ཏེན་ཞུའེ་ཞང་གིས་ཧི་ནན་དང་ཅང་སུའུ་རུ་རྟོག་ཞིབ་བྱས།

ཟླ10པའི་ཚེས14ནས་ཚེས17ཉིན་བར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏེན་ཞུའེ་ཞང་གིས་ཧི་ནན་དང་ཅང་སུའུ་རུ་དཔལ་འབྱོར་འཁོར་སྐྱོད་དང་།    ཚན་རྩལ་གསར་གཏོད།    ཐོན་ལས་འཕེལ་རྒྱས་བཅས་ལ་རྟོག་ཞིབ་བྱས།     ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གནང་བའི་མིག་སྔའི་དཔལ་འབྱོར་གནས་བབ་དང་དཔལ་འབྱོར་བྱ་བའི་སྐོར་གྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་བྱས་ཏེ་དེར་གོ་བ་གཏིང་ཟབ་ལེན་པ་དང་།    ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ།    གསོག་འབོར་སྲིད་ཇུས་དང་འཕར་འབོར་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་ཤུགས་ཆེན་བྱེད་པ།    དཔལ་འབྱོར་རྒྱུན་མཐུད་ངང་བསྐྱར་འཕར་དང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཧུར་ཐག་གིས་ལོ་ཧྲིལ་པོའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱ་དགོས།

ཧི་ནན་ཀྲིན་ཀྲོའུ་རུ་ཏེན་ཞུའེ་ཞང་ཀྲུང་ཡོན་ཚན་རྩལ་མཁར་དང་།    ཧི་ནན་ཞིང་ཆེན་ཞིང་ལས་ཚན་རིག་གླིང་།    ཀྲིན་ཀྲོའུ་སློབ་ཆེན་བཅས་སུ་བསྐྱོད་དེ་ཚན་རྩལ་གསར་གཏོད་ཁྱུ་ཚོགས་འཛུགས་སྐྲུན་དང་།    ཞིང་ལས་ཚན་རྩལ་གྱི་འདེགས་སྐྱོར་ལ་ཤུགས་སྣོན།    “གཙོ་གནད་གཉིས”ཀྱི་ལས་གཞི་འཛུགས་སྐྲུན་བཅས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།     ཀྲིན་ཀྲོའུ་སོལ་གཏེར་འཕྲུལ་ཆས་སྡེ་ཚོགས་དང་ཚད་བརྒལ་འདུས་འགྱུར་གཞི་གྲངས་ལག་རྩལ་ཚད་ཡོད་ཀུང་སིར་བསྐྱོད་དེ་བཟོ་སྐྲུན་ལས་རིགས་ཀྱི་ཚུལ་སྒྱུར་རིམ་སྤོར་དང་གཞི་གྲངས་དཔལ་འབྱོར་འཕེལ་རྒྱས་ལ་རྒྱུས་ལོན་བྱས།  ཏེན་ཞུའེ་ཞང་གིས་བསྟན་དོན། སྤུས་ཚད་མཐོན་པོས“གལ་ཆེན་གཉིས”ཀྱི་ལས་གཞི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།“དངུལ་གཏོང”དང“རིག་གནས་འཛུགས་སྐྲུན”ལ་སྤྱི་འདོམས་བྱས་ཏེ། སྟོབས་ཤུགས་གཅིག་སྡུད་ཀྱིས་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་དགོས་མཁོ་དང་འཚམ་པའི་དོན་ཆེན་ཁག་ཅིག་ཡག་པོར་སྒྲུབ་དགོས།   “གསར་པ་གཉིས”ཀྱི་སྲིད་ཇུས་དོན་འཁྱོལ་ཞིབ་ཕྲ་བྱས་ནས་དངུལ་གཏོང་དང་འཛད་སྤྱོད་བརྟན་པོའི་ངང་འཕར་རྒྱུར་སྐུལ་འདེད་གཏོང་དགོས།     རང་བདག་གསར་གཏོད་ལ་བརྟེན་ནས་དངོས་ཕུང་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་།    གཞི་གྲངས་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་ཇེ་ལེགས་སུ་གཏོང་བ།    ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་བཅས་བྱེད་དགོས།     ཏེན་ཞུའེ་ཞང་གིས་ད་དུང་ཁང་བ་དུས་ལྟར་སྤྲོད་པར་ཁག་ཐེག་བྱེད་པའི་ལས་གཞིའི་ཡུལ་དངོས་ཀྱི་འཛུགས་སྐྲུན་ལ་རྟོག་ཞིབ་བྱས་པ་དང་། ནོར་ཁྲལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ས་ཁང་བདག་ཁོངས་ཁྲོམ་རའི་རིན་ཇེ་བརྟན་དུ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན།

ཅང་སུའུ་སུའུ་ཀྲོའུ་དང་ཅང་དབྱིན་དུ་ཏེན་ཞུའེ་ཞང་གིས་སུའུ་ཀྲོའུ་བཟོ་ལས་གླིང་དུ་བསྐྱོད་དེ་གླིང་ཁུལ་གསར་སྤེལ་འཛུགས་སྐྲུན་དང་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་མཛད་པ་དང་།    པོ་ཧྲི་རླངས་འཁོར་ལྷུ་ལག་ཚད་ཡོད་ཀུང་སི་དང་ཀྲུང་ཞིན་ཚེ་སྲོག་ཚན་རིག་ཞིབ་འཇུག་ཁང་དུ་ཕྱི་རྒྱལ་གྱི་མ་དངུལ་ནང་འདྲེན་དང་མཉམ་ལས་གསར་གཏོད་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།     ཅང་སུའུ་ཁྲང་ཏན་ཚན་རྩལ་མ་རྐང་ཚད་ཡོད་ཀུང་སིར་ཕེབས་ནས་འདུས་གྲུབ་གློག་ལམ་གྱི་ཐོན་ལས་འཕེལ་རྒྱས་གཏོང་ཚུལ་ལ་རྒྱུས་ལོན་བྱས། ཅང་དབྱིན་ལས་རིགས་ལག་རྩལ་སློབ་གླིང་དུ་བསྐྱོད་ནས་ལས་རིགས་སློབ་གསོའི་ཐོན་སློབ་མཉམ་འདྲེས་བྱ་བར་རྟོག་ཞིབ་བྱས། ཏེན་ཞུའེ་ཞང་གིས་ནན་གྱིས་བསྟན་དོན། ནུས་ཤུགས་ཡོད་རྒུས་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་བཏང་སྟེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།     ལྡོག་པའི་འཁོར་ཡུན་གྱི་སྙོམས་སྒྲིག་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    ས་གནས་སྲིད་གཞུང་གི་ཆེད་དམིགས་བུན་འཛིན་བེད་སྤྱོད་གང་ལེགས་དང་འདང་ངེས་བྱས་ཏེ།    སྲིད་གཞུང་གི་མ་དངུལ་གཏོང་བའི་སྐུལ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱ་དགོས། དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་གཏོང་བ་དང་།    དམངས་ཁྲོད་ཀྱི་དངུལ་འཇོག་བར་སྟོང་སྔར་ལས་ཆེ་བ་དང་རྒྱ་སྐྱེད་གཏོང་བར་ཤུགས་སྣོན་དགོས།     ཕྱི་རྒྱལ་གྱི་ཚོང་པས་མ་དངུལ་གཏོང་བའི་ཞབས་ཞུར་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་།    ཕྱི་རྒྱལ་གྱིས་མ་དངུལ་བཞག་པའི་ཁེ་ལས་སྔར་ལས་མང་པོ་དངུལ་འཇོག་ལས་གཏོད་དང་ཐུན་མོང་ཐོག་འཕེལ་རྒྱས་ཡོང་བར་བྱེད་དགོས།

རྟོག་ཞིབ་བྱེད་པའི་ཁྲོད། ཏེན་ཞུའེ་ཞང་གིས་འབྲེལ་ཡོད་སྡེ་ཁག་ལ་རྒྱུ་རྐྱེན་གཙོ་བོའི་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། དཔལ་འབྱོར་ཞིང་ཆེན་ཆེན་པོས་འགན་གཙོ་བོ་འཁུར་རྒྱུར་རྒྱབ་སྐྱོར་བྱས་ནས་སྐུལ་ཁྲིད་དང་གདུང་འདེགས་ཀྱི་ནུས་པ་སྔར་ལས་ལེགས་པའི་སྒོ་ནས་འདོན་སྤེལ་བྱས་ཏེ། རྒྱལ་ཡོངས་ཀྱི་དཔལ་འབྱོར་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་སུ་འགྲོ་ཆེད་བྱས་རྗེས་སྔར་ལས་ཆེན་པོ་འཇོག་དགོས་པའི་བླང་བྱ་བཏོན།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号