོས་སྒྲུབ་བྱས་ཏེ“ཡུན་རིང་བོར་བརྩོན་ལེན་བྱས་པ”། དག་ཐེར་ཡོ་བསྲང་གི་དངོས་འབེབས་གནས་ཚུལ་ལ་དམིགས་ཏེ། དུས་ཐོག་ཏུ“ཕྱིར་ལྟ”བྱས་པ་དང་། ཞིབ་བཤེར་དང་ཞིབ་འཇུག་གཏིང་མི་ཟབ་པ་དང་མ་དཔེ་གསར་སྐྲུན་གསར་པ་མིན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། ཡང་བསྐྱར་གྲལ་བཤེར་དང་ལྟ་ཞིབ། དག་ཐེར་ཡོ་བསྲང་བཅས་བྱས་པར་མ་ཟད། ཆེད་དམིགས་ཡིག་ཚགས་རྒྱུ་ཆ20ལྷག་མཛུབ་སྟོན་བྱས་ཏེ་སྒྲིག་བཟོ་གཏན་འབེབས་བྱས་པ་དང་། ཞང་གྲོང་གི་ཏང་ཨུའི་ཧྲུའུ་ཅི་ཡིས་དག་ཐེར་ཡོ་བསྲང་དང་དངོས་འབེབས་བྱས་པའི་གནས་ཚུལ་ལ་ཆེད་དམིགས་གླེང་མོལ་བྱས་ཏེ། སྔར་ལས་དམིགས་འབེན་ཇེ་གསལ་དང་བྱེད་ཐབས་ཇེ་དྲག རྨང་གཞི་ཇེ་བརྟན་དུ་བཏང་ཐོག རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱི་ཏང་འཛུགས་སྐྲུན་བྱ་བ་སྤུས་འདེགས་ཕན་འཕར་འབྱུང་བར་སྐུལ་འདེད་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号