མཚོ་བྱང་ཁུལ་གྱིས2023ལོའི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་དང་དྲ་རྒྱའི་དཔལ་ཡོན་གཟའ་འཁོར་གྱི་གཅིག་སྡུད་དྲིལ་སྒྲོག་བྱེད་སྒོ་སྐབས་གཉིས་པ་སྤེལ་པ།


     ཟླ9པའི་ཚེས12ཉིན། 2023ལོའི་མཚོ་བྱང་ཁུལ་གྱི་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་གཟའ་འཁོར་དང་མཚོ་བྱང་ཁུལ་གྱི་དྲ་རྒྱའི་དཔལ་ཡོན་གཟའ་འཁོར་སྐབས་གཉིས་པའི་བྱེད་སྒོའི་བཀོད་སྒྲིག་ལྟར། ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་ཨུའི་དྲ་འཕྲིན་གཞུང་ལས་ཁང་སོགས་ལས་ཁུངས13གྱིས་ནུབ་མཚོ་གྲོང་རྡལ་གྱི221ཐང་ཆེན་དུ་གཅིག་སྡུད་དྲིལ་སྒྲོག་བྱེད་སྒོ་སྤེལ་ལ། ཁུལ་ཨུའི་རྒྱུན་ཨུའམ་དྲུང་ཡིག་ཆེན་མོ། གཞུང་ལས་ཁང་གི་ཀྲུའུ་རིན་ཝང་ཡུང་ཁྲང་བྱེད་སྒོར་ཞུགས།

     བྱེད་སྒོ་སྤེལ་བའི་ཡུལ་དངོས་སུ། ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་ཨུའི་དྲ་འཕྲིན་གཞུང་ལས་ཁང་། ཁུལ་སྤྱི་བདེ་ཅུས། ཁུལ་སློབ་གསོ་ཅུས། ཁུལ་བཟོ་འཕྲིན་ཅུས། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས།  ཁུལ་ཨུའི་གསང་གནད་དང་གསང་སྲུང་ཅུས། ཁུལ་སྤྱི་ཁྱབ་བཟོ་ཚོགས། གུང་གཞོན་ཚོགས་པ་ཁུལ་ཨུ། ཁུལ་བུད་མེད་མཉམ་འབྲེལ་ལྷན་ཚོགས། དེ་བཞིན་ཁུལ་ཐད་གཏོགས་དངུལ་རྩའི་ལས་ཁུངས་དང་འཕྲིན་གཏོང་ལས་ཁུངས་སོ་སོའི་ལས་སྒྲུབ་མི་སྣས་དྲིལ་སྒྲོག་འཕྲེད་བྱང་འགེལ་བ་དང་ཚན་རིག་ཁྱབ་གདལ་འགྲེམས་པང་འགྲེམས་སྟོན་བྱེད་པ། དྲིལ་སྒྲོག་ལག་དེབ་སྤྲོད་པ། ཉམས་ལེན་མཉམ་འགུལ། དྲིལ་སྒྲོག་བརྙན་ཐུང་སྟོན་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་དེ་ལས་བྱེད་མང་ཚོགས་ལ་དྲ་རྒྱའི་མགོ་གཡོག་མགོ་སྐོར་དང་གསང་གྲངས་རྐུ་ལེན།  མི་སྒེར་གྱི་ཆ་འཕྲིན་ཕྱིར་ཤོར་བ་སོགས་དྲ་རྒྱའི་བདེ་འཇགས་ཀྱི་ཉེན་ཟོན་རྒྱུན་ཤེས་འགྲེལ་བཤད་བྱས་ཤིང་། 《དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས》དང《གཞི་གྲངས་བདེ་འཇགས་བཅའ་ཁྲིམས》《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་བཅའ་ཁྲིམས》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་སྲིད་ཇུས་ཡིག་ཆ་དྲིལ་སྒྲོག་དང་ཁྱབ་གདལ་དུ་བཏང་སྟེ། ལས་བྱེད་མང་ཚོགས་ཀྱི་དྲ་རྒྱའི་བདེ་འཇགས་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱས་ནས་དྲ་རྒྱའི་བདེ་འཇགས་ཀྱི་གནོད་འཚེ་དབྱེ་འབྱེད་དང་ཉེན་ཟོན་ནུས་ལྡན་བྱས་ཏེ་ཁྲིམས་ལྟར་དྲ་རྒྱར་ཞུགས་པ་དང་། དཔལ་ཡོན་ལྡན་པའི་ངང་དྲ་རྒྱར་ཞུགས་པ། ཡ་རབས་ཚུལ་ལྡན་ངང་དྲ་རྒྱར་ཞུགས་ཏེ་དཀྲོག་གཏམ་མི་བཟོ་བ་དང་དཀྲོག་གཏམ་ལ་ཡིད་ཆེས་མི་བྱེད་པ། དཀྲོག་གཏམ་བརྒྱུད་སྒྲོག་མི་བྱེད་པ་བཅས་ཀྱི་དྲ་རྒྱའི་གོམས་གཤིས་བཟང་པོ་ཞིག་ཆགས་པར་བྱས་ནས་ཐུན་མོང་ཐོག་དྭངས་གཙང་གི་དྲ་རྒྱའི་ཁོར་ཡུག་ཅིག་བསྐྲུན།      

     ནུབ་མཚོ་གྲོང་རྡལ་གྱི་སྡོད་དམངས་སྒྲོལ་མ་མཚོས་དེ་རིང་གི་སྒྲོག་འགྲེལ་ལས་ཚང་མས་དྲ་རྒྱའི་བདེ་འཇགས་ཀྱི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གང་ལེགས་ཐུབ་པ་དང་དྲ་རྒྱའི་མགོ་སྐོར་གྱི་དབྱེ་འབྱེད་ནུས་པ་ཆེ་རུ་ཕྱིན་ཡོད་པས། ངས་སྦྱངས་ཟིན་པའི་དྲ་རྒྱའི་བདེ་འཇགས་དང་དྲ་རྒྱའི་མགོ་སྐོར་སྔོན་འགོག་གི་ཤེས་བྱ་དག་ནང་མི་དང་གྲོགས་པོ་དག་ལ་བཤད་ནས་ཚང་མའི་དྲ་རྒྱའི་བདེ་འཇགས་ཀྱི་འདུ་ཤེས་ཆེ་རུ་གཏོང་རྒྱུ་ཡིན་པར་བཤད།   

     དེ་རིང་གི་དྲིལ་སྒྲོག་བྱེད་སྒོ་སྤེལ་བ་བརྒྱུད། ང་ཚོས་དྲ་རྒྱའི་བདེ་འཇགས་ཀྱི་ཤེས་བྱ་སྔར་ལས་ཤེས་རྟོགས་ཐུབ་པར་བྱས་ཤིང་། དྲ་རྒྱའི་མགོ་སྐོར་ལ་དོགས་ཟོན་བྱེད་པ་དང་། ངོ་མི་ཤེས་པའི་མིས་སྤེལ་བའི་ཆ་འཕྲིན་དང་སྦྲེལ་གནས་ལ་ཡིད་ཆེས་མི་བྱེད་པ། གང་འདོད་དུ་མི་སྒེར་གྱི་ཆ་འཕྲིན་ཕྱིར་ཤོར་དུ་མི་འཇུག་པ་བཅས་བྱེད་དགོས་ཞེས་དྲ་རྒྱའི་བདེ་འཇགས་འགྲེམས་པང་ལ་ལྟ་བཞིན་པའི་མང་ཚོགས་ཀྲའོ་ཡུང་མའེ་ཡིས་དེ་ལྟར་བཤད།    

     བྱེད་སྒོ་སྤེལ་བའི་ཡུལ་དངོས་སུ་ཁྱོན་དྲ་རྒྱའི་བདེ་འཇགས་དྲིལ་སྒྲོག་འགྲེམས་པང30ལྷག་དང་འཕྲེད་བྱང30ལྷག་བཟོས་ཤིང་། དྲིལ་སྒྲོག་ལག་དེབ4000ལྷག་ཙམ་བྱིན་ནས་མི་ཚང་མ་དྲ་རྒྱའི་བདེ་འཇགས་ནང་ཞུགས་པ་དང་མི་ཚང་མར་འགན་ཁུར་ཡོད་པ། མི་ཚང་མས་མཉམ་སྤྱོད་བྱེད་པ་བཅས་ཀྱི་རྣམ་པ་ཟབ་མོ་ཞིག་བཏོད་ཡོད།    

གསར་ཤོས།

སྐད་འཕྲིན་སྤྱི་སྟེགས་ཨང་གྲངས།

微信扫一扫加关注

返回
顶部
移动端 公众号 抖音号 快手号