དག་སྣང་མཚོ་བྱང་གི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་འོས་སྦྱོར་བྱེད་སྒོ་ཆིང་ཏའོ་རུ་སྤེལ།


ཟླ11པའི་ཚེས3ཉིན། ཀྲུང་གུང་མཚོ་བྱང་ཁུལ་ཨུ་དང་མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་། ཆིང་ཏའོ་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས། མཚོ་བྱང་ཁུལ་གྱི་རྫོང་བཞིའི་རྫོང་ཨུ་དང་རྫོང་སྲིད་གཞུང་། མཚོ་བྱང་ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་བཅས་ཀྱིས་འགན་སྒྲུབ་གནང་པའི་དག་སྣང་མཚོ་བྱང་གི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་འོས་སྦྱོར་བྱེད་སྒོ་ཆིང་ཏའོ་རྒྱལ་སྤྱིའི་གྲོས་ཚོགས་ལྟེ་གནས་སུ་སྤེལ། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་། ཆིང་ཏའོ་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པ་ཐའོ་ཞིན་ཁྲིན་ཚོགས་འདུར་ཕེབས་ནས་ཤིས་ཚིག་ཕུལ། ཧྲན་ཏུང་ཞིང་ཆེན་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་གཞོན་པའམ་ཁག་ལྔ་པའི་མཚོ་སྐྱོར་ལས་བྱེད་པའི་རུ་སྣེ་ཁྲིད་མཁན། མཚོ་བྱང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་གཞོན་པ་རུང་ཧུང་ཀྲི(མཚོ་སྐྱོར)ཡིས་གཙོ་སྐྱོང་གནང་། འཇུ་ལག་དང་མདོ་ལ། རྐང་ཚ། མདའ་བཞི་བཅས་སྲིད་གཞུང་གི་ལས་བགོས་འགན་འཁུར་རྫོང་དཔོན་གཞོན་པས་འོས་སྦྱོར་དྲིལ་སྒྲོག་བྱས།

ཤ་བོ་སྐྱབས་ཀྱིས་ཤིས་ཚིག་ཕུལ་སྐབས“ལྗང་མདོག་ཁྱིམ་གཞིས”དང “སྙིང་སྟོབས་ཀྱི་བཙན་ས”“མ་འཇོག་བྱ་ཡུལ”བཅས་ཕྱོགས་གསུམ་གྱི་ཐད་ནས་མཚོ་བྱང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་ངོ་སྤྲོད་བྱས་ཤིང་། མདོ་ལ་རི་བོ་དང་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གཉིས། རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་མ་འཁྱག་ཀླུང་བཅས་གཞི་གཅིག་ཏུ་འདུས་པའི་ཁྱད་ལྡན་ཐོན་ཁུངས་སྣ་ཚོགས་འོས་སྦྱོར་བྱས་པ་དང་། མཚོ་བྱང་ཁོ་ནར་ཡོད་པའི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་གཙོ་གནད་ཐོག་ངོ་སྤྲོད་བྱས་ལ།  མཚོ་བྱང་གི་གསར་བརྗེའི་སློབ་གསོ་འཕེལ་རྒྱས་ཐད་ཀྱི་ལེགས་ཆ་ངོ་སྤྲོད་བྱས་ནས་སྔར་བས་འཕེལ་རྒྱས་ཀྱི་མཉམ་ལས་བྱེད་པའི་བསམ་འདུན་བཤད། མཚོ་བྱང་གི་འཕེལ་རྒྱས་དེ་ཧྲན་ཏུང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་། ཧྲན་ཏུང་མི་དམངས་ཀྱི་བརྩེ་སེམས་ཆེན་པོའི་རོགས་སྐྱོར་དང་ཁ་འབྲལ་ཐབས་མེད་ཅིང་། ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་བརྗེ་རེས་མཉམ་ལས་དང་ཁ་གཏད་རོགས་སྐྱོར་བྱ་བར་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ཆབས་ཅིག“ཧྲན་ཏུང་གི་མི་འབུམ་གཉིས་ཀྱིས་མཚོ་བྱང་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་བསྟུད་མར་སྐབས་གསུམ་ལ་སྤེལ་བས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས“ཧྲན་ཏུང་དང་མཚོ་སྔོན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི”ངོས་འཛིན་གཅིག་མཐུན་དེ་ག་ས་གང་དུ་ཁྱབ་ཡོད་ལ། ཕྱོགས་གཉིས་ལ་རྨ་ཆུའི་སྐྱེ་ཁམས་སྲུང་སྐྱོབ་དང་ཡུལ་སྐོར་རིག་གནས་འཕེལ་རྒྱས། ལྗང་མདོག་སྐྱེ་ཁམས་ཐོན་ལས་མཉམ་ལས། ཁྲོམ་རའི་རྒྱུ་རྐྱེན་གཙོ་བོ་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་མཉམ་ལས་ཀྱི་བར་མཐོངས་ཧ་ཅང་ཆེན་པོ་ལྡན་ཡོད། ཧྲན་ཏུང་གི་ཡུལ་སྐོར་བ་མཚོ་བྱང་དུ་ཡོང་ནས་དེ་སྔའི་ཐོན་ཁུངས་གསར་པ་དང་ལམ་ཐིག་གསར་པ། ཉམས་སྣང་གསར་པ།  ཉམས་འགྱུར་གསར་པ་བཅས་ལ་མྱོང་ཚོར་ཐུབ་ནས་ཧྲན་ཏུང་དང་མཚོ་སྔོན་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་མཚོ་བྱང་གིས་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་རོགས་བྱ་དགོས་པར་བཤད།

ཐའོ་ཞིན་ཁྲིན་གྱིས་ཤིས་ཚིག་ཕུལ་སྐབས་མཚོ་བྱང་ཁུལ་ནི་མཚོ་སྔོན་ཞིང་ཆེན་གྱི་ཡུལ་སྐོར་བྱ་ཡུལ་གལ་ཆེན་ཞིག་ཡིན་པ་དང་། མཚོ་བྱང་གི་མཛེས་ལྗོངས་ནི་ཡིད་དུ་འོང་ཞིང་ལྟ་ན་སྡུག་པས་ལྷ་ཡུལ་ཁམས་དང་གཉིས་སུ་མ་མཆིས། ཆིང་ཏའོ་དང་མཚོ་བྱང་ཁུལ་གཉིས་ཀ་རྨ་ཆུའི་འབབ་རྒྱུད་ཀྱི་གྲོང་ཁྱེར་ཡིན་པ་དང་ས་ཁོངས་མཉམ་ལས་ཀྱི་ཆས་རྟགས་གལ་ཆེན་ཞིག་ཡིན་པའི་ངོས་ནས“རྨ་ཆུ་བརྒྱུད་ནས་མཚོ་ལ་ལྟ་བས”ས་གནས་གཉིས་ཀྱི་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་གཏོང་བའི་རྒྱལ་ཁབ་ཀྱི་འཐབ་ཇུས་གཏིང་ཟབ་དང་ཏན་ཏིག་ངང་ལག་ལེན་བྱེད་རྒྱུར་སྐུལ་འདེད་གཏོང་བ་དང་། མ་འོངས་པར་ཆིང་ཏའོ་ཡིས་མཚོ་བྱང་ཁུལ་དང་མཉམ་དུ་ཕྱོགས་ཡོངས་ནས་ཐོན་ལས་མཉམ་ལས་དང་འགྲུལ་ཁུངས་ཕན་ཚུན་སྐྱེལ་འདྲེན། ཆས་རྟགས་མཉམ་གཏོད་བཅས་བྱས་ཏེ་ས་ཁུལ་གཉིས་ཀྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཐུན་མོང་ཐོག་རྨ་ཆུ་འབབ་རྒྱུད་ཀྱི་གྲོང་ཁྱེར་འཕེལ་རྒྱས་ཀྱི་དཔེ་མཚོན་གསར་པ་གཏོད་རྒྱུ་ཡིན་པར་བསྟན།

རྨ་ཆུ་སྔོན་མོ་མཉམ་འཐུང་བྱས་ནས་ཧྲན་ཏུང་མཚོ་སྔོན་ཁྱིམ་ཚང་གཅིག་ལྟར་བརྩེ། མཚོ་སྔོན་ནི་ཆུའི་མགོ་ཁུངས་ཡིན་པ་ནས་ཧྲན་ཏུང་དུ་རྒྱ་མཚོར་འབབ་པའི་རྨ་ཆུས་ཧྲན་ཏུང་དང་མཚོ་སྔོན་ཞིང་ཆེན་གཉིས་ལ་རང་བྱུང་གི་མཛའ་གྲོགས་སྦྲེལ་ཟམ་བསྐྲུན་ཡོད་ལ། མཚོ་བྱང་ཁུལ་གྱིས་ཁྱད་ལྡན་མི་རིགས་གླུ་གར་འཁྲབ་སྟོན་དང་གཟུགས་འདས་རིག་གནས་ཤུལ་བཞག་འགྲེམས་སྟོན། རིག་གནས་གསར་གཏོད་ཐོན་རྫས་འགྲེམས་ཚོང་བཅས་བྱས་ནས་ཆིང་ཏའོ་གྲོང་ཁྱེར་མི་དམངས་ཀྱིས་མཚོ་བྱང་གི་དམངས་སྲོལ་གོམས་གཤིས་དང་ལྷག་པར་དུ་སྐམས་ཤ་དང་། ས་མཐོའི་སྦྲང་རྩི། སི་སྐུད་ཐང་ག་སོགས་མཚོ་བྱང་གི་གྲགས་ཅན་ཐོན་རྫས200ལྷག་ཙམ་ལ་རྒྱུས་ལོན་བྱས་ཤིང་གྲོང་མི་ཚོས་ཧ་ཅང་དགའ་བསུ་བྱེད་ཀྱིན་ཡོད། ཐེངས་འདིའི་བྱེད་སྒོས་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ལ་སྦྲེལ་མཐུད་ཀྱི་སྟེགས་བུ་ཡག་པོ་ཞིག་བཏོད་པ་དང་། གོམ་སྟབས་རྗེས་མར་ས་གནས་གཉིས་ཀྱི་ཡུལ་སྐོར་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ་དང་རིག་གནས་ཡུལ་སྐོར་ཁྲོམ་ར་གཏོད་པ། རིག་གནས་ཡུལ་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བ། རིག་གནས་ཡུལ་སྐོར་ཐོན་ཁུངས་དྲིལ་སྒྲོག་དང་ཐོན་རྫས་གསར་གཏོད། འགྲུལ་ཁུངས་ཕན་ཚུན་སྐྱེལ་འདྲེན། ཁྲོམ་རའི་བྲིན་ཚོང་སོགས་ཐད་མཉམ་ལས་བྱ་རྒྱུར་རྨང་གཞི་བརྟན་པོ་ཞིག་བཏིངས་ཡོད།

ཧྲན་ཏུང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན་གྱི་རིམ་པ་གཉིས་པའི་སྐོར་ཞིབ་པ་ཧྥུའུ་ཅུན་ཧའེ་དང་། མཚོ་བྱང་ཁུལ་གྱི་མགོ་ཁྲིད་སུང་ཞུག་ཙུང་། སངས་འབུམ། ཚོ་ཅི་ཆང་། ཆིང་ཏའོ་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། ཧྲན་ཏུང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིན། དེ་བཞིན་མཚོ་བྱང་དང་ཆིང་ཏའོ་ས་གནས་གཉིས་ཀྱི་རིག་གནས་ཡུལ་སྐོར་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བ་དང་དེ་བཞིན་རིག་གནས་ཡུལ་སྐོར་ཐོན་ལས་མཐུན་ཚོགས་དང་ཡུལ་སྐོར་ལས་དོན་ཁང་། གཙོ་གནད་རིག་གནས་ཡུལ་སྐོར་ཁེ་ལས་བཅས་ཀྱི་འཐུས་མི་བཅས་ཁྱོན་མི400ལྷག་ཙམ་བྱེད་སྒོར་ཞུགས།     

བྱེད་སྒོ་མཇུག་སྒྲིལ་རྗེས། ཤ་བོ་སྐྱབས་ཀྱིས་ཆིང་ཏའོ་གྲོང་ཁྱེར་གྱི་གྲོང་གཙོ་གཞོན་པ་ཀྲའོ་ཡན་དང་གྲོང་ཁྱེར་རིག་གནས་ཡུལ་སྐོར་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཐུག་འཕྲད་བྱས་ནས། མ་འོངས་པའི་རིག་གནས་ཡུལ་སྐོར་སོགས་ཐོན་ལས་མཉམ་ལས་ཐད་བརྗེ་རེས་གཏིང་ཟབ་བྱས་པར་མ་ཟད་ཆིང་ཏའོ་གྲོང་ཁྱེར་གྱི་ཏང་ཡོན་མགོ་ཁྲིད་ལས་བྱེད་པ་མཚོ་བྱང་དུ་ཡོང་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་རྒྱལ་སྲུང་སློབ་གསོ། གསར་བརྗེའི་སློབ་གསོ་བཅས་དང་ལེན་བྱེད་པའི་གདན་ཞུ་བྱས།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号