ལིས་ཆང་གིས་ཨུ་རུ་སིའི་ཙུང་ལི་ལ་མཇལ་འཕྲད་གནང་།

ས་གནས་དེ་གའི་དུས་ཚོད་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་དབྱི་སི་ལན་པའོ་རུ་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཁོངས་གཏོགས་རྒྱལ་ཁབ་སྲིད་གཞུང་གི་འགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུ་ཐེངས་ཉེར་གསུམ་པར་ཞུགས་སྐབས་ཨུ་རུ་སིའི་ཙུང་ལི་སྨི་ཧྲུའུ་སི་ཅིང་ལ་མཇལ་འཕྲད་གནང་།

ལིས་ཆང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་ཕུའུ་ཅིང་གི་འཐབ་ཇུས་སྣེ་ཁྲིད་འོག་ཀྲུང་ཨུའི་འབྲེལ་བས་ཆུ་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རུ་སི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་འཛིན་གྱི་ཐུན་མོང་ངོས་འཛིན་གལ་ཆེན་སྔར་ལས་དོན་འཁྱོལ་བྱས་ཏེ་འཐབ་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་པ་དང་། ཚོང་དོན་དང་། ནུས་ཁུངས། བཟོ་སྐྲུན་ལས་རིགས། གཞི་གྲངས་དཔལ་འབྱོར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཆེར་བཏང་ནས་རྒྱལ་ཁབ་གཉིས་ཀྱིས་རང་སོ་སོའི་འཕེལ་རྒྱས་དར་རྒྱས་མངོན་འགྱུར་བྱེད་པ་དང་། འཛམ་གླིང་གི་དར་རྒྱས་དང་བརྟན་བརླིང་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་འདོད་ཡོད། ཕྱོགས་གཉིས་ཀྱིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་སྔར་ལས་མཐུན་སྒྲིལ་ཡར་བརྩོན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། རྩ་འཛུགས་ལ་སྔར་ལས་གསོན་ཤུགས་ལྡན་པ། མཉམ་ལས་སྔར་ལས་དངོས་སྒྲུབ་ཡིན་པ། གྲུབ་འབྲས་སྔར་ལས་ཡོངས་ཁྱབ་ཡིན་པ་བཅས་ལ་སྐུལ་འདེད་གཏོང་དགོས།

སྨི་ཧྲུའུ་སི་ཅིང་གིས་བསྟན་དོན། ཨུ་རུ་སི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་འགོ་དེ་ཡོ་རོབ་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་འབྲེལ་དང་སྦྲེལ་མཐུད་བྱ་རྒྱུར་ཤུགས་སྣོན་པ་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号