ཤ་བོ་སྐྱབས་ཀྱིས་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་ནུས་རྒྱུ་གསར་པའི་མ་རྐང་ཚོད་འཛིན་ཚད་ཡོད་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་གཞོན་པ་ཏིང་ཡེ་ལེའང་འཁོར་དང་བཅས་པར་བཞུགས་མོལ་བརྗེ་རེས་གནང་པ།

ཟླ10པའི་ཚེས18ཉིན།  ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་ནུས་རྒྱུ་གསར་པའི་མ་རྐང་ཚོད་འཛིན་སྤྱི་གཉེར་ཁང་གི་སྤྱི་གཉེར་བ་གཞོན་པ་ཏིང་ཡེ་ལེའང་འཁོར་དང་བཅས་པར་ཐུག་འཕྲད་གནང་བར་མ་ཟད། མ་འོངས་པའི་ནུས་རྒྱུ་གསར་པའི་མཉམ་ལས་དང་གསར་སྤེལ་སོགས་ཀྱི་བྱ་བའི་ཐད་བཞུགས་མོལ་བརྗེ་རེས་གནང་།

ཤ་བོ་སྐྱབས་ཀྱིས་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་སྤྱི་གཉེར་ཁང་གིས་དུས་ཡུན་རིང་པོའི་ནང་མཚོ་བྱང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རྒྱབ་སྐྱོར་ཤུགས་ཆེན་བྱས་པར་ཐུགས་རྗེ་ཆེ་ཞུས། ཁོང་གིས་ཉེ་བའི་ལོ་ཤས་རིང་མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་ཆན་ཝ་ཁྲི་སྟོང་རིམ་པའི་ནུས་རྒྱུ་གཙང་མའི་རྟེན་གཞི་གསུམ་པ་བསྐྲུན་རྒྱུའི་དམིགས་ཚད་ལ་དམིགས་ཏེ་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་དེ་ཁུལ་ཡོངས་ཀྱི་ཐོན་ལས་བཀོད་སྒྲིག་ནང་བཅུག་ནས་ནུས་མཐོ་དང་དྭངས་གཙང་། ཐཱན་ཉུང་། འཁོར་རྒྱུག་བཅས་ཀྱི་ལྗང་མདོག་ཐོན་ལས་མ་ལག་ཅིག་མགྱོགས་མྱུར་བསྐྲུན་དགོས། 2019ལོར་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་སྤྱི་གཉེར་ཁང་གིས་མ་དངུལ་སྒོར་དུང་ཕྱུར9བཏང་ནས་མདའ་བཞི་རྫོང་སྨོན་ལམ་མཐོན་པོ་རུ་སྔ་རྗེས་སུ་ཆན་ཝ་ཁྲི10ཡི་གཅིག་སྡུད་རྣམ་པའི་རླུང་གློག་དང་ཆན་ཝ་ཁྲི2ཀྱི་ཁ་ཐོར་རླུང་གློག་ལས་གཞི་བསྐྲུན་ནས་ཕྱོགས་གཉིས་ཀྱི་མཉམ་ལས་ལ་རྨང་གཞི་བཟང་པོ་བཏིངས་ཡོད། མཚོ་བྱང་ཁུལ་གྱིས་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་སྤྱི་གཉེར་ཁང་གིས་རྐང་ཚ་རྫོང་དུ་ཆན་ཝ་ཁྲི1500ཟིན་པའི་རླུང་གློག་རྟེན་གཞི་དང་འཇུ་ལག་རྫོང་འོད་དྲོད་དྭངས་གཙང་རླངས་འདོན་དཔེ་སྟོན་བཟོ་སྐྲུན་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་ནས་མཉམ་ལས་ཀྱི་བར་མཐོངས་མུ་མཐུད་དུ་རྒྱ་ཆེར་གཏོང་བ་དང་། ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་སྤྱི་གཉེར་ཁང་གིས་ཀྲུང་དབྱང་ཁེ་ལས་ཀྱི་ལེགས་ཆ་མུ་མཐུད་འདོན་སྤེལ་བྱས་ཏེ་མཚོ་བྱང་འདི་ཉིད་ནུས་རྒྱུ་གསར་པ་གསར་སྤེལ་བྱེད་པའི་གཙོ་གནད་ས་ཁོངས་ཤིག་ཏུ་བརྩིས་ནས་བྱ་བ་སྦྲེལ་མཐུད་དང་ལས་གཞིའི་སྤྱི་ཡོངས་འཆར་འགོད་ཧུར་ཐག་བྱས་ཏེ་བསམ་ཚུལ་ཡག་པོ་དེ་གང་མགྱོགས་ཀྱིས་ལས་གཞི་བཟང་པོར་བསྒྱུར་ནས་མཚོ་བྱང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱེད་པ་དང་མཚོ་བྱང་གིས་ཁེ་ལས་ཀྱི་དགོས་མཁོར་གཞི་ཚུགས་ནས་སྔར་བཞིན་སྤུས་ལེགས་ནུས་མཐོའི་ཞབས་ཞུ་མཁོ་འདོན་བྱས་ཏེ་ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་སྤྱི་གཉེར་ཁང་གིས་མཚོ་བྱང་དུ་དེ་བས་ལེགས་པའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད་པར་བསྟན།

ཏིང་ཡེ་ལེའང་གིས་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་དུས་ཡུན་རིང་པོའི་ནང་ཁེ་ལས་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་ལ། མཚོ་བྱང་གི་ས་བབ་ལེགས་ཆ་མངོན་གསལ་དོད་པ་དང་ཐོན་ཁུངས་ཀྱི་ལེགས་ཆ་བཟང་པ། ཐོན་ལས་ཀྱི་སྒྲིག་བཀོད་ཆ་ཚང་ཡིན་པ། ཚོང་གཉེར་ཁོར་ཡུག་བཟང་བ་བཅས་ཀྱི་ངོས་འཛིན་བྱས་ཤིང་།    ཕྱོགས་གཉིས་ཀྱིས་བརྗེ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་པ་དང་། འཕེལ་རྒྱས་ཀྱི་གོ་སྐབས་དམ་འཛིན་བྱེད་པ། ཁེ་ཕན་གྱི་ཐུན་མོང་གི་ཆ་འཚོལ་བ། མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཕྱོགས་གཉིས་ཀྱི་ལེགས་ཆ་གསབ་རེས་དང་འཕེལ་རྒྱས་མཉམ་རྒྱལ་ཡོང་རྒྱུར་སྐུལ་འདེད་གཏོང་བའི་རེ་བ་ཡོད་པ་དང་། ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་སྤྱི་གཉེར་ཁང་གིས་མ་འཇོག་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་ཏན་ཏན་ཏིག་ཏིག་གི་ལས་གཞི་སྤྱད་དེ་མཚོ་བྱང་གི་ལྗང་མདོག་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་བཏང་སྟེ། མཚོ་བྱང་ཁུལ་གྱི་ནུས་རྒྱུ་གསར་པའི་ཐོན་ལས་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་དེ་བས་ཆེ་བ་དབུལ་རྒྱུ་ཡིན་པར་བཤད།

ཀྲུང་གོའི་ཀོང་ཧོ་ཉིང་རྡུལ་སྡེ་ཚོགས་མཚོ་སྔོན་ཡན་ལག་སྤྱི་གཉེར་ཁང་གི་ཏང་ཀྲི་པུའི་ཧྲུའུ་ཅིའམ་སྤྱི་གཉེར་བ་ཀའོ་ཡུང་དང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་། ཁུལ་དཔོན་གཞོན་པ་ཚོ་ཅི་ཆང་། ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་བཞུགས་མོལ་ཚོགས་འདུར་ཞུགས།


གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号