ཆོས་དབྱིངས་སྐྱིད་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོ་མཚོ་ཆུང་སྡེ་བར་འཚམས་འདྲིར་བསྐྱོད་པ།

ཟླ10པའི་ཚེས17ཉིན་གྱི་སྔ་དྲོར། 2012ལོའི་ལོན་ཏོན་ཨོ་རྩལ་འགྲན་ཚོགས་དང2023ལོའི་ཧང་ཀྲོའུ་ཡ་རྩལ་འགྲན་ཚོགས་གཉིས་ཀྱི་ཨང་དང་པོ་ཐོབ་མཁན་ཆོས་དབྱིངས་སྐྱིད་མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོ་དང་། མཚོ་ཆུང་སྡེ་བའི་ཨུ་ལྷན་གཉིས་ཀྱི་ཁོངས་མི། མཚོ་བྱང་འབྱུང་བདེ་སྤྱི་གཉེར་ཁང་གི་འགན་འཁུར་བ་བཅས་ཀྱི་འགྲོ་རོགས་འོག་ཝ་མགྱོགས་ཡུལ་ཚོ་མཚོ་ཆུང་སྡེ་བར་འཚམས་འདྲིར་བསྐྱོད་དེ་ཕ་ཡུལ་གྱི་མགྲིན་ཚབ་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཕ་ཡུལ་མི་དམངས་ལ་དྲིན་ལན་འཇལ་བ་དང་གྲོང་གསེབ་དར་སྤེལ་གཏོང་བར་ནུས་ཤུགས་བཏོན།

ཆོས་དབྱིངས་སྐྱིད་ཀྱིས་ཞུམ་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རང་ཉིད་ཐོལ་བརྒལ་བྱས་ཏེ་ལུས་རྩལ་འགྲན་བསྡུར་གྱི་ཡང་རྩེར་འཛེགས་ནས་སེམས་འགུལ་ཐེབས་པའི་གཏམ་རྒྱུད་མང་པོ་བསྐྲུན་ཏེ་ཝ་མགྱོགས་ཡུལ་ཚོའི་དུས་རབས་གསར་པའི་ན་གཞོན་ཚོའི་མིག་དཔེར་གྱུར་ཡོད། ཝ་མགྱོགས་ཡུལ་ཚོ་ཏང་ཨུའི་མགོ་ཁྲིད་གཙོ་བོས་ཆོས་དབྱིངས་སྐྱིད་ལ“དུས་རབས་གསར་པའི་ཕུལ་བྱུང་གཞོན་ནུ་གདོང་ལེན་པའི”གཟི་བརྗིད་དཔང་ཡིག་བསྩལ་ནས་སྙིང་རུས་ཆེན་པོས་འབད་འཐབ་དང་དཔའ་ངར་ཆེན་པོས་ཡང་རྩེར་འཛེགས་པའི་སྙིང་སྟོབས་མུ་མཐུད་རྒྱུན་འཁྱོངས་བྱས་ཏེ་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ནང་སླར་ཡང་གྲུབ་འབྲས་བཟང་པོ་དང་གཟི་བརྗིད་མཚན་སྙན་བླངས་ནས་ཝ་མགྱོགས་ཡུལ་ཚོའི་རྒྱ་ཆེའི་གཞོན་ནུ་ཚོར་སྣེ་ཁྲིད་བྱ་རྒྱུའི་རེ་བ་ཡོད་པར་བཤད།

ཆོས་དབྱིངས་སྐྱིད་ཀྱིས་མཚོ་ཆུང་སྡེ་བའི་མང་ཚོགས་ལ་འཚམས་འདྲིའི་དངུལ་དང་ཕྱེ། འབྲས། བཟའ་སྣུམ་སོགས་འཚོ་བའི་མཁོ་ཆས་བསྐྱལ་ནས་མང་ཚོགས་དང་བྱམས་བརྩེའི་ངང་གླེང་མོལ་བྱས་ཤིང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་གནས་ཚུལ་སྐོར་གྱི་རྒྱུས་ལོན་བྱས་ཏེ་ཁོ་ཚོར་མཐུན་སྒྲིལ་མཛའ་བརྩེ་དང་འབད་འབུངས་ཡར་བརྩོན་གྱི་སྙིང་སྟོབས་བརྒྱུད་སྤྲོད་བྱས། ཆོས་དབྱིངས་སྐྱིད་ཀྱིས་ཕ་ཡུལ་མི་དམངས་ཀྱི་རྒྱབ་སྐྱོར་དང་རེ་བ་ནི་ངས་འགྲན་རའི་ཐོག་འབད་བརྩོན་ཧུར་ཐག་བྱེད་པའི་སྒུལ་ཤུགས་སུ་གྱུར་ཡོད་པས་རང་ཉིད་ཀྱི་ནུས་ཤུགས་ཕྲན་བུ་བཏོན་ནས་ཕ་ཡུལ་མི་དམངས་ལ་དྲིན་ལན་འཇལ་རྒྱུ་ཡིན་ཟེར།

ཆོས་དབྱིངས་སྐྱིད་ནི་ཨོ་རྩལ་འགྲན་ཚོགས་ཀྱི་གསེར་གྱི་རྟགས་མ་ཐོབ་པའི་བོད་རིགས་ལུས་རྩལ་པ་ཐོག་མ་ཡིན་ཞིང་ཝ་མགྱོགས་ཡུལ་ཚོ་མཚོ་ཆུང་སྡེ་བ་ནས་འཚར་ལོངས་བྱུང་བའི་རྩྭ་ཐང་གི་བུ་མོ་ཞིག་ཡིན་པའི་་ནས་རྩྭ་ཐང་ནས་འཛམ་གླིང་དང་རྒྱལ་སྤྱིའི་འགྲན་རར་བསྐྱོད་ཡོད་ཅིང་། ད་ལྟ་མཚན་སྙན་དང་གཟི་བརྗིད་བསྣམས་ནས་ཕྱིར་ཕ་ཡུལ་དུ་ལོག་སྟེ་ངེས་པ་དོན་གྱིས་ཡུལ་མི་ཚོའི་དཀའ་ངལ་ཐག་གཅོད་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་མི་དམངས་ཀྱི་རྒྱབ་སྐྱོར་ལ་དྲིན་ལན་འཇལ་བ་དང་ཕ་ཡུལ་གྱི་བྱ་གཞག་སོ་སོ་འཕེལ་རྒྱས་འགྲོ་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད།

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号